//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

རིན་ཆེན་རིལ་བུ་བཏང་ཐབས།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 14:19:00 ཀློག་གྲངས། 152 

ཨོ་ༀ་ཨ་ཐཱ། ཐུབ་དབང་སྨན་བླ་བྱང་སེམས་བཅུ་དྲུག་དང་། །ཡིད་སྐྱེས་རིག་ཡེ་ཕྱི་ནང་དྲང་སྲོང་ཚོགས། །པད་འབྱུང་བཻ་རོ་ཁྲི་སྲོང་གཡུ་ཐོག་ཟུང་། །བྱང་ཟུར་མཁས་ཚོགས་གསོ་རིག་བརྒྱུད་རྒྱུདབཅས་འདུད། །ཐར་བདེའི་གྲུ་གཟིངས་ཁམས་དྲུག་འཛིན་པའི་ལུས། །རིང་འཚོའི་བདུད་རྩིའི་ནད་འཇོམས་རིན་ཆེན་མཆོག རིལ་བུའི་གཟུགས་འཆང་འདོད་པའི་འབྲས་རྩོལ་སྦྱོར། །མཁས་དང་དབང་འབྱོར་རྣམ་དཔྱོད་ཕུན་ཚོགས་ལས། །ཕལ་པའི་ཡུལ་མིན་འདི་རུ་བྲི་དགོས་དབེན། །དཔལ་འབྱོར་ལྡན་ཀུན་གཞུང་ཆེན་གཞན་ལོངས་མཛོད། །བཏང་ཚུལ་ལག་ལེན་གཅེས་བཏུས་ཁ་གསལ་བ། །འདི་རུ་འཆད་ལ་སྨན་སྲུང་གནང་བ་སྩོལ། །

དང་པོ་རིན་ཆེན་སྨན་མཆོག་འཁྲུལ་བྲལ་བཙལ། །ནམ་མཁའི་མདངས་དང་ཉི་མའི་ཟེར་ཕོག་དང་། །དམ་ཚིག་ཉམས་དང་དམེ་ཅན་དུག་སྦྱོར་མཁན། །བུད་མེད་སོགས་ཀྱིས་རེག་མཐོང་མི་བྱ་ཞིང་། །ཟ་འོག་དྲི་བཟང་སྦགས་པའི་པར་བུར་བཅངས། །གོང་གསལ་མི་ནག་གྲང་ཁྱིམ་ལག་རེག་སོགས། །ཉམས་གསོར་རིན་ཆེན་སྣོད་དམ་དཀར་ཡོལ་ནང་། །གསེར་མདོག་ཨ་རུ་བཟང་དྲུག་སྨན་བསགས་བླུག དེ་སྟེང་རིན་རིལ་དར་དམར་གྱིས་བསྟུམས་བཏུམསབཞག བཅོ་ལྔའི་དུས་ཚེས་ཟླ་འཆར་མ་གཤེགས་པར། །བསིལ་བའི་འོད་གདུང་ཆོག་གཞུང་སྔགས་ཚན་བཟླ། །སྔོན་དངོས་རྗེས་སོགས་དཀྱུས་བཞིན་བྱ་བར་ཤིས། །

བཏང་ཚུལ་ལག་ལེན་ནད་ཅན་ནད་མེད་གཉིས། །ནད་ཅན་དུག་ལ་དང་པོ་བསེ་རུ་བཞི། །རྐྱང་ལྡན་འདུས་གསུམ་སྨན་གཞན་སེལ་དཀའ་བར། །ནོར་བདུན་སྤྲིན་ཟླ་ཐང་ཆེན་ཉེར་ལྔ་སོགས། །སྡུད་ཐང་སྐྱུར་འཛེམ་ཞག་བརྒྱད་ཚུན་བཏང་ཤིས། །ནད་མེད་ལྟོ་སྦྱོང་འཇམ་པོས་སྣོད་དྲི་བསལ། །འཛག་སྲུང་བཅངས་ལ་སྨན་བཏང་རྔུལ་འདོན་སྤང་། །ཟས་སྤྱོད་གཞན་མཚུངས་བཅུད་ལྡན་ཟས་སྨན་བསྟེན། །ཕན་ཡོན་གླང་པོའི་སྟོབས་དང་ཉི་ཟླའི་ཚེ། །ལྷ་ཡི་ལང་ཚོ་འཛིན་སོགས་ཡོན་ཏན་མང་། །གཉིས་ཀར་ཚེས་བཟང་རེས་གཟའ་ཉི་ཟླ་ཕུར། །སངས་བཟང་ལྷག་སྤེན་འབྲིང་ལ་མིག་དམར་ངན། །དེ་ཡང་བདུད་རྩི་ཐུན་མཚམས་ཕུར་ལྷག་ཟླར། །ནམ་ལངས་སྔ་ཆ་ཉི་ཤར་སྔ་ཕྱི་འཆར། །སྨན་བཏང་དུས་བབས་བདེ་བའི་གནད་དུ་མངོན། །སྐར་མ་སྨིན་སྣར་མགོ་རྒྱལ་མེ་བཞི་ནག ས་རི་གྲོ་བཞིན་ཁྲུམས་སྟོད་ཁྲུམས་སྨད་དང་། །མོན་གྲེ་མོན་གྲུ་ཆུ་སྨད་ནམ་གྲུ་བཟང་། །ལྷ་མཚམས་བྱི་འབྲིང་བྲ་སྐག་སྣྲོན་གྲེ་བ། །ཐ་སྐར་རྣམས་ངན་གཞན་ཀུན་བཏང་སྙོམས་ལགས། །བུ་མོ་འཁྲིག་གཞུ་ཉ་བཞི་བཟང་བ་སྟེ། །ཆུ་སྲིན་སྡིག་པ་ཀཪྚ་རྣམ་གསུམ་ངན། །ཉི་མ་བྱ་ཁྱི་བཟང་ལ་སྟག་སྦྲུལ་ལུག ངན་ཞིང་གཞན་ཀུན་བཏང་སྙོམས་བྱ་བར་རིགས། །ཀླུ་སྡེ་ཐེབས་བཟང་ལྡོག་པ་སྤང་བྱ་ཡིན། །སྦྱར་དུག་མར་ངོའི་ཟླ་ཟད་ལ་བཏང་གནད། །

བཏང་བའི་སྦྱོར་བ་གཟའ་སྐར་ཚེས་བཟང་ཉིན། །དབེན་ལ་ཉམས་དགའ་བཀྲ་ཤིས་བྱིན་ལྡན་གནས། །ལུང་པ་གནས་ཁང་ཁ་ཤར་ལྟ་བ་རུ། །བྱི་དོར་ལེགས་བྱས་ནད་པར་སྨན་འདྲེན་མཁན། །མདོ་ལུགས་བདེ་གཤེགས་བརྒྱད་ཀྱི་ཆོ་ག་མཁན། །ཁྲིམས་ལྡན་དགེ་སློང་ཤ་ཆང་སྒོག་སྤང་ཤིས། །སྔགས་ལུགས་སྙིང་ཐིག་མ་རིག་མུན་སེལ་སོགས། །རྒྱུད་དྲུག་ཚངས་པའི་སྨན་པས་བྱ་བར་རིགས། །བུད་མེད་ལ་ནི་སྐྱེས་པས་སྟེར་དགོས་སོ། །སྨན་དང་བཟའ་བཏུང་གཡོ་བར་བྱེད་པའི་ཆུ། །ཆུ་མིག་ཤར་ལྟ་ལུ་མ་མཚན་ཉིད་ནི། །ཡན་ལག་བརྒྱད་ལྡན་སྨན་སྟོབས་ནུས་པ་འཕེལ། །རྒྱུན་དུ་བསྟེན་ན་འཆོལ་སྨན་ཕལ་ལས་བཟང་། །ཆུ་ཞན་སྨན་ནུས་དམན་ལ་ནད་མང་སྐྱེད། །ལྷ་ཆེན་མ་ཧཱ་དེ་བས་འདི་སྐད་གསུངས། །ཆུས་ཕན་ཙམ་ཞིག་སྨན་གྱིས་མི་ཕན་ལ། །ཆུས་གནོད་ཙམ་ཞིག་དུག་གིས་ག་ལ་གནོད། །དེ་ཕྱིར་ཆུ་བཟང་གངྒཱ་སྨན་གྱི་མཆོག ཆུ་ངན་དུག་ནི་ནམ་ཡང་སྤང་བར་བྱ། །ཞེས་གསུངས་འདི་ཉིད་གནད་ཆེ་མྱོང་བས་གྲུབ། །དངོས་གཞི་སྨན་པ་ནད་པ་གཡོག་གསུམ་པོ། །དམ་གཙང་ཁྲུས་བྱ་གོས་གསར་གྱོན་གཙང་པས། །རིམ་གྲོ་དཀར་ཆོས་དབང་དང་བྱིན་རླབས་ཞུར། །བཤམ་གཤམནི་མཐོ་བའི་སྟེགས་ལ་གདན་དཀར་བཏིང་། །སྟེང་དུ་འབྲུ་དཀར་གཡུང་དྲུང་ལྔ་ཚོམ་བཀོད། །དེ་སྟེང་དར་སེར་བཀབ་ཐོག་ལྷུང་བཟེད་འབྲུས། །བཀང་དབུས་རིན་ཆེན་སྣོད་དམ་དཀར་ཡོལ་ནང་། །ནད་གཞི་ཚ་ཅན་ཆུ་བཟང་སུམ་གཉིས་བསྡུས། །རྔུལ་མེད་ཆ་དང་གྲང་རླུང་ལྡན་འགའ་ལ། །ཆང་བཟང་ངམ་ནི་ཇ་བཟང་རྩེ་མོའི་ཁུ། །ཁྱོར་གང་ཙམ་དབུས་རིན་ཆེན་རིལ་བུ་བཅུག སྣོད་དེ་ཨ་རུ་གསེར་མདོག་བཞི་ཡིས་བཏེགབཏེགས དར་དམར་ཁ་བཀབ་དེ་སྟེང་དགེ་སློང་གི ཆོས་གོས་ཀྱིས་བཀབ་སྟེང་དུ་སྨན་རྒྱལ་ལམ། །སངས་རྒྱས་སྐུ་བརྙན་བྱིན་ལྡན་རང་ཞལ་བསྟན། །དར་སྔོན་གདུགས་དབུབ་ཕུབརྣམ་བདུན་མཆོད་མཐས་བསྐོར། །ཕུག་ཏུ་སྨན་རྒྱུད་ལ་སོགས་རྟེན་གསུམ་བཤམས། །མདུན་དུ་སྟེགས་བུའི་མདོ་སྔགས་སོ་སོའི་ལུགས། །གང་ཡིན་མཆོད་པ་དག་གཙང་གང་འབྱོར་བཤམས། །དེ་ནས་སྨན་ནུས་འཇུག་པའི་དུག་བདག་གདོན། །མ་རུངས་གདུག་པས་བཟུང་བ་ཕྱིར་བསལ་བའི། །གླུད་བཏང་བགེགས་བསྐྲད་སྲུང་འཁོར་བསྒོམ་པ་དང་། །མཚམས་ཐོ་ལྡན་པས་གདོན་ཅན་འགྲུལ་བ་དང་། །ཁྱི་དང་བུད་མེད་ཀུ་ཅོའི་རིགས་སོགས་སྤང་། །དངོས་གཞི་ཆོ་གའི་སྐྱབས་སེམས་སྔགས་བཟླས་སོགས། །སྙིང་རྗེའི་བསམ་སྦྱོར་གསལ་དག་ང་རྒྱལ་སོགས། །དམིགས་འདུན་གཟབ་པའི་ཆོ་ག་ཡང་དག་བཏང་། །ནད་པས་ཞག་གཅིག་ལྟོ་བཀུག་དགོང་མོའི་ཆར། །གཡེར་རྡོག་ཉེར་གཅིག་རྩ་འབྱེར་ཐང་བཏང་རྗེས། །ཆུ་གྲང་ཁ་བཤལ་མགོ་བོ་སྨན་གཏད་ཀྱིས། །གཞོག་གཞོགསགཡས་སར་ཕབ་ཉལ་བའི་རྣལ་འབྱོར་ནི། །སྐྱབས་ཡུལ་སྲུང་མ་གདུགས་ཕུབ་བཞིན་བཞུགས་བསམ། །ཐོ་རངས་ལྡང་བ་སྐྱབས་འགྲོ་སེམས་བསྐྱེད་ནས། །སློབ་དཔོན་ཆོག་བཏང་བསང་གསོལ་ཕྲིན་ལས་ཞུ། །བདུད་རྩི་ཐུན་ལྡན་སྨན་བླངས་ལག་གཙང་གི རིལ་བུ་སྲིན་མཛུབ་ཀྱིས་སྦྱངས་རིགས་རིགབྱེད་ཀྱི། ཤིས་བརྗོད་སྔགས་བཟླས་སྨན་བཏང་སྣོད་དེ་ཡང་། །ཆུ་བསྐོལ་ཧུབ་གང་གིས་བཤལ་དེ་ཡང་འཐུང་། །དབྱངས་གསལ་རྟེན་སྙིང་རབ་གནས་མཐའ་བརྟེན་བྱ། །ཤིན་ཏུ་དྲོ་བའི་གོས་གྱོན་རྔུལ་ཐོན་བྱ། །རྔུལ་མ་ཐོན་ན་ཇ་རྒོད་ཚན་མོ་ནི། །ཕུལ་གང་བཏང་བ་མཆན་མནན་ཐོན་པར་ངེས། །ཡང་ན་རྫ་བེའུ་ཇའམ་ཆུ་ཚན་གྱིས། །བཀང་བ་བྲང་འོག་བཅངས་པས་ངེས་ཐོན་ཟབ། །རྔུལ་ཐོན་རས་བལ་སོགས་ཀྱིས་ཡང་ཡང་ཕྱི། །འཇོག་མཚམས་ཕྱེ་སྐྱས་དྲི་དྲིལཕྱིས་བྱ་བའོ། །དེ་རྗེས་ཇ་ཡུན་ཙམ་ནས་དོམ་མཁྲིས་ཐུན། །ཞུན་མར་སྦྱར་བཏང་རྩ་ཁ་བསྡམ་སྡོམབྱེད་ཡིན། །གཞུང་འགར་ཕྱིར་ནངས་བཏང་བའི་སྲོལ་ཀྱང་འདུག། ཟུང་ཟུངསངན་རླུང་ལྡན་ཤ་བཟང་ཁུ་བ་དང་། །ཆང་བཟང་སུན་རེ་རིམ་པར་བཏང་ཡང་གསུངས། །ནད་པ་བསྒུལ་སྐྱོད་འགྲོ་འདུག་མི་བྱེད་པར། །དེ་ཉིན་ཇ་བཟང་མ་གཏོགས་ཁ་ཟས་གཞན། །ཡན་ཡེནལ་གཏད་དགོས་མ་གྲུབ་རྙིང་རུལ་བམ། །སོགས་མིན་ནད་མང་འཕྲོད་ཟས་ཉུང་ཙམ་མམ། །འབྲས་ནས་སྤུ་བཅད་ཆན་དང་ཤ་གསར་རིགས། །མ་གཏོགས་ཟས་གཞན་ཞག་བདུན་ཚུན་སྤང་གསུངས། །དེ་རྗེས་རིམ་པས་རྒྱུན་ཟས་ཆ་ཡིས་བསྟེན། །རྗེས་སྤྱོད་གཅོདཁ་ཚ་རུལ་སུངས་སྔོ་ངད་དང་། །ཉ་ཕག་སྒོང་གསུམ་བྲ་སྲན་ཆང་སྐྱུར་དང་། །སྟར་བུ་ཁམ་སྐམ་ཙོང་སྒོག་འཕྱུར་ཕྱུརབ་དང་། །སེམས་ཅན་གང་རུང་རྩིབ་མའི་བར་ཤ་དང་། །རྩིབ་ཤུན་སོག་པའི་ཁྲུམ་ཁྲམཁྲུམ་ཟ་བ་སྤང་། །སྤྱོད་ལམ་དྲག་ཤུལ་རྔུལ་ཐོན་རྟ་རྒྱུག་དང་། །བུད་མེད་བསྟེན་དང་མགོ་མཇུག་ལྡོག་ཉལ་དང་། །ཝ་ཞབས་སྐས་འོག་བུད་མེད་བྱི་ལ་ཁྱིས། །འགོང་འགོམདང་མེ་ཁ་ཆུ་བརྒལ་རྐང་རྗེན་འགྲོ། ཉིན་གཉིད་འཁྱགས་འདར་གྲི་མོ་རོ་ནལ་དང་། །བཤལ་སྐྱུགས་གཏར་ཀ་ཟིལ་བཟིསྨན་བསྟེན་རྣམས་སྤང་། །ཟས་སྤྱོད་དེ་དག་ནང་ནས་མི་ཐུབ་དང་། །འགལ་ཆུང་སྒོག་བཙོང་ཕག་ཤ་འཕྱུར་ཕྱུརབ་དང་། །ཝ་སྐས་ཁྱི་དང་བྱི་ལ་མེ་ཆུ་བརྒལ། །འདི་དག་ཟླ་གཅིག་རིང་ལ་ངེས་པར་སྲུང་། །བཤལ་སྐྱུགས་གཏར་ཀ་ཟླ་བ་གསུམ་ཙམ་སྤང་། །དེ་དག་ལསགཞན་དག་རབ་ནི་ལོ་གསུམ་དང་། །འབྲིང་ལོ་གཅིག་དང་ཐ་མ་ཟླ་དྲུག་སྤང་། །ཕན་ཡོན་རིན་ཆེན་དམ་ཚིག་བསྲུང་བསྟེན་པས། །རླུང་མཁྲིས་བད་ཀན་ལྡན་འདུས་སྐྲན་སོ་སྲིན། །དམུ་འོར་སྐྱ་རྦབ་མཛེ་འབྲས་སུར་ཡ་གཉན། །གླང་ཐབས་ཚད་པ་རྙིང་དང་སྨུག་པོ་དང་། །མ་ཞུ་དུག་འཐབ་ལ་སོགས་ནད་ཀྱི་རིགས། །སྟོང་དང་ཉིས་བརྒྱ་འཇོམས་ཤིང་ཁྱད་པར་དུ། །བཙན་དུག་སྦྱར་དུག་གྱུར་དུག་རང་བཞིན་དུག ཉི་མའི་ཟེར་དུག་རྨ་བྱའི་སྒང་སྒོངདུག་དང་། །དབྱིག་དུག་རྡོ་དུག་ཤ་དུག་རྩི་ཡི་དུག སྤུ་དུག་སྔོ་དུག་དངུལ་དུག་རེག་པའི་དུག མཐོང་དུག་དྲི་དུག་ཁ་རླངས་སོ་ཡི་དུག ལ་སོགས་དུག་རིགས་མ་ལུས་དྲུངས་ནས་འབྱིན། །འདིར་བཤད་ཤིན་ཏུ་རྟེན་འབྲེལ་སྤང་བླང་ཀུན། །ལྡན་ན་ལུས་ལ་རིན་ཆེན་ལོ་གཅིག་གནས། །འབྲིང་ན་ལོ་ཕྱེད་ཐ་མ་ཟླ་བཞིར་གནས། །རྟེན་འབྲེལ་མ་ཚོགས་ཟླ་གཅིག་ལས་མི་གནས། །འཛེམ་བྱ་མ་ཐུབ་འཕྲལ་དུ་སྐྱུགས་སམ་འཁྲུ། །དེས་ན་བཤད་པ་འདི་དག་སྤང་བླང་གཅེས། །གཞན་ཡང་གསེར་དངུལ་ཟངས་སོགས་གའུ་རུ། །རིན་ཆེན་འདི་ཉིད་དར་ལྔས་དྲིལ་བཅུག་འཆང་། །རྒྱལ་འགོང་བཙན་དང་མ་མོ་ས་བདག་ཀླུ། གཟའ་གཉན་ལྷ་བདུད་གཤིན་རྗེ་གནོད་སྦྱིན་དང་། །སྲིན་པོ་ཡི་དྭགས་དྲི་ཟ་གྲུལ་བུམ་སོགས། །གདོན་བགེགས་འབྱུང་པོ་སུས་ཀྱང་གླགས་མི་རྙེད། །མནན་གཏད་རྦོད་འདྲེ་རྦོད་གཏོང་ངན་སྔགས་དང་། །ཐོག་སེར་དུག་མཚོན་གྲིབ་གདོན་བསྲུང་ལ་བཟློག ཁོང་དུ་སོང་ཚད་ངན་སོང་སྐྱེ་སྒོ་གཅོད། །ས་ལམ་རིམ་བགྲོད་རྡོ་རྗེའི་སྐུ་འགྲུབ་ཅིང་། །མཆོག་གི་དངོས་གྲུབ་མ་ལུས་ཐོབ་འགྱུར་ན། །ཐུན་མོང་དངོས་གྲུབ་ཕྲན་ཚེགས་སྨོས་ཅི་དགོས། །ཞེས་པ་ཁུངས་ཐུབ་བསྟན་བཅོས་དུ་མར་གྲགས། །དེས་ན་ཡིད་གཉིས་ཐེ་ཚོམ་མེད་པ་དང་། །འཛམ་གླིང་ནོར་སྣ་ཀུན་གྱི་རྒྱལ་པོར་ཟུངས། །ཚུལ་འདི་དེང་སང་ལྟོ་ཕྱིར་སྨན་ཟོལ་འགས། །རིན་ཆེན་བཏང་བའི་ལག་ལེན་གནད་འབེབས་ཚེ། །བཙས་ཁའི་སྲོལ་བཞིན་མགོ་བོ་འཐོམ་པ་ལ། །ཕན་ཕྱིར་ཚད་ལྡན་གཞུང་འགའི་བཅུད་བསྡུས་འདི། །དུག་རིགས་བད་སྨུག་ཆུ་གཞི་ལ་སོགས་པ། །སྨད་དཔྱད་གཞན་གྱིས་སེལ་དཀའ་བཅོས་རྡུགས་ལ། །གདོང་བཟློག་མཐའ་རྗེས་བཅད་ལ་རིམ་བཏང་གཅེས། །

X