//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་སྦྱོར། > རིལ་བུའི་སྦྱོར་བ། > མ་ཞུ་བའི་སྨན་སྦྱོར། > ནང་དོན།

བད་ཀན་ཚྭ་[ཚ]ལའི་འཕྲུལ་བཤལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-01-31 11:08:25 ཀློག་གྲངས། 29 

སྦྱོར་སྡེཚྭ་ལ་ཐུན་བདུན། དན་རོག་ལེགས་པ་བདུན། བུལ་ཏོག་ཐུན་གསུམ། དུར་བྱིད་མཐེབ་ཙམ་གཅིག རྒྱམ་ཚ་སྦྲུལ་ཤ་པི་ལིང་དུང་ཐལ་རྣམས་ཐུན་རེ།

སྦྱར་ཐབསསྟར་བུའི་ཆུ་ཡིས་འདམ་འཐག་བྱ། རིལ་བུ་སྲན་མ་སྦོས་པ་ཙམ་དུ་དྲིལ།། བདུན་དགུ་ལ་སོགས་ལུས་ཟུངས་ནད་སྟོབས་སྦྱར།། སྔོན་འགྲོ་རྗེས་གཅོད་ལྟོ་སྦྱོང་སྤྱི་དང་མཐུན།།

ཕན་ནུསཕན་ཡོན་མ་ཞུ་ལྷེན་དང་ལྕགས་དྲེག་དང་།། མཆིན་ཁྲག་ཕོ་བར་ལྷུང་དང་ཕོ་ལྷུང་ལོངསྦོས།། འོར་དང་གྲང་སྐྲན་རིགས་རྣམས་གང་ལ་ཡང་།། ཚྭ་ལའི་འཕྲུལ་བཤལ་གདམས་པ་འདི་ཉིད་མཆོག

སྦྱོར་ཁུངསཟིན་ཏིག་མཛེས་རྒྱན་བདུད་རྩི་སྨན་མཛོད་ལས་བཏུས།


གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X