//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

བཅུད་ལེན་དང་རྒས་པ་གསོ་བའི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 14:17:01 ཀློག་གྲངས། 83 

ཚེ་བསྲིང་རྒས་གསོའི་སྨན་སྐོར་ལས། །རྩི་བཞི་དྭངས་མ་ལྔ་ཡི་བཅུད་བླངས་པ། །ས་ཡི་དྭངས་མ་བྲག་ཞུན་ཤ་ཡི་གསོས། །རྡོ་ཡི་དྭངས་མ་ཅོང་ཞི་རུས་པའི་གསོས། །ཤིང་གི་དྭངས་མ་བུ་རམ་སྟོབས་ཀྱི་གསོས། །མེ་ཏོག་དྭངས་མ་སྦྲང་རྩི་མདངས་ཀྱི་གསོས། །རྩི་ཡི་དྭངས་མ་མར་དཀར་བཅུད་ཀྱི་གསོས། །ཤུག་འབྲུ་བ་ལུ་མཚེ་དང་མཁན་པ་བཞི། །དགུན་མི་སྐམ་པ་ཚེ་ཡི་གསོས་སུ་འགྱུར། །འདི་དགུའི་བཅུད་ལོངས་སྲོག་གཅོད་ནད་དགུ་ཁྲོལགྲོལ། །རྒས་པའི་རྟགས་ནུབ་བཅུ་དྲུག་ལྟ་བུའི་ལུས། །སེང་གེའི་རྩལ་ལ་གླང་བོ་ལྟ་བུའི་སྟོབས། །རྨ་བྱའི་མདོངས་ལྡན་མགྱོགས་པ་ཅང་ཤེས་རྟ། །དེ་སྲོག་ཉི་ཟླ་གཉིས་དང་མཉམ་པར་འགྱུར། །དེ་ཡི་སྦྱོར་ཐབས་ཆེན་པོ་ཆུང་ངུ་གཉིས། །དང་པོ་ཅོང་ཞི་བྲེ་གང་ཞོ་གཅིག་ཆུར། །བསྡུས་པའི་ཁུ་བ་བྲེ་གང་རྩིག་ལ་བཏོན། །བདུད་རྩི་བཞི་དང་བྲག་ཞུན་བྲེ་ཕྱེད་ཕྱེད། །གུད་གུད་བསྡུས་པའི་ཁུ་བ་ཁྱོར་བ་རེ། །འོ་མ་མར་སྲང་སུམ་ཅུ་ཆུ་བཅད་ལ། །བུ་རམ་བྲེ་དོ་སྦྱར་བར་ཐོད་བཟང་བླུག བཻ་རོ་ཙ་ན་ༀ་བཛྲ་སཏྭ་ཧཱུཾ། རཏྣ་ཤྩྪ་བྷ་ཝ་ཏྲཱཾཿ ཨ་མི་ཏ་བྷ་ཧྲཱཿ ཀརྨ་བཛྲ་ཨཱོཿ རིགས་ལྔ་ཡབ་ཡུམ་བྱང་སེམས་འཕྲོ་འདུ་བྱསབྱ། །ཟླ་བ་ཡར་ངོའི་ཚེས་གཅིག་ནང་པར་བཟའ། །དྲོ་གང་གོངརྒྱུན་བསྟེན་རྔུལ་མ་བྱུང་ཙམ་བཅག ཆུང་བ་ཅོང་ཞི་ཕུལ་གང་སྤང་མེར་བསྲེགས། །ཆུ་ནང་བཏོན་ཏེ་འོ་མ་བྲེ་གང་དང་། །མར་སྲང་གསུམ་བཙོས་ལུག་ཞོ་ཙམ་གྱུར་ལས། །བྲག་ཞུན་བཞི་འམ་ནམབདུད་རྩི་བཞི་ཁྱོར་རེ། །སྦྲང་ཕུལ་སུམ་ཆ་བུར་སྲང་གསུམ་དང་སྦྱར། །དལ་དརཙམ་བཙོས་ཏེ་སྣོད་བཟང་བཅངས་ལ་བསྟེན། །ཞེས་སོ། །

འབའ་སམ་སྨན་མར་འབྲས་གསུམ་ཨ་རུ་ར། །སུམ་ཅུ་བ་རུ་ཉི་ཤུ་སྐྱུ་རུ་ར། །བཅུ་དང་རྩ་བ་ལྔ་པོ་ཆ་གཉིས་བཅས། །ཁྲུམ་ཁྲམཁྲུམ་བརྡུང་བ་བསྡུས་ཐང་བྲེ་གསུམ་ལ། །འོ་མ་བྲེ་བཞི་མར་ཉག་བརྒྱད། །སྡེབ་བཀོལ་བསྐོལཆུ་ཆོད་མར་ཁུ་བཙག བུར་སྦྲང་ཁ་ཚར་སྨན་སོགས་འདེབས། །མ་སྐམ་བར་དུ་དཀྲུགས་པ་སོགས། །འདི་ནི་ཕྱག་ལེན་རྣམ་དག་ཡིན། །

སྐྱེར་པའི་ཁཎྡྲ། དཔྱིད་དུས་གསེར་ཤིང་བར་ཤུན་རུལ་མེད་པ། །མང་དུ་བསགས་ལ་རབ་གཙང་ཆུ་ལ་སྦང་། །དྲི་བྲལ་ལྕགས་སྣོད་མ་འདྲེག་དལ་བུས་བསྡུ། །འབྲི་ཞོ་ཙམ་གྱུར་ཕོག་ལ་ངད་ཡལ་ཚེ། །ག་བུར་གསེར་མདོག་གུར་གུམ་ཆ་མཉམ་ལ། །གླ་རྩི་དྲི་ཐོན་ཞིབ་བཏགས་ཁ་ཚར་བཏབ། །གྲོད་པུར་བཅངས་ལ་དགོས་དུས་ཆུ་གཙང་སྦྱངས། །མིག་ནད་ཚ་འགྲིབ་ཀུན་ལ་བདུད་རྩིར་མཚུངས། །ཞེས་སོ། །

སོ་རྩི་བྱེད་ལ་ཅོང་ཞི་རྒོད་བཏུལ་མ། །དཀར་བ་ལུག་གི་མིག་འབྲས་གོ་ཡུ་དང་། །གླ་རྩི་ཤིང་ཀུན་རྒྱ་སྐྱེགས་གླང་ཆེན་ཤ ཕུག་རོན་བྲུན་དང་རྣམ་པར་ཞིབ་བཏགས་པ། །ར་ཕག་ལུག་ཚིལ་ཚ་གྲང་བསྟུན་ལ་གླན། །ཡང་ན་མཁུར་བཀང་བསྟེན་པས་སོའི་བཅུད་ལེན། །

འཕགས་མ་དབྱངས་ཅན་རིལ་བུ་ནི། །རེས་གཟའ་ཕུར་བུ་ཤར་བའི་ཉིན། །ཨ་སྐྱུར་པི་ལིང་ཤིང་མངར་དང་། །སྒྲོན་ཤིང་གོ་སྙོད་དུག་མོ་ཉུང་། །ལུག་རུ་གསུམ་དང་སྤང་རྒྱན་དཀར། །སྨན་སྣ་བཅུ་གཅིག་ཆ་མཉམ་ལ། །ཞིབ་པར་བཏགས་ལ་ཚགས་སུ་བྱ། །ཀ་ར་སྦྲང་རྩིས་རིལ་བུར་དྲིལ། །ཞག་གསུམ་ཟོས་པའི་དིག་པ་དང་། །ལྐུགས་དང་གླེན་པ་དག་ཀྱང་འཚོ། །བཅུ་གཅིག་སྐད་བཟང་མགྲིན་པ་བདེ། །ཉི་ཤུ་མི་བརྗེད་གཟུངས་ཐོབ་འགྱུར། །སྦྱར་ཐབས་ལག་ལེན་མ་འཁྲུལ་བར། །འདི་ལ་འཕྲི་བསྣན་མ་བྱེད་ཅིག ཀུན་ལ་དགེ་བའི་བཀྲ་ཤིས་ཤོག

X