//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་སྦྱོར། > ཐང་གི་སྦྱོར་བ། > བད་ཀན་སྨུག་པོའི་སྨན་སྦྱོར། > ནང་དོན།

མ་ནུ་བཞི་ཐང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-01-26 14:56:09 ཀློག་གྲངས། 87 

མ་ནུ་བཞི་ཐང་། ༡

སྦྱོར་སྡེམ་ནུ། ཀཎྜ་ཀ་རི།སླེ་ཏྲེས། ཨ་རུ་ར།  

སྦྱར་ཐབསམ་ནུ་སླེ་ཏྲེས་ཆ་གཉིས་ལ། ཀཎྜ་ཀ་རི་ཉིས་འགྱུར་བཏང་།། ཐང་སྨན་གསུམ་པོ་ལབ་ལེབ་བརྡུང་།།ཚད་དང་ལྡན་པ་བསྐོལ་བ་ལས།། ཁ་སྒྱུར་ནལ་ཤམ་ཁ་ཚར་གདབ།། ཡང་ན་སྨན་སྣ་བཞི་བོ་དེ།། ཤིན་ཏུ་ཞིབ་པར་བཏགས་བྱས་ལ།།ཆུ་ཕུལ་དོ་ཡི་ནང་དུ་ནི།། ཐུར་འགོ་རེ་ཙམ་བཏབ་ལ་བསྐོལ།། ཕྱེད་ཙམ་སྐམ་ནས་གྲང་དུ་གཞུག།

ཕན་ནུསཉམ་ཆུང་དང་ག་ཞན་པ་ལ།། ཐང་ནི་སྐ་ལ་ཉུང་བ་ཡིན།། ནད་པ་ཉམ་ཤེད་ཆེ་བ་ལ།།སླ་ལ་མང་བ་གཏོང་བ་ཡིན།། ཕོ་བ་བཟང་དང་ཚད་པ་ཡོད།། ཐང་ནི་གྲང་མོ་གཏོང་བ་ཡིན།། ཚ་བ་ཆུང་ལ་ཕོ་བ་ངན།།ཐང་ནི་ངད་ཡལ་གཏོང་བ་ཡིན།། དེ་ལྟར་ཚུལ་བཞིན་བསྟེན་ཤེས་ན།། འདུ་བ་འཁྲུགས་པ་སེལ་བར་བྱེད།།

སྦྱོར་ཁུངསབྱེ་བ་རིང་བསྲེལ་གྱི་ཆ་ལག་གྲངས་མེད་གསུང་ངག་དུམ་བུ་ཁྲིགས་སུ་བཀོད་པ་ཡི་མ་ནུ་བཞི་ཐང་གི་འཕྲུལ་འཁོར་བདུད་རྩི་ཉི་མའི་སྒྲོན་མེ་སྐབས།

མ་ནུ་བཞི་ཐང་། ༢

སྦྱོར་སྡེམ་ནུ། ཀཎྜ་ཀ་རི། སླེ་ཏྲེས། འོམ་བུའི་མེ་ཏོག

སྦྱར་ཐབསམ་ནུ་སླེ་ཏྲེས་ཆ་མཉམ་ལ།། ཀཎྜ་ཀ་རི་ཉིས་འགྱུར་སྦྱར།། བསྐོལ་ལུགས་གཉིས་སུ་ཤེས་པ་ལ།། ཐང་སྨན་གསུམ་པོ་ལབ་ལེབ་བརྡུང་།།ཚད་དང་ལྡན་པ་བསྐོལ་བ་ལས།། ཁ་སྒྱུར་སྨན་རྣམས་ཁ་ཚར་གདབ།། ཡང་ན་སྨན་སྣ་བཞི་བོ་དེ།། ཤིན་ཏུ་ཞིབ་པར་བཏགས་བྱས་ལ།།ཆུ་ཕུལ་དོ་ཡི་ནང་དུ་ནི།། ཐུར་འགོ་[མགོ]རེ་ཙམ་བཏབ་ལ་བསྐོལ།། ཕྱེད་ཙམ་སྐམ་ནས་གྲང་དུ་གཞུག།

ཕན་ནུསཉམ་ཆུང་དང་ག་ཞན་པ་ལ།། ཐང་ནི་སྐ་ལ་ཉུང་བ་ཡིན།། ནད་པ་ཉམ་ཤེད་ཆེ་བ་ལ།།སླ་ལ་མང་བ་གཏོང་བ་ཡིན།། ཕོ་བ་བཟང་དང་ཚད་པ་ཡོད།། ཐང་ནི་གྲང་མོ་གཏོང་བ་ཡིན།། ཚ་བ་ཆུང་ལ་ཕོ་བ་ངན།།ཐང་ནི་ངད་ཡལ་གཏོང་བ་ཡིན།། དེ་ལྟར་ཚུལ་བཞིན་བསྟེན་ཤེས་ན།། སྨུག་པོའི་དུག་ཐབས་སེལ་བར་བྱེད།

སྦྱོར་ཁུངསབྱེ་བ་རིང་བསྲེལ་གྱི་ཆ་ལག་གྲངས་མེད་གསུང་ངག་དུམ་བུ་ཁྲིགས་སུ་བཀོད་པ་ཡི་མ་ནུ་བཞི་ཐང་གི་འཕྲུལ་འཁོར་བདུད་རྩི་ཉི་མའི་སྒྲོན་མེ་ཡི་སྐབས།

མ་ནུ་བཞི་ཐང་། ༣

སྦྱོར་སྡེམ་ནུ། སླེ་ཏྲེས། ཀཎྜ་ཀ་རི། གསེར་མདོག  

སྦྱར་ཐབསམ་ནུ་དང་སླེ་ཏྲེས་གཉིས་ཀྱི་ཚད་ཆ་མཉམ་པ་ལ་ཀཎྜ་ཀ་རི་དེའི་ཉིས་འགྱུར་སྦྱར་ནས་ཁཎྜ་བཟོས་པ་ལུང་ཐང་ཙམ་ཞིག་ལ་གསེར་མདོག་གིས་ཁ་བསྒྱུར་བྱ།

ཕན་ནུསའདུ་བ་སྤྱི་འཁྲུགས་སེལ།

སྦྱོར་ཁུངསབྱེ་བ་རིང་བསྲེལ་གྱི་པོད་ཆུང་རབ་འབྱམས་གསལ་བའི་སྒྲོན་མེ་ཡི་མ་ནུའི་འཕྲུལ་འཁོར་བདུད་རྩིའི་ཆར་ཟིལ་སྐབས།

མ་ནུ་བཞི་ཐང་། ༤

སྦྱོར་སྡེམ་ནུ། ཀཎྜ་ཀ་རི། སླེ་ཏྲེས། འུ་སུ།

སྦྱར་ཐབསམ་ནུ་སླེ་ཏྲེས་ཆ་མཉམ་ལ།། ཀཎྜ་ཀ་རི་ཉིད་འགྱུར་སྦྱར།། བསྐོལ་ལུགས་གཉིས་སུ་ཤེས་པ་ལ།། ཐང་སྨན་གསུམ་པོ་ལབ་ལེབ་བརྡུང་།། ཚད་དང་ལྡན་པ་བསྐོལ་བ་ལས།། ཁ་སྒྱུར་སྨན་རྣམས་ཁ་ཚར་གདབ།། ཡང་ན་སྨན་སྣ་བཞི་བོ་དེ།། ཤིན་ཏུ་ཞིབ་པར་བཏགས་བྱས་ལ།།ཆུ་ཕུལ་དོ་ཡི་ནང་དུ་ནི།། ཐུར་འགོ་[མགོ]རེ་ཙམ་བཏབ་ལ་བསྐོལ།།ཕྱེད་ཙམ་སྐམ་ནས་གྲང་དུ་གཞུག།

ཕན་ནུསཉམ་ཆུང་དང་ག་ཞན་པ་ལ།། ཐང་ནི་སྐ་ལ་ཉུང་བ་ཡིན།། ནད་པ་ཉམ་ཤེད་ཆེ་བ་ལ།།སླ་ལ་མང་བ་གཏོང་བ་ཡིན།། ཕོ་བ་བཟང་དང་ཚད་པ་ཡོད།། ཐང་ནི་གྲང་མོ་གཏོང་བ་ཡིན།། ཚ་བ་ཆུང་ལ་ཕོ་བ་ངན།།ཐང་ནི་ངད་ཡལ་གཏོང་བ་ཡིན།། དེ་ལྟར་ཚུལ་བཞིན་བསྟེན་ཤེས་ན།། བད་ཀན་སྨུག་པོ་སེལ་བར་བྱེད།

སྦྱོར་ཁུངསབྱེ་བ་རིང་བསྲེལ་གྱི་ཆ་ལག་གྲངས་མེད་གསུང་ངག་དུམ་བུ་ཁྲིགས་སུ་བཀོད་པ་ཡི་མ་ནུ་བཞི་ཐང་གི་འཕྲུལ་འཁོར་བདུད་རྩི་ཉི་མའི་སྒྲོན་མེ་ཡི་སྐབས།

མ་ནུ་བཞི་ཐང་། ༥

སྦྱོར་སྡེམ་ནུ་པུས་དཀར། རུ་རྟ། སྤུ་ཤེལ་རྩེ།  བ་ཤ་ཀ

ཕན་ནུསསྨུག་པོ་གསར་བའི་དུས་ཀྱི་ཚད་པ་དང་ཕོ་བ་རོ་བསྟོད་[སྟོད]སྦྲགས་ནས་གཟེར་བ་སེལ་བའི་མཆོག་དམ་པའོ།།

སྦྱོར་ཁུངསལག་ལེན་དམར་ཁྲིད་སྡེ་ཚན་ལྔའི་འགྲེལ་བ་ཡི་ཐང་གི་སྡེ་བསྟན་པའི་སྐབས།

མ་ནུ་བཞི་ཐང་། ༦

སྦྱོར་སྡེམ་ནུ། སླེ་ཏྲེས། ཀཎྜ་ཀ་རི། འོལ་མོ་སྨུག་པོ་འོམ་བུའི་མེ་ཏོག

སྦྱར་ཐབསམ་ནུ་དང་སླེ་ཏྲེས་གཉིས་ཀྱི་ཚད་ཆ་མཉམ་པ་ལ་ཀཎྜ་ཀ་རི་དེའི་ཉིས་འགྱུར་སྦྱར་ནས་ཁཎྜ་བཟོས་པ་ལུང་ཐང་ཙམ་ཞིག་ལ་འོལ་མོ་སྨུག་པོའམ་འོམ་བུའི་མེ་ཏོག་གིས་ཁ་བསྒྱུར་བྱ།

ཕན་ནུསདུག་ཐབས  ་སེལ།

སྦྱོར་ཁུངསབྱེ་བ་རིང་བསྲེལ་གྱི་པོད་ཆུང་རབ་འབྱམས་གསལ་བའི་སྒྲོན་མེ་ཡི་མ་ནུའི་འཕྲུལ་འཁོར་བདུད་རྩིའི་ཆར་ཟིལ་སྐབས།


མ་ནུ་བཞི་ཐང་། ༧

སྦྱོར་སྡེམ་ནུ། སླེ་ཏྲེས། ཀཎྜ་ཀ་རི། ལུག་རུ་སྨུག་པོ།  

སྦྱར་ཐབསམ་ནུ་དང་སླེ་ཏྲེས་གཉིས་ཀྱི་ཚད་མཉམ་པ་ལ་ཀཎྜ་ཀ་རི་དེའི་ཉིས་འགྱུར་སྦྱར་ནས་ཁཎྜ་བཟོས་པ་ལ་ལུག་རུ་སྨུག་པོས་ཁ་བསྒྱུར་བྱ།

ཕན་ནུསདུག་ཐབས་འཇོམས།

སྦྱོར་ཁུངསའཆི་བདག་ཞགས་གཅོད་བདེ་བའི་དབུགས་འབྱིན་གྱི་ཕྱེ་མའི་སྦྱོར་བའི་སྐབས།


གོང་ངོས། མ་ནུ་སུམ་ཐང་།
X