>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ས་ཡི་སྨན། > > ནང་དོན།

སོ་ཕག་ཁུ་བ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 11:09:35 ཀློག་གྲངས། 13

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སོ་ཕག་ཁུ་བས་གྲེ་བ་སྐམ་པ་སེལ།།ཞེས་རང་བྱུང་ཞབས་ཀྱིས་གསུངས་པ་དདཔག་བསམ་ལྗོན་ཤིང་ལས།སོ་ཕག་མཆིན་པའི་དུག་ནད་སེལ།། གྲེ་བ་སྐམ་པ་རློན་པར་བྱེད།། ཅེས་པ། ལྷ་ཁང་གི་ཆུ་ལེན་རྫ་གྱོ་བྱས་པ་གཡུ་རྩི་ཡོད་མེད་གང་རུང་དམ་རྙེད་ན་རྫ་གསར་ལོངས་མ་སྤྱད་པས་རུང་། ཐང་དུ་བཏང་བས་ཁ་ལྕེ་གྲེ་བ་སྐམ་པ་ལ་ཕན། བསྲོས་པའི་དུགས་ཀྱིས་མ་ཞུ་འཇུ་བར་བྱེད་པ་ཡིན།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། སོ་ཕག་ནི། ས་བཟང་ལས་བཟོས་པའི་ཕག་ལ་སོ་བཏང་བ་བསྲེགས་པ་སྟེ། དེ་ཤིན་ཏུ་རྙིང་པའི་བསྡུས་ཁུས་ཁ་དང་གྲེ་བ་སྐམ་པ་དང་སྐོམ་དད་རྣམས་སེལ་ཞིང་། སོ་ཕག་དེ་མེ་ལ་བསྲོས་པ་ཕོ་བར་བདུགས་ན་མ་ཞུ་བ་ལ་ཕན།
     མཛེས་མཚར་མིག་རྒྱན་ལས། སོ་ཕག་ནི། ལྷ་ཁང་དང་རྒྱལ་ཁབ་ལ་ཁབ་བསྐྲུན་པ་སོགས་ཏེ། ས་བཟང་པོར་བཅོས་ནས་མེའི་ཁུང་དུ་བསྲེགས་པས་མདོག་སྔོན་པོར་གྱུར་པའོ།། དེ་ཡང་རྒྱལ་ཁབ་ཀྱི་ཕྱོགས་མཚམས་ནས་ཤིན་ཏུ་རྙིང་བས་ཆར་གྱི་རྩི་ཡོད་པ་བཟང་། དེའི་ཁུ་བས་གྲེ་སྐམ་སེལ་ཞིང་སོ་མ་བཏང་བའི་ཕེའུའི་དུགས་ཀྱིས་རླུང་ཚད་འཐབ་དུས་རླུང་གསང་ལ་དུགས་ན་ཕན།
     མཛེས་མཚར་མིག་རྒྱན་ལས། སོ་མ་བཏང་བའི་ཕེའུའི་དུགས་ཀྱིས་རླུང་ཚད་འཐབ་དུས་རླུང་གསང་ལ་དུགས་ན་ཕན།

གོང་ངོས། སེ་རུལ།
X