//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

ལྷན་སྐྱེས་རྨ་གསོ་བའི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 11:26:08 ཀློག་གྲངས། 20 

རྐང་འབམ་སྨན་སྐོར་གསེར་ཐང་བཅོ་བརྒྱད་སྦྱོར་བ་ནི། །ཨ་རུ་གསེར་མདོག་བ་རུ་ར། །སླེ་ཏྲེས་སེང་ལྡེང་སྐྱུ་རུ་ར། །ཀོ་བྱི་ཨར་ནག་ཛཱ་ཏི་དང་། །ལི་ཤི་ཚེར་སྔོན་རུ་རྟ་དང་། །གུ་གུལ་དཀར་ནག་སྐབས་དང་སྦྱར། །ཙན་དམར་མཛོ་ཤིང་ཚོས་གཙོད་བཙོདདང་། །མ་ནུ་ཀཎྡྲི་སྒ་སྐྱ་དང་། །སྟོད་དུ་ཁ་ལྕེ་སྐམ་པའི་དུས། །སོ་ཕག་འུ་སུ་སྟབས་སྟབསེང་སྦྱར། །སྨད་དུ་དྲི་ཆུ་བྲི་པའི་དུས། །གསེར་བྱེ་གཟེ་ལྕམ་སྡིག་སྲིན་རྣམས། །སྐབས་དང་སྦྱར་བ་མན་ངག་ཡིན། །འབམ་རིགས་ལ་སོགས་ཁྲག་མཁྲིས་ནད། །སྟོད་གཟེར་དབུགས་ཐུང་རྔམས་རྔམཔ་རྒོད། །འདུ་བ་འཁྲུགས་པའི་ནད་རྣམས་ལ། །བདུད་རྩི་ལྟ་བུ་ཨེ་མ་ཧོ། །

ཨ་གར་བཅུ་དགུ་ནི། ཨ་གར་ལི་ཤི་ཀོ་བྱི་སྙིང་ཞོ་ཤ ཛཱ་ཏི་ཧོང་ལེན་གེ་སར་གུ་གུལ་དཀར་ནག་གཉིས། །གཟེར་སྨན་གསུམ་ཨ་བྱག་ཚེར་སྔོན་གཉིས་དང་མིང་ཅན་གསུམ་དང་ཀླུ་བདུད་སྤུ་ཤེལ་རྩེ། །མ་ནུ་རུ་རྟ་སྨན་ཆེན་སྐྱུ་རུ་ར། །ཨ་རུ་སྦྱར་བའི་ཨ་གར་བཅུ་དགུ་འདིས། །ཁྲག་རླུང་སྟོད་རྒྱས་སྨུག་པོ་སྟོད་ཞུགས་དང་། །སྟོད་གཟེར་གཉན་ཚད་རླུང་གསུམ་འདྲེས་པ་དང་། །ཁྱད་པར་འབམ་ནད་སྟོད་དུ་ཕྱུར་འཕྱུརབ་ལ། །མེ་སྟེང་ཆུ་བླུག་བཞིན་དུ་འཕྲལ་ཟུག་གཅོག ཡུན་དུ་བསྟེན་ན་སྟོད་འབམ་སྨད་དུ་བབས། །གཉན་མེད་སྨན་ཆེན་ཚབ་ཏུ་ཙན་དམར་བཏང་། །

མ་ནུ་བཞི་སྟེང་ཀོ་བྱི་རྡོག་གཅིག་བསྣན། །ལྔ་ཐང་བཏང་བས་ཁྲག་རླུང་སྟོད་འཚང་ལྡོག

དཔའ་བོ་དྲུག་པ་ཁྱུང་སྟེང་གི་ཝཾ་དང་། །གུ་གུལ་མཚལ་གསུམ་བསྣན་པའི་ལུགས་གསུམ་འདུག གང་ཡང་གཉན་ཤས་ཆེ་བའི་འབམ་ལ་བསྔགས། །

ཨ་རུ་ཉེར་ལྔའི་སྦྱོར་བ་ནི། །ཨ་རུ་གསེར་མདོག་རྡོག་པོ་གཅིག བཟང་དྲུག་ཙན་དན་འབྲས་བུ་གསུམ། །བསེ་རུ་གི་ཝཾ་པི་པི་ལིང་། །རུ་རྟ་རྒྱ་སྐག་ཟི་ར་གཉིས། །ཤིང་མངར་ས་འཛིན་གསེར་བྱེ་དང་། །ཤིང་ཚ་སྡིག་སྲིན་མཁལ་མ་ཞོ། །བྲག་ཞུན་ཀ་ར་ཉི་ཤུ་ལྔ། །རྩ་དཀར་མཁལ་འགྲམ་འགྲམསརྩ་བྱེར་དང་། །ཁྲག་ནད་མཁལ་བབ་བདུད་རྩི་ཡིན། །

ཁྱུང་ལྔའི་སྟེང་དུ་གི་ཝཾ་ཅུ་གུལ་བསྡེབ། །འདི་ནི་དཔའ་བོ་བརྒྱད་ཅེས་གྲགས། །འབམ་ནད་ཚ་གྲང་མེད་པར་འཇོམས། །

རྐང་འབམ་སྤྱི་སྨན་གླང་ཆེན་བཅོ་བརྒྱད་ནི། །གི་ཝཾ་ཅུ་གང་བཟང་དྲུག་ཙན་དན་གཉིས། །ཨར་ནག་ཏིག་ཏ་རེ་སྐོན་བ་ཤ་ཀ མ་ནུ་འུ་སུ་སྐྱུ་རུ་པྲི་ཡང་ཀུ། ཨུཏྦལ་གསེར་མེ་བྲག་ཞུན་བ་ལེ་ཀ རུ་རྟ་སྦྱར་བའི་གླང་ཆེན་བཅོ་བརྒྱད་འདི། །བསྐོལ་གྲང་ཆུ་ཡི་རྟ་ལ་བསྐྱོན། །སྒུལ་བསྐྱོད་མི་བྱ་གདན་ས་བཟུང་། །རྐང་ནད་ཚ་གྲང་མེད་པར་འཇོམས། །

བདུན་ཐང་སྟེང་དུ་ཨ་བྱག་གཟེར་འཇོམས་དང་། །སྐྱུ་རུ་ར་ནི་ཀུན་དང་བུངས་མཉམ་བྱ། །ཆུ་འོར་གསང་སྨན་རཏྣ་བརྒྱད་སྦྱོར་གྲགས། །

གསང་སྨན་ཆེན་མོའི་འབྱར། འབམ་ནད་སྟོད་དུ་ཕྱུར་འཕྱུརགསང་སྨན་ཆེན་མོའི་འབྱར་བ་ལ། །ཚན་དམར་སྲོ་ལོ་དམར་པོའང་ཟེར་སྐྱེར་དཀར་པའི་འབྲས་བུ་གཉིས། །བུངས་མཉམ་ཞིབ་བཏགས་སྐྱོ་མ་གར་པོ་སྟོད་ཡུལ་དུ། །ཁྱབ་བྱུགས་རས་དཀར་ཆུར་སྦང་དཀྲི། མེ་ལ་ཆུ་བླུག་བཞིན་འཇོམས་ཞེས། །ཟབ་གནད་ཡིན་གསུངས་ཨེ་ཡིན་སྙམ། །

འབམ་གྱི་བྱུག་སྨན། མ་ནུ་མཐིང་རྒྱུས་རྡོ་རྒྱུས་སྦལ་རྒྱབ་དང་། །སྤང་སྤོས་ཤིང་མངར་ཡུང་བ་བཙན་དུག་རྣམས། །ཆ་མཉམ་ཞིབ་བཏགས་ར་ཀླད་ར་ཚིལ་སྦྱར། །འབམ་མཇུག་ཆུ་རྒྱུས་འཁུམས་ལ་མཆོག་ཏུ་ཕན། །

རྐང་འབམ་མི་ལྡོག་བྱུག་པ་ནི། །སྦལ་རྒྱབ་རྡོ་རྒྱུས་འབྲུག་རུས་དང་། །བྱང་བ་མི་ཡི་རྐང་མགོ་དང་། །སྤང་སྤོས་ཤིང་མངར་གཡེར་མ་དང་། །ཤུ་དག་བུལ་ཏོག་ཞིབ་པར་བཏགས། །ལོ་མར་སྦྱར་ནས་བྱུགས་པ་ཡིས། །རྐང་འབམ་ནད་རིགས་ལྡོག་མི་སྲིད། །ཅེས་སོ། །

འབྲི་ལུགས་བྱུག་སྨན། རྐང་འབམ་ནད་ཀྱི་ཕྱི་རྗེས་གཅོད་པའི་ཐབས། །བྱུག་པ་རུས་ཆེན་གསུམ་མི་རྟ་ཁྱི་གྱི་འཕྲུལ་ཐལ་ལ། །གཡའ་སྔོན་བསྲེགས་པའི་ཐལ་བ་དང་བཅས་པ། །བཞི་མཉམ་ངར་འདོན་གུ་གུལ་དོམ་གྱི་བྲུན། །ཅུང་ཟད་བསྲེས་ལ་རྟ་ཡི་རྐང་མར་རམ། །འབྲུ་མར་རྙིང་པ་གང་རུང་དང་སྦྱར་ནས། །རྐང་པར་དང་པོར་གཏུག་ཅིང་བར་དུ་སྐམ། །ཐ་མ་མདོག་འགྱུར་ཡང་ཡང་བྱུག་ཅིང་བསྟིམ། །མེ་ཉིར་བསྲེགས་པས་ནད་ཕྱིར་མི་ལྡང་བ། །གདམས་ཟབ་ངོ་མཚར་འབྲི་གུང་པ་ཡི་ལུགས། །

བླ་གཉན་འབམ་ཆུར་འགྱུར་བ་ལ། །གུར་གུམ་ཆུ་འབབ་འབེབསསྦྱོར་བ་ནི། །གུར་གུམ་བཅུ་གསུམ་སྟེང་དུ་ནི། །སྡིག་སྲིན་གསེར་བྱེ་འུ་སུ་དང་། །ལྕམ་པ་རྒྱ་ཚ་གཟེ་མ་དང་། །འབུ་སྐྱོགས་འུག་སྒྲོ་སེ་འབྲུ་དང་། །པྲི་ཡང་ཀུ་དང་ཆུ་མ་རྩི། །བཏང་བས་ཚ་ཆུའི་ནད་རྣམས་ནི། །རྫ་མའི་ཐེམ་བུ་བཏང་དང་མཚུངས། །

ཡང་ན་གུར་གུམ་བཅུ་གསུམ་སྟེང་། །རྒྱ་ཚ་སྡིག་སྲིན་གསེར་བྱེ་དང་། །སྔོན་མོ་ཆབ་འདྲེན་ལྡེ་གུ་དང་། །འུ་སྐྱུར་ལྷ་མོ་ཤིང་མངར་དང་། །པི་པི་ལིང་དང་གཟེ་མ་རྣམས། །ལྡན་འདུས་ཆུ་ལ་བསྔགས་པ་ཡིན། །

ཡང་ན་གུར་གུམ་བཅུ་གསུམ་སྟེང་། །སེ་འབྲུ་སྡིག་སྲིན་གསེར་བྱེ་དང་། །ཉི་དགའ་འུ་སུ་གཟེ་མ་དང་། །ཤིང་མངར་འཇིབ་རྩི་སྲད་དཀར་བསྣན། །ཁྲམ་ཁྲུམ་ཞིབ་ཅིང་རན་པར་བསྡུས། །བསྡུས་ཁུ་དྲོ་འཇམ་རན་པར་བཏུང་། །རླུང་ཆུ་འབྱེད་ཅིང་སྐྲང་མཁར་འཇིགསའཇིག ཁྲག་ཤས་ཆེ་ན་སྐྱུ་རུ་བསྣན། །གྲང་ཆུ་ངེས་པར་སྨིན་པའི་ཚེ། །ལ་ཕུག་བརྡར་ཁུ་ཉག་གཅིག་དང་། །ཟེ་ཚ་པི་ལིང་ཙི་ཏྲ་ཀ མཚོན་ཙམ་འདེབས་པ་མཁས་པའི་ལུགས། །གཉན་ཤས་ཆེ་ན་དངུལ་ཆུ་བསྣན། །ཞེས་སོ། །

X