//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་སྦྱོར། > རིལ་བུའི་སྦྱོར་བ། > རླུང་ནད་ཀྱི་སྨན་སྦྱོར། > ནང་དོན།

བྱེ་རིང་སེམས་ཀྱི་བདེ་སྐྱེད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-01-31 10:41:35 ཀློག་གྲངས། 67 

སྦྱོར་སྡེགཙོ་བོ་མཁལ་མ་གོ་ཡུ་ཞོ་གང་ལ།། ཨ་གར་ནག་པོ་ལི་ཤི་ཛཱ་ཏི་དང་།། རྩི་བོ་ཆེཤིང་ཀུནདང་རུ་རྟ་སྙིང་ཞོ་ཤ། སྨན་ཆེན་འབྲི་ཚིལ་ཚ་བ་རྣམ་པ་གསུམ་སྒ་པི་ཕོ་གསུམ།། ཁ་རུ་ཚ་རྣམས་འཁོར་ཡིན་ཞོ་ཕྱེད་རེ།། ནད་ཚབས་ཆེ་ན་རི་བོང་ཙིཏྟ་དང་།། དར་མའི་གྲི་སྙིང་བྱང་གཡག་བྱ་རྒོད་སོགས།། སྙིང་སྣ་གང་འཛོམ་ཁ་ཚར་གདབ་པ་ཤིས།།

སྦྱར་ཐབསལེགས་པར་ཞིབ་བཏགས་བུར་སྨུག་རིལ་བུར་དྲིལ།། སྲན་མའི་ཚད་ཙམ་གསུམ་ལྔ་བདུན་ལ་སོགས།། ནད་ཚོད་སྦྱར་ལ་དགོང་དང་ཐོ་རེངས་དུས།། ཤ་མར་བུར་རྙིང་ཆང་རྒན་བཏུང་བས་དབུལ།།

ཕན་ནུསཕན་ཡོན་རླུང་ལས་གྱུར་པའི་ནད་རྣམས་ཀུན།། དུས་མཐའི་མེ་དང་ཉེ་བའི་བ་མོ་བཞིན།། ཐབས་འདིས་མི་འཇོམས་པ་ནི་ག་ལ་སྲིད།། ཁྱད་པར་སྲོག་རྩར་རླུང་ཞུགས་སེམས་མི་བདེ།། འཕྱོ་འདར་སྨྱོ་ལྐུགས་སྙིང་དཀྱིལ་ཆུ་བླུགས་འདྲ།། དེ་ལྟའི་ནད་ལ་ཚུལ་འདི་བདུད་རྩི་ཡིན།།

སྦྱོར་ཁུངསཟིན་ཏིག་མཛེས་རྒྱན་བདུད་རྩི་སྨན་མཛོད་ལས་བཏུས།


གོང་ངོས། ཡིག་ཆ་མི་འདུག
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X