//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་སྦྱོར། > རིལ་བུའི་སྦྱོར་བ། > རོ་ཙའི་སྨན་སྦྱོར། > ནང་དོན།

རོ་ཙ་ཡོན་ཏན་རྒྱ་མཚོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-02 14:29:04 ཀློག་གྲངས། 58 

སྦྱོར་སྡེདབྱར་རྩྭ་འོད་ལྡན་ད་ལི་ལིསལུག་མུར་སྨན་མཆོག་བཞིའི།།རྟོགས་བརྗོད་འཁྲུངས་དཔེ་རིགས་ལ་སོགས།།རྒྱས་པ་བྱེ་རིལ་རིངགཞུང་ལས་ལོངས།།དོན་བསྡུས་སྦྱོར་བ་འདི་ལྟར་འདོད།།

སྦྱར་ཐབསདབྱར་རྩ་རྩྭདགུན་འབུ་དུས་བརྐོས་ཀྱི།།རྩ་བ་ས་མེད་ཁྲུམ་བརྡུངས་པ།།གཙང་གཡེར་ཞིབ་བཏགས་ཕབས་རྩི་བྲན།།མཆིལ་པའི་ཁོག་པ་བཀང་ལ་བཙོས།།གསེར་མདོག་བཟང་བ་གཅིག་གི་ཕྱེད།།ལུག་གི་འོ་མ་བྲེ་གང་རྣམས།།ལྕགས་སྣོད་ཁུ་བར་རང་ཐིམ་བཙོ།།དེ་ནི་སླར་ཡང་མ་ཚིག་པར།།དལ་བུས་མེ་ཡི་དྲོད་ལ་སྐམ།།བརླན་དང་བྲལ་ནས་ཞིབ་པར་བཏགས།།ཁ་ཚར་བཟང་དྲུག་ཕོ་བ་རིས།།གི་ཝང་དོམ་མཁྲིས་ཆིག་ཐུབ་འབྲུ།།གསང་བ་སྨན་གཅིག་ཐུན་བཟང་རེ།།གངས་སྦལ་བཟང་བོ་རྙེད་ཀྱང་བསྲེ།།ཞིབ་བཏགས་སྦྲང་རྩིའི་རིལ་བུ་ནི།།ལུག་གི་རིལ་མ་ཙམ་དུ་དྲིལ།།ཐོ་རངས་ཨ་རག་གར་ཆང་གཉིས།།གང་འབྱོར་ཀ་ར་སྦྱར་བས་འཕུལ།།ཟླ་གཅིག་བསྟེན་པས་ཆགས་སྤྱོད་དང་།།རྗེན་པ་སྔོ་ངད་རུལ་སུངས་སྤངས།།དཀར་དང་མངར་སོགས་གསར་བཅུད་བསྟེན།།

ཕན་ནུསཕན་ཡོན་བསམ་གྱིས་མི་ཁྱབ་སྟེ།།ཁྱད་པར་རོ་ཙའི་དོན་མཆོག་བྱེད།།ལུས་ཀྱི་ཟུངས་བདུན་རྒྱས་པ་ཡིས།།རིགས་སྤེལ་བཀྲག་མདངས་དབང་གསལ་འགྱུར།།

སྦྱོར་ཁུངསཟིན་ཏིག་མཛེས་རྒྱན་བདུད་རྩི་སྨན་མཛོད་ལས་བཏུས།

གོང་ངོས། སྲོ་མ་སེང་གེ
X