//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་སྦྱོར། > རིལ་བུའི་སྦྱོར་བ། > ཚ་བ་གཉན་རིམས་ཀྱི་སྨན་སྦྱོར། > ནང་དོན།

ཟུར་མཁར་པ་ཡི་སྤྲུ་ནག་སྔོ་རིལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-02-02 10:56:18 ཀློག་གྲངས། 8 

སྦྱོར་སྡེསྤྲུ་ནག གླ་རྩ། མུ་ཟི་སེར།གུ་གུལ། ཤུ་དག སྨན་ཆེན་དང་།ཨ་བྱག ཐར་ནུ། ཨ་རུ་ར།ལྡོང་རོས། མཚུར་སེར། ཡུང་བ་རྣམས།བྲག་ཞུན་ཆུ་ཡིས་འདམ་འཐག་བྱ།།རྩ་བའི་སྨན་སྣ་བཅུ་གསུམ་ཡིན།།དེ་ལ་ཁ་ཚར་བཏབ་པ་ནི།།གི་ཝང་། ཁ་ཆེ། སྒོག་གཅིགཤིང་ཀུན། ཚ་ལ། མུ་ཟི་ནགབྲག་ཞུན་ཆུ་ཡིས་འདམ་འཐག་བྱ།།གསང་སྨན་སྔོ་ལྕགས་ཀྱུ།སྤང་སྤོས།ཤུག་ཚེར་གསུམ་སྦྱར་ཚད་ཞལ་ལས་ཤེས།།སྤྲུ་ནག་རྩ་བའི་སྨན་བཅུ་གསུམ་ཆ་མཉམ་དེས་སྨན་གཅིག་ཉིས་འགྱུར་ཡོང་བ་ཁ་ཚར་རྣམས་ཅུང་ཟད་བཏབ།བྲག་ཞུན་ཆུས་འདམ་འཐག་བྱ།

སྦྱར་ཐབསརིལ་བུ་བྲ་རིལ་ཙམ་བཏང་ཚད་ཉེར་ལྔ་སོགས།།ཆུ་གྲང་གིས་འཕུལ་རྒན་གཞོན་འཕུལ།།གློ་བུར་དྲག་པོའི་ནད་དག་ལ།།སུམ་ཅུ་རྩ་ལྔ་ཙམ་རེ་བཏང་།།རྟ་ལ་བདུན་རེ་ཟན་བསྟུམས་བཏུམསབྱིན།།ཞེས་སོ།།

ཕན་ནུསརིལ་བུར་བྱས་པའི་ཕན་ཡོན་གྱིས།།གཉན་ལྷོག་གག་ལྷོག་རྨ་རྙིང་སྐྲང་།།ཚད་པ་གཉན་གཟེར་འཁྲུགས་གཟེར་དང་།།སྟོད་གཟེར་སྟོད་འཚང་ཚད་གཟེར་དང་།།གཉན་ཚད་ཁྲག་དང་མཁྲིས་པ་དང་།།སྦོས་དང་མ་ཞུ་གླང་ཐབས་དང་།།སྐྱུགས་འཁྲུ་ཉྭ་ལྡོག་ལོགགློ་བུར་འཁྲུ།།འཛུམ་བུ་ལྟག་གྱེར་དགྱེའབྲུམ་ནག་དང་།།ཐོར་རིགས་དམར་བཤལ་ལུད་པ་དམར།།སེར་དང་དུད་ཁུ་ཡོང་བ་དང་།།རྒྱུན་སྐྱུགས་འགྲིལ་དང་སྤྱིར་དུག་ནད།།ནད་རིགས་ཀུན་ལ་སྨན་པ་ཡིན།།

སྦྱོར་ཁུངསཟིན་ཏིག་མཛེས་རྒྱན་བདུད་རྩི་སྨན་མཛོད་ལས་བཏུས།

གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X