//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་སྦྱོར། > ཕྱེ་མའི་སྦྱོར་བ། > རླུང་ནད་སྨན་སྦྱོར། > ནང་དོན།

སྲོག་རླུང་འཇོམས་རྡོར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-03 9:34:50 ཀློག་གྲངས། 22 

སྦྱོར་སྡེསྲོག་རླུང་འཇོམས་པའི་དཔལ་སྤུངས་ལུགས་ལ་མི་འདུག་ཀྱང་།སྔོན་གྱི་དཔེ་རྙིང་ཀླུ་བདུད་རྡོ་རྗེའི་སྦྱོར་སྡེ་ལས།ཀླུ་བདུད་རྡོ་རྗེ་བྱས་འདུག་པ་འདྲ་ཡང་ཆགས་ལུས་མེད་ན་སྤྱན་བགྲད་མཆེ་གཙིགས་གང་ལས་བྱུང་རྡོ་རྗེ་ནི།།ལི་ཤི་སྤྱན་གསུམ་ཁྲོ་གཉེར་ལྡན།།བདུད་འཇོམས་ནག་པོ་མཆེ་བ་གཙིགས།།ཨ་གར་ནག་པོའི་དབུ་སྐྲ་ལ།།ཛཱ་ཏི་ཐོད་སྐམ་དབུ་རྒྱན་མཛེས།།ཞོ་ཤ་སྙིང་གི་དོ་ཤལ་འཕྱང་།།རུ་རྟ་སྟག་གི་ཤམ་ཐབས་ལ།།གེ་སར་སྦྲུལ་གྱི་སྐེ་རགས་བཅིངས།།སྤོས་དཀར་ཐལ་ཆེན་ཚོམ་བུ་ལ།།ཙནྡ་ཙནྡནརཀྟའི་ཐིག་ལེས་བརྒྱན།།ཅུ་གང་རུས་པའི་རྒྱན་དྲུག་ལ།།ཤུ་དག་དར་ནག་སྟོད་གཡོགས་ཅན།།གི་ཝཾ་གསེར་གྱི་རྡོ་རྗེ་ལ།།ཤང་དྲིལ་དངུལ་གྱི་དྲིལ་བུ་ཅན།།ཤ་ཆེན་བམ་གྱི་རོ་གདན་སྟེང་།།ལན་ཚྭའི་ཉི་མའི་དཀྱིལ་འཁོར་རྒྱས།།སྒ་སྐྱ་གཡས་བསྐུམས་འགྱིང་བ་ལ།།ཚིནྡྷ་ཚིནྡྷེཔི་པི་ལིང་གཡོན་བརྐྱང་གར་གྱིས་རོལ།།ཀ་ར་བུ་རམ་མཆོད་པ་འབུལ།།

སྦྱོར་སྡེདེས་ཀྱང་ཐུབ་པར་མ་གྱུར་ན།།བསམ་གཏན་ཟག་བཅས་ལྡན་པའི་སྙིང་།།བསྲེ་བ་མན་ངག་གདམས་པ་ཡིན།།

ཕན་ནུསསྲོག་རླུང་ཐལ་བ་རྡུལ་དུ་རློག

སྦྱོར་ཁུངསཟིན་ཏིག་མཛེས་རྒྱན་བདུད་རྩི་སྨན་མཛོད་ལས་བཏུས།

X