//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

མོ་ནད་གསོ་བའི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 14:11:46 ཀློག་གྲངས། 42 

མོ་ནད་སེལ་བའི་སྨན་སྐོར་ལས། །སྨྱུག་རྩི་ལི་ཤི་ཤིང་ཀུན་དང་། །རྒྱ་སྐག་བཙོད་དང་འབྲི་མོག་དམར། །སྡིག་སྲིན་ཞུ་མཁན་གསེར་བྱེ་དང་། །འབྲས་བུ་གསུམ་དང་གི་ཝང་དང་། །སླེ་ཏྲེས་དོམ་མཁྲིས་ཙན་དན་དམར། །གུར་གུམ་སུག་སྨེལ་ཅུ་གང་དང་། །ཛཱ་ཏི་ཅོང་ཞི་ཀ་ཀོ་ལ། །རྩ་བ་གསུམ་ར་མྱེ་མཉེ ཉེ་ཤིང་། ལྕ་བ་དང་བུ་རམ་སྦྱར། །མོ་ནད་རིགས་གྱུར་ཐམས་ཅད་ལ། །ཐེངས་ཆོག་སྨྱུག་རྩི་ཉེར་ལྔ་ཡིན། །ཞེས་སོ། །

སྨྱུག་རྩི་རབ་སྨྱུག་གི་ཅུ་གང་། མ་བྱུང་ཚེ་སྨྱུག་རྩི་དངོས་དྲུག་ཐང་ཞེས་པ་ནི། །སྨྱུག་རྩི་ཨ་རུ་སྒ་སྒེགཤེར་རྒྱམ་ཚ་དང་། །ལྕུམ་རྩ་ཤིང་ཚ་སྦྱར་བའི་བསྡུས་ཐང་གིས། །ཁྲག་འཇུ་ཟུག་གཅོག་རྩ་ལམ་འབྱེད་པར་བྱེད། །

སེར་མོ་ཉེར་ལྔ། ཨ་རུ་བྲག་ཞུན་སྨན་ཆེན་གླ་གུལ་ལྔ། །ཙནྡན་དཀར་དམར་ཅུ་གུར་རུ་རྟ་ལྔ། །གི་ཝང་སྤྲུ་མ་ཚོས་བཙོད་དོམ་མཁྲིས་ལྔ། །དཔའ་བོ་སེར་པོ་ཆུ་རྩ་ཤུ་དག་གསུམ། །ཀྱི་ལྕེ་ཧོང་ལེན་ག་དུར་བ་ཤ་ཀ བོང་ང་སེར་པོ་ལྡོང་རོས་མཚུར་ནག་དང་གསུམ། །སེར་མོ་ཉི་ཤུ་རྩ་ལྔའི་སྦྱོར་བ་འདིས། །གག་ལྷོག་ནད་རིགས་མཁྲིས་པའི་ནད་ཀུན་དང་། །སྦྱར་དུག་ལ་སོགས་དུག་རིགས་མཐའ་དག་དང་། །ཁྱད་པར་མོ་ནད་རིགས་ཀུན་འཇོམས་པའི་མཆོག རིགས་རིགབྱེད་མྱོང་བས་གྲུབ་པའི་གདམས་པ་འདི། །ཕན་ཡོན་ཟབ་ཁྱད་ལག་ཏུ་ལོངས་དང་ཤེས། །

འོལ་མོ་སེ་ཉེར་ལྔ་ནི། འོལ་སེ་ཆ་གཅིག་གཞན་རྣམས་ཕྱེད། །སེ་འབྲུ་ཤིང་ཚ་ཕོ་རིལ་རྒྱམ་ཚ་དང་། །ཨ་རུ་མ་ནུ་འུ་སུ་སྐྱུ་རུ་དང་། །རྒྱ་ཚ་སྒ་དང་བོང་དཀར་རྒྱ་མཚལ་དང་། །དོམ་མཁྲིས་རྒྱ་སྐྱེགས་བཙོད་དང་འབྲི་མོག་དང་། །ཕང་འཕངམའི་འབྲུ་དང་རེ་སྐོན་བ་ཤ་ཀ ཨ་ག་རུ་དང་ཛཱ་ཏི་ཙནྡན་དམར། །ཟེ་ཚ་སྟར་བུ་སྦྲུལ་ཤ་བ་སྤྲུ་དང་། །བུ་རམ་སྦྱར་བའི་འོལ་སེ་ཉེར་ལྔ་སྟེ། །མོ་ནད་ཁྲག་ཚབས་རླུང་ཚབས་སྲིན་ཚབས་དང་། །སྐེད་པ་རྐང་དང་རུས་ཚིགས་ཁོལ་ཞིང་ན། །རྒྱུ་ཞབས་མཆིན་མཁྲིས་རོ་སྟོད་འཁོར་ཞིང་ན། །ལྷག་པར་རོ་སྟོད་ཁྲག་མིག་ཁོལ་བ་དང་། །སྙིང་སྲོག་རོ་སྟོད་གཟེར་འཁྱིམ་རྣ་བ་འོན། །འདོམ་འདོམསསྐྲངས་ཚང་ར་རྒྱུ་ཞབས་མཚན་མ་གཟེར། །རྐང་བོལ་ཡན་ཆད་རུས་པ་ཁོལ་ཞིང་ན། །ཀུན་སེལ་མན་ངག་འཛམ་གླིང་ནོར་ཕྱེད་གྲགས། །ཞེས་ཟིན་ཏིག་གཞུང་གི་དངོས་བསྟན་དང་། ཚྭ་བསྲེག་སྦྱོར་བ་སྐྲན་སྐབས་སོང་།

གཉེན་པོ་བཅོ་བརྒྱད་གསུངས་པ་ནི། །གཉེན་པོ་བཅོ་བརྒྱད་གུར་གུམ་བཅུ་གསུམ་སྟེང་། །དམར་པོ་གསུམ་དང་བྲག་ཞུན་ཞུ་མཁན་སྦྱར། །མཁལ་ཚད་བྱེར་འགྲམ་འགྲམསཆུ་སྲི་སྐེད་པ་འཁོར། །དུག་རིགས་མཆིན་ཚད་མོ་ནད་ཁྲག་ཚབས་སོགས། །རྩ་དཀར་ཁྲག་ནད་མཁལ་རྩ་སྣད་འགྲམ་འགྲམསསེལ། །མཆོག་ཏུ་མཁལ་འགྲམ་འགྲམསནད་ལ་བསྔགས་པ་ཡིན། །ཞེས་འབྱུང་།

འོལ་མོ་ཉེར་ལྔའི་སྦྱོར་བ་ཡང་གཅིག་འོལ་བསེ་སེཉེར་ལྔའི་སྦྱོར་བ་ནི། །འོལ་མོ་སེ་དང་རྒྱ་ཚ་ཐང་ཕྲོམ་དཀར། །རྒྱ་རུ་རྒྱ་སྐྱེགས་རྒྱ་སྣག་དང་། །བཙོད་གཙོདརུ་བསེ་རུ་གཡེར་མ་དང་། །རྒྱམ་ཚ་སྟར་བུ་དངུལ་ཆུ་དང་། །མོ་ཡི་སྤྱི་བོའི་སྐྲ་དང་ནི། །ཕོ་ཡི་གསང་སྤུ་བྱི་ལའི་སྤུ། །ཤ་བའི་རྭ་དང་འདི་བཞི་ཡི། །བསྲེགས་ཐལ་གོ་བོའི་གྲེ་བ་དང་། །ཚ་བ་གསུམ་དང་རྡོ་དྲེག་དམར། །ཅོང་ཞི་བྱ་རྒོད་གསེར་ཐིག་དང་། །ལུག་གི་ཤ་མ་སྐམ་པོ་དང་། །ཁྲོན་བུ་དུར་བྱིད་ཁ་རུ་ཚ། །སྦྱར་བ་ཉེར་ལྔའི་སྦྱོར་བ་འདི། །ཞིབ་བཏགས་ཕྱེ་མ་ཆང་གིས་འཕུལ། །སྦྲུམ་མ་མངལ་ཆགས་གྱུར་པ་ཡི། །བཟའ་བ་དང་སྦྱར་ཟླ་ལྔ་ཚུན། །ཟོས་ན་མངལ་འཇིགས་འཇིགབུ་འདོན་བྱེད། །བཙའ་ཁར་རོ་སྨད་ཆུ་ཁ་དང་། །རྒྱུ་ཞབས་བརླ་ནང་བསྐུ་མཉེ་བྱ། །སྣུམ་བྱུགས་གསང་བར་སྣུམ་དྲོད་བདུག སྨན་སྦྱར་འགྲུལ་བཅད་གེགས་མེད་ཐོན། །བཙའ་ནས་མ་སྤང་སྣོད་ལུགས་ལུགདོགས། །ལུགས་ལུགན་ཆུ་འཇམ་གྱིས་བཀྲུ་བཙུད། །ཕྱིང་སྣུམ་ཚན་མོས་ཡང་ཡང་བདུག དྲག་ཤུལ་ཙོག་པུར་སྡོད་པ་སྤང་། །

སྟར་བུ་རུ་རྟ་མཛེ་ཚ་སྒ་སྐྱ་དང་། །ལྕུམ་རྩ་ཚྭ་ལ་བྱང་བུལ་གཡེར་མ་དང་། །རྒྱམ་ཚ་གླ་བའི་མཇུག་རུས་མདའ་རྒྱུས་དང་། །རྒྱ་ཚ་མཚལ་དང་འཕང་འབྲས་མ་གི་ཏ། །མ་ནུ་ཨ་རུ་རྒུན་འབྲུམ་སྐྱེས་པའི་དྲེག སྟར་བུ་བཅུ་དགུ་ལོ་བརྒྱད་དྲི་ཆུས་འཕུལ། །མ་ཞུ་བད་ཀན་དང་ག་མི་བདེ་ཞིང་། །ཁ་ཟས་མི་འཇུ་ཕོ་བ་སྦོས་ཁེངས་སྒྲེག ཁྱད་པར་མོ་ནད་ཁྲག་ཚབས་ཁྲག་སྐྲན་དང་། །མངལ་གྱི་སྲིན་བུ་ཁྲོས་དང་ཚ་གླང་སེལ། །

སྟར་བུ་བཅུ་གཅིག་སྦྱོར་བ་ནི། །སྟར་བུ་རུ་རྟ་ཤུ་དག་གླ་རྩི་དང་། །ཡ་བཀྵ་ར་འོལ་མོ་མཛེ་ཚ་དང་། །སྨན་ཆེན་ཨ་རུ་བུལ་ཏོག་ཟེ་ཚ་དང་། །མགྲོན་ཐལ་བསྡེབས་ལ་ནང་ནུབ་ཆུ་བསྐོལ་དབུལ། །ཁྲག་ཚབས་ཁྲག་སྐྲན་མངལ་གྱི་སྲིན་ཁྲོས་དང་། །ཚ་ལོག་བྱེད་སོགས་མོ་ནད་གསར་རྙིང་འཇོམས། །སྟར་བུ་རུ་རུ་རྟ་མཛེ་མཛེ་ཚ་སྤ་ཡག་འབྲས་བུ་དང་། །སྒ་སྐྱ་འོལ་མོ་ཚྭ་ལ་ཟེ་ཚ་དང་། །མ་ནུ་སུག་སྨེལ་ཕང་འཕངའབྲུ་བསྡེབས་པ་ཡིས། །བུད་མེད་རྒྱུ་ལོང་ཁྲག་མཁར་བཤིག་པར་བྱེད། །ཕོ་ལོང་རྒྱུ་མར་འཕོ་ཞིང་སྲིན་ལྟར་གཟེར། །མཁལ་སྐེད་དཔྱི་མིག་སྨད་དུ་འཁོལ་ཁོལབ་དང་། །ཁྱད་པར་རྒྱུ་ཞབས་ཆུ་ཁུང་གཟེར་བ་སོགས། །ཚབས་བཅུ་མངལ་སྐྲན་དགུ་ཡི་བདུད་རྩི་ཡིན། །ཆུ་ཁ་བསྡམས་ལ་དེ་སྟེང་གཡེར་མ་བསྣན། །ཆུ་སེར་པགས་གྲམ་ཚིག་ཚིགསམིག་བྱེར་བ་ལ། །དངུལ་ཆུ་བསྣན་པས་མཆོག་ཏུ་ཕན་པར་འདུག མོ་གསར་མངལ་གྱི་ཁྲག་སྐྲན་གསར་པ་ལ། །ཤིན་ཏུ་ཕན་པ་སྟར་བུ་བཅུ་གཅིག་གོ

གཡུ་དྲིལ་བཅུ་གསུམ་ཚུལ་བཞིན་སྦྱར་བའི་སྟེང་། །ཙནྡན་བྲག་གི་ཞུན་དང་ཨ་རུ་ར། །གི་ཝང་གུར་གུམ་གཡུ་དྲིལ་བཅོ་བརྒྱད་པས། །སྨུག་པོ་བྱེར་འཐབ་དུག་ཐབས་མོ་ནད་སྲིན། །མཆིན་ཁྲག་ཚ་གྲང་འཐབ་ལ་བདུད་རྩི་འདྲ། །ཞེས་དང་།

སྟར་བུ་བཅོ་བརྒྱད་ནི་སྡུད་པོད་ཆ་ཤས་སུ་འདི་ལྟར། སྟར་བུ་རྒྱ་ཚ་རྒྱམ་ཚ་ཨ་རུ་ར། །བ་སྤྲུ་ཡ་བཀྵ་ར་འོལ་མོ་སེ། །མཛེ་ཚ་ལྕུམ་རྩ་སྒ་སྐྱ་གཡེར་མ་དང་། །ཅོང་ཞི་བྲག་ཞུན་སེ་འབྲུ་ཧ་ཤིག་རྡོ། །ཚྭ་ལ་གུར་གུམ་གསེར་བྱེ་སྦྱར་བ་འདིས། །ཁྲག་ཚབས་ཕོ་མཆིན་མཁལ་མར་བབས་པ་དང་། །ཟླ་མཚན་འགྱིངས་འདྲིལ་འགགས་པ་ལ་སོགས་པ། །སྐྲན་ནད་མ་ལུས་སྦྱོར་འཇོམསཔའི་བདུད་རྩི་ཡིན། །ཞེས་འདུག

ཁྲག་བཤིག་རིན་ཆེན་ཕ་ལམ་ནི། །སྐྱུ་རུ་ཨ་རུ་ཚྭ་ལ་བ་རུ་ར། །སྟར་བུ་ཧོང་ལེན་རྒྱ་སྐྱེགས་པྲི་ཡང་ཀུ། ཞུ་མཁན་མཛོ་ཚེར་འབྲི་མོག་ཙནྡན་དམར། །ཏིག་ཏ་བ་ལེ་བ་ཤ་འོལ་མོ་སེ། །མཛེ་ཚ་རྒྱ་རུ་མདེལ་མདེའུའབྱིན་འུ་སུ་མཚལ། །གུར་གུམ་རུ་རྟ་གཡེར་ཤིང་གཟེ་ལྕམ་དང་། །མ་ནུ་གི་ཝང་ཅོང་ཞི་དམར་པོ་རྣམས། །ཞིབ་བཏགས་ཕྱེ་མ་བྲ་བོའི་ཐང་གིས་འཕུལ། །ཟླ་མཚན་གྱེན་ལོག་ཁྲག་ནད་སྟོད་རྒྱས་དང་། །མཚོན་ཕོག་བརྡབ་ཁྲག་སྟོད་དུ་འཁར་མཁརབ་དང་། །སྟོད་ཚད་ཁྲག་ཏུ་རྒྱས་པ་རྩ་སྦུག་སོགས། །དམར་ནག་རྩ་མཁྲིས་ཁྲག་ཆགས་འགགས་འཕྱུར་འཐམ། །མེ་ལྟར་འབར་བའི་ཁྲག་ནད་ཚ་བར་འགྱུར། །ཟླ་མཚན་འགགས་འཁྱིལ་ཁྲག་ཞེན་རྒྱུ་ཞབས་གཟེར། །ཁྲག་འདྲིལ་རྒྱུ་མ་སྐྲངས་པས་བསྡམས་པ་དང་། །སྟོད་ཚད་སྨད་གྲང་ལ་སོགས་ཁྲག་གི་ནད། །ཀུན་འཇོམས་ཁྱད་པར་ཁྲག་མཁར་ཆགས་པ་བཤིག ཁྲག་རྒན་ཐུར་དུ་འཐེན་པའི་གོང་ནོན་ཡིན། །ཚབས་ཆེ་ཁྲག་བཤལ་རྩ་བཤལ་འཇམ་རྒྱུག་བསྟེན། །

མོ་ནད་སེལ་བའི་ཙནྡན་བཅོ་བརྒྱད་ནི། །ཙནྡན་དཀར་དམར་བསིལ་གསུམ་བསེ་རུའི་རྭ། །ཨ་གར་མ་ནུ་འུ་སུ་སྤོས་དཀར་དང་། །གོ་སྙོད་ཅོང་ཞི་དམར་པོ་སྤང་རྒྱན་དཀར། །ཤིང་མངར་ག་དུར་རུ་རྟ་བྲག་ཞུན་དང་། །ཨ་རུ་ར་དང་སྦྱར་བའི་བཅོ་བརྒྱད་འདིས། །མོ་ནད་ཁྲག་འཁྲུགས་སྟོད་རྒྱས་སྙིང་ནད་སེལ། །

རྒྱ་རུ་བཅུ་བཞི། རྒྱ་རུ་བསེ་རུ་ཤ་རུ་གསུམ། །གུར་གུམ་དོམ་མཁྲིས་མཚལ་དཀར་གསུམ། །ཙནྡན་ཛཱ་ཏི་སུག་སྨེལ་གསུམ། །རྒྱ་སྐྱེགས་བཙོད་དང་ཤུག་ཚེར་གསུམ། །སེ་འབྲུ་བ་སྤྲུ་བཅུ་བཞི་པ། །ཕྱེ་མ་སུ་རའི་རྟ་ལ་བསྐྱོན། །ཁྲག་ཚབས་རྐེད་རུས་རྒྱུ་ཞབས་གཟེར། །དབུགས་སྣ་ཐུང་ཞིང་སྟོད་གཟེར་སོགས། །མངལ་སྐྱོན་ཁྲག་ཚབས་མ་ལུས་སེལ། །

རུ་རྟ་ཉེར་གཅིག་སྦྱོར་བ་ནི། །རུ་རྟ་གླ་རྩི་ཡ་བཀ་བགའོལ་མོ་སེ། །ཨ་རུ་གསེར་མདོག་བ་སྤྲུ་བཟང་པོ་ལྔ་ཀོ་ལ་མ་གཏོགས། །མགྲོན་ཐལ་བུལ་ཏོག་ཟེ་ཚ་སྐགས། །འབྲི་མོག་སྨྱུག་ཤུན་ཞུ་མཁན་དང་། །སྦྲུལ་ཤ་རྒྱམ་ཚ་གོ་སྙོད་འབྲུ། །བུ་རམ་རྟ་སྦྱར་སྟར་བུ་ཡིས། །རིལ་བུ་ལྔ་བདུན་དགུ་སོགས་སྦྱར། །ཡང་ན་སྨན་དམར་མརལྡེ་གུ་སོགས། །ནད་བབ་རིགས་རིགཔའི་མདའ་དང་བསྟུན། །མོ་ནད་སྟོང་གི་གཉེན་པོ་འདུག བདེན་རྫུན་ལག་ཏུ་ལོངས་དང་གསལ། །ཞེས་སོ། །

X