//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་སྦྱོར། > རིལ་བུའི་སྦྱོར་བ། > རོ་ཙའི་སྨན་སྦྱོར། > ནང་དོན།

སྲོ་མ་སེང་གེ

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-02 14:28:06 ཀློག་གྲངས། 18 

སྦྱོར་སྡེརྒྱ་ནག་སྟོང་ཀུན་རྒྱལ་པོའི་ལུགས།། ཐང་ཕྲོམ་སེར་ཙམ་བརྔོས་པ་ཐུན་བཟང་རེ་དཀར་པོའི་མེ་ཏོག་འབྲས།།ཤ་སྦྲང་མིག་པོ་ཆེ་རྒྱ་རྩངས་པ་ཤ་ཀླད་པ་དང་།།བོད་རྩངས་རླུང་འགམ་དེ་ཕོ་བྱ་ཕོ་ཕུག་རོན་མཆིལ་རྒྱ་མཆིལ།།བོད་མཆིལ་ཤ་ཀུན་ཀྱང་གྲི་ཤི་རེད་པ་ལ་སོགས་ཀླད་པ་བསྣན།།བྱ་ཕོའི་ངར་སྒོང་གོ་བོའི་གྲེ།གསེར་མདོག་ཨ་རུ་རྩི་པོ་སྲན་མ་གསུམ་ཙམ་བྱི་བའི་མཇུག ཞུམ་འབྲས་ཕོ་ལི་སྟག་རིས་ཅན་གྱི་མཇུགསུག་སྨེལ་ཐུན་གཅིག་རྒྱ་ཚ་ཐུན་གཉིས་ཛཱ།།ཐུན་གཅིགམཁལ་ཞོ་དཀར་པོ་སྲན་མ་ཙམ་ཤིང་མངར་སྲན་མ་ཙམ་ལྕམ་པའི་འབྲུ་ཐུན་ལོགསྡིག་པ་ཐུན་ལོག་སྨན་སྒ་ཅུང་ཟད་སྐྱེས་པ་དར་མའི་ཐིགལེགཙང་གཡེར་རྡོག་ལྔ་ཐལ་ཀ་ཐལ་ཀ་རྡོ་རྗེ་རྡོག་བདུན་ཚད་ལྡན་སྦྱར།།

སྦྱར་ཐབསརིལ་བུ་ཀ་ར་མཐེབ་ཚིགས་ཙམ་བཅས་རྩི་བཞིན་བཏགས་ལ་རིལ་བུར་དྲིལ་ཞལ་ཤེས་ལྟར་དུ་དྲིལ།།སྨན་རྟ་ཨ་རག་བཟང་པོའམ།།འོ་དྲོན་གྱིས་འཕུལ་ཕུལཕན་ཡོན་ནི།།

ཕན་ནུསམདངས་གསལ་ལུས་ཟུངས་ཆེར་བསྐྱེད་ཅིང་།།ཚེ་རིང་སྐྲ་དཀར་གཉེར་མ་མེད།།རྒས་ཀྱང་གཞོན་ནུ་ལྟ་བུར་འགྱུར།།བཅུད་ལེན་རོ་ཙའི་རྒྱལ་པོ་སྟེ།།ཆུ་ལྷའི་ལྕེས་ཀྱང་བརྗོད་ནུས་མིན།།

སྦྱོར་ཁུངསཟིན་ཏིག་མཛེས་རྒྱན་བདུད་རྩི་སྨན་མཛོད་ལས་བཏུས།

X