//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

ཐོར་བུའི་ནད་ཀྱི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 11:25:02 ཀློག་གྲངས། 38 

ཐོར་ནད་སྐད་འགགས་སྨན་སྐོར་མན་རྒྱུད་ལས། །ལི་ཤི་བརྒྱད་པ། ཨ་རུ་ཅུ་གང་ཤིང་མངར་སྤང་རྒྱན་དཀར། །སྲོ་ལོ་སུག་སྨེལ་ལི་ཤི་ཀ་ར་སྦྱར། །འདུ་འཁྲུགས་རྒྱུས་བསྐྱེད་སྐད་འགགས་ནད་བདུན་སེལ། །

གི་ཝང་གུར་གུམ་ཅུ་གང་ལི་སུག་དང་། །ཤིང་མངར་སྲོ་ལོ་གསེར་མདོག་ཅོང་ཞི་མཉམ། །རུ་རྟ་སྟར་བུ་ཆ་ཚད་གཉིས་བསྐྱེད་ཀྱི། །སྤང་རྒྱན་དཀར་པོ་ཀ་རའི་རིལ་བུ་སྦྱར། །ཐོ་རངས་རྒྱུན་བསྟེན་ལྷ་ཡི་རོལ་དབྱངས་ལྟར། །ཆེ་ཟབ་གྲེ་འགྱུར་གང་འདོད་གྲོགས་ལ་བསླབ། །སྐད་སྨན་རྒྱལ་པོ་འཛམ་གླིང་འབྲུག་སྒྲ་ཞེས། །

ཡི་ག་འཆུས་སྨན་ལ་ཕུད་བདུན་པ་ནི། །ལ་ལ་ཕུད་དང་ད་ཏྲིག་སྟར་བུ་སྒ། །སེ་འབྲུ་རྒྱ་ཤུག་ཀ་ར་འུ་སུ་དང་། །ཤིང་ཚ་ཁ་རུ་ཚ་དང་པི་པི་ལིང་། །གོ་སྙོད་ན་ལེ་ཤམ་སྦྱར་ཡི་ག་འབྱེད། །

  སུག་སྨེལ་བདུན་པ། སུག་སྨེལ་ཤིང་ཚ་ནཱ་ག་པུཥྞཱི་དང་། །ཚ་བ་གསུམ་གྱི་ཕྱེ་མས་ཡི་ག་འཆུས་པ་སེལ། །

སོ་ཕག་སུམ་ཐང་། སོ་ཕག་བསྡུས་ཁུར་འུ་སུ་ཀ་ར་བཏབ། །མཁུར་བཀང་ཁ་ལྕེ་གྲེ་བ་སྐམ་པ་སེལ། །

གླང་ཐབས་སྨན་སྐོར་ཕན་པ་ཀུན་ལྡན་ནི། །རྩ་བ་དཀར་པོ་རིལ་མ་ཙམ། །འབྲས་བུ་བཏང་ན་ཉི་ཤུ་གཅིག སེ་འབྲུ་སུག་སྨེལ་རྒྱ་ཚ་དང་། །གླ་རྩི་ཤིང་ཀུན་བྱི་ཏང་ཀ གཡའ་ཀྱི་མ་ནུ་ཤ་ཕོ་རུ། །ཁ་ཆེ་གུར་གུམ་ཕོ་བ་རིལ། །སྡིག་སྲིན་རྒྱམ་ཚ་ཨ་རུ་ར། །བོང་དཀར་ཐར་ནུ་དུར་བྱིད་རྣམས། །ཞིབ་བཏགས་བུར་དཀར་རིལ་བུ་ནི། །ཆེ་ཆུང་བྲ་བའི་རིལ་མ་ཙམ། །ལྔ་བདུན་དགུ་དང་བཅུ་གཅིག་སོགས། །ན་ཚོད་ནད་སྟོབས་སྦྱར་ལ་བཏང་། །མཆིན་མཆེར་ལས་བྱུང་དོན་གླང་དང་། །ཕོ་གླང་རྒྱུ་མའི་སྣོད་གླང་དང་། །གཉན་གླང་དང་ནི་སྲིན་གླང་དང་། །ཕྱི་ནང་རྩ་ཡི་གླང་འཐབ་ཐབསསོགས། །ཀུན་ལ་ལྟོ་རུ་གྲོས་དྲོསཙམ་གྱིས། །ཟུག་གཟེར་ཆོག་པར་ཐེ་ཚོམ་མེད། །ཟ་ཟི་ཆལ་ཆོལ་སྐྱོན་ལངས་ན། །མར་གསར་སྡོར་ལྡན་ཐུག་པ་བཏང་། །ཡང་ན་པི་ལིང་ཐང་བཏང་འཇོམས། །

དཔའ་བོ་ཉེར་ལྔའི་སྦྱོར་བ་ནི། །ཐར་ནུ་དུར་བྱིད་ཆུ་རྩ་གསུམ། །སྦྱོང་བར་བྱེད་པའི་སྨན་གསུམ་ཡིན། །བཙན་དུག་སྟག་ཤ་རེ་ལྕག་གསུམ། །གསོད་པར་བྱེད་པའི་སྨན་གསུམ་ཡིན། །མུ་ཟི་རྒྱ་ཚ་སྡིག་སྲིན་གསུམ། །རྩ་ལ་རྒྱུག་པའི་སྨན་གསུམ་ཡིན། །གླ་རྩི་གུར་གུམ་གུ་གུལགི་ཝང་གསུམ། །འདུལ་བར་བྱེད་པའི་སྨན་གསུམ་ཡིན། །ཤུ་དག་སྤྲུ་ནག་ཨ་བྱག་གསུམ། །མཐའ་ནས་སྡུད་པའི་སྨན་གསུམ་ཡིན། །གུར་གུམ་ཅུ་གང་ལི་ཤི་གསུམ། །འདུ་བ་ཆ་སྙོམས་སྨན་གསུམ་ཡིན། །ཨ་རུ་ཧོང་ལེན་ཤ་ཆེན་གསུམ། །ཚོད་འཛིན་བྱེད་པའི་སྨན་གསུམ་ཡིན། །

མིང་ཅན་ལྕགས་ཀྱུ་རྒོད་སྤོས་གསུམ། །ནད་དཔུང་འཇོམས་པའི་སྨན་གསུམ་ཡིན། །འཇོམས་བྱེད་དཔའ་བོ་བི་ཎྜྷ་ཕྱེད་ཅན་ཞིགསྟེ། །སྦྱོར་བ་ཉི་ཤུ་རྩ་ལྔ་འདི། །

སོ་སོའི་ཁ་བསྒྱུར་ནད་སྟེང་ཁྲིད། །རིལ་བུ་སྲན་དཀར་ཆུང་ཤོས་ཙམ། །དགུ་དང་ཉེར་གཅིག་རིགས་རིགཔས་དཔྱད། །གག་ལྷོག་གཟེར་དང་ཡ་མའི་རིགས། །ཆུ་སེར་བདུན་དྲུག་གཉེན་གཉནགཟེར་དྲུག ཐམས་ཅད་འཇོམས་པར་བྱེད་པའི་མཆོག

རུ་རྟ་བཅུ་བཞི་སྦྱོར་བ་ནི། །རུ་རྟ་མ་ནུ་སྒ་དང་བུལ་ཏོག་ལྕུམ། །ཨ་རུ་ལྕགས་དྲེག་ཚྭ་ལ་ཅོང་ཞི་དང་། །རྒྱམ་ཚ་བ་ཤ་ཀ་དང་རེ་སྐོན་པ། །བུལ་ཏོག་གོ་སྙོད་རུ་རྟ་བཅུ་བཞི་སྟེ། །བད་ཀན་སྐྱ་སྨུག་ལྕགས་དྲེག་ལྷེན་གཟེར་འཇོམས། །

འཆི་མེད་སྲིན་སེལ་སྦྱོར་བ་ལ། །གཏུམ་པོ་ཁྱུང་བོང་ང་ནི་ཆ་གཅིག་ལ། །ཨ་མྲྀ་ཏ་ཨ་རུ་གསེར་མདོག་ནི་ཆ་ལྔ་སྟེ། །ཨ་མ་ལྡན་པ་རུ་རྟ་ཆ་གསུམ་སྦྱར། །ཙ་ལ་ཤུ་དག་ཞེས་བྱ་ཆ་གཉིས་དང་། །ཀཏྤཱ་ར་གླ་རྩི་ནི་ཕྱེད་དུ་འདོད། །སྲིན་དགྲ་བྱི་ཏང་ཀ་སྟོང་སེལ་འདུ་འཇོམས་ནི། །སྦྱོར་བ་འདི་དང་བུངས་མཉམ་སྦྱོར། །མགོ་སྲིན་སོ་སྲིན་ཁོང་སྲིན་དང་། །གཞང་སྲིན་ལྤགས་པགསསྲིན་ལ་སོགས་པ། །ཚ་སྲིན་གྲང་སྲིན་བརྟག་མི་དགོས། །སྲིན་གྱི་གྲོང་ཁྱེར་ཀུན་འཇོམས་ཤིང་། །མཆོག་ཏུ་གཉན་སྲིན་གླང་ཐབས་སེལ། །

ལྷ་ལུང་བའི་སྨན་ནག་ནི་རྩ་བའི་སྨན་ལྔ་གོང་གི་རིམས་སྐབས་སྨན་ནག་ཆེན་མོ་ལྟར་དང་། དེ་སྟེང་མགོ་ཐང་ཐོད། ཏིག་ཏ། འབྲུག་རུས་གསུམ། གཡའ་ཀྱི་ཨ་བྱག་བཅས་དང་། ཨིནྜ་ཨིནྡྲབཞི་དུག་ཉུང་། བོང་དཀར། ག་དུར། བ་ལེ་ཀ་བཅས མཁྲིས་ཕྱེ་བདུན་དོམ་མཁྲིས་གསེར་མེ་དུག་ཉུང་གླ་སྒང་བོང་དཀར་བ་ལེ་རེ་སྐོན་བཅས་བསྣན། གོང་གི་ནང་དེ་བ་ལྔ།སྙ་ལོ་སོགས་ཅ་ཆ་ཇ་ཉའི་མུ་མཱལ་སྟེ་ཁ་ཚར་བསྲེག་སྨན། སྨན་བཞི་ཕྲི་གཞན་ཁ་ཚར་རྣམས་གོང་ལྟར་སྦྱར་བས་འགྲུབ་བོ། །

ཁོང་ལྷོག་གཉེན་པོ་རྒྱལ་བློན་བཅུ་བདུན་ནི། །རྒྱལ་པོ་གཅིག་ཐུབ་དཔའ་བོ་ཞོ་གང་ལ། །བློན་པོ་མ་གི་ཞོ་ཕྱེད་ཞལ་ཁ་བསྒྱུར། །དམག་མི་ས་བཅུད་ཕོ་མོ་དྭ་བ་དང་། །ཤུ་དག་འཛིན་པ་གུ་གུལ་སྤྲུ་མ་ནག བྱི་ཏང་མེ་རུ་སྒོག་སྐྱ་ལང་ཐང་རྩེ། །རྩི་ཆེན་གཡེར་མ་དྲེས་མའི་འབྲས་བུ་རྣམས། །ཐུན་ཕྲན་རེ་རེས་ཆ་མཉམ་ཞིབ་བཏགས་ལ། །རྡོ་ཡི་དྭངས་མ་རྣོ་བའི་མཚོན་ཆར་བསྐུལ། །ནག་བྲུནགསུམ་ཕུར་མང་མོངཁུ་བ་གདུག་གདུསཔས་འཕུལ། །ཐུན་ཚད་ནད་སྟོབས་སྦྱར་བས་གཉན་སྲིན་འཇོམས། །ས་སྟེང་འདི་ལ་གཉན་དང་སྲིན་གྱི་ནད། །སྦྱོར་བ་འདི་ཡིས་མི་འཇོམས་ཡོད་མི་སྲིད། །འདི་མེད་ཁོང་ལྷོག་གསོད་འདོད་སྨན་པ་རྣམས། །དཔའ་བོ་མཚོན་མེད་གཡུལ་ངོར་འཇུག་པ་འདྲ། །དེས་ན་འདི་ལ་ཤིན་ཏུ་གཅེས་པར་ཟུངས། །

འཕུར་སླེབས་བཞི་སྦྱོར་ཞེས་པ་ནི། །འཕུར་སླེབས་གུར་གུམ་ཨ་རུ་ར། །སྤང་སྤོས་སྦྱར་བའི་ཕྱེ་རིལ་གང་། །དུག་རིགས་མ་ལུས་འཇོམས་ཞེས་གསུངས། །འཕུར་སླེབས་གླ་རྩི་རུ་རྟ་པི་པི་ལིང་། །ཆ་མཉམ་ཆུ་བསྐོལ་གྱིས་འཕུལ་ཕན་ཡོན་ནི། །གཉན་སྲིན་གླང་འཐབ་ཐབསཕོ་ལྷོག་དང་། །བད་ཀན་ལྟོ་སྦོས་མ་ཞུ་འཇོམས། །ཞེས་གསུངས་འདུག

ག་བུར་མཆུ་ལ་དངུལ་ཆུའི་སྡེར། །བཟང་པོ་དྲུག་གི་གཤོག་སྒྲོ་ལ། །གི་ཝང་དང་ནི་ལྡོང་རོས་རྭ། །ཨ་བྱག་སྟག་ཤ་སྤྱན་མིག་སྟེ། །འདི་ནི་ཟླ་འོད་ནོར་བུའི་ཁྱུང་། །གཉན་རིམས་ཚད་གཟེར་ཚ་ཆུ་སྐྲན། །སྲིན་དང་ཡ་མ་ཕོ་གླང་འབྲས། །གཟའ་མཛེ་ཆུ་སེར་མ་ལུས་འཇོམས། །

དམར་མོ་སྤྱི་འཇོམས་བཤལ་སྦྱོར་ནི། །ཁ་ཆེ་དུར་བྱིད་རྒྱ་ཚ་གསུམ། །འཕུར་སླེབས་ལྕུམ་རྩ་སྔོན་འབུ་བུགསུམ། །གླ་རྩི་གུ་གུལ་ཤུ་དག་གསུམ། །ཀ་མོ་ཐར་ནུ་ཨ་རུ་ཤུག་ཚེར་སྤྲ་སྤྲུམ་གསུམ། །ཐར་ནུ་སུམ་འགྱུར་གཞན་ཆ་སྙོམས། །རྒྱ་སྐག་ཉིས་འགྱུར་ན་བཟའ་གསོལ། །རིལ་བུའི་ཚད་ནི་ཡུངས་ཀར་ཙམ། །ཐུན་ཚད་ནད་ཀྱི་སྟོབས་དང་སྦྱར། །སྨུག་པོ་རྒྱས་དང་འགྱིང་པ་དང་། །འགྲིལ་དང་བྱེར་དང་ཡས་བབ་དང་། །ལྷེན་དང་ལྕགས་དྲེག་མ་ཞུ་དང་། །དུག་ཐབས་ཀུན་གྱི་གཉེན་པོ་ཡིན། །དམར་མོ་མང་སྟེ་དམར་ངེས་ཉུང་། །དམར་མོ་ཡང་དག་འདི་ལ་ཟེར། །གདོན་གྱི་ཐོག་ཏུ་ཕྱག་རྡོར་ཡིན། །དུག་ཐོག་རྨ་བྱ་ཆེན་མོ་ཡིན། །ཞེས་སོ། །

སྲིན་ནད་སྨན་སྐོར་བྱི་ཏང་བདུན་པ་ནི། །བྱི་ཏང་ཀ་དང་ཤིང་ཀུན་མེ་རུ་རྩེ། །བཅའ་སྒ་གླ་རྩི་ཕུར་ཐལ་པི་པི་ལིང་། །བུར་དཀར་སྦྱར་བའི་བྱི་ཏང་བདུན་པ་སྟེ། །ཕོ་གླང་སྲིན་དང་གཞང་སྲིན་གྲང་བ་འཇོམས། །

གར་ནག་གླ་རྩི་འཛིན་པ་བོང་ང་དཀར། །བྲག་ཞུན་ཨ་རུ་སེ་འབྲུ་པཪྤ་ཏ། །ཀ་ར་སྦྱར་བ་ཆུ་བསྐོལ་འཕུལ་ལ་བཏང་། །གར་ནག་བརྒྱདའི་སྦྱོར་བ་འདི་ཡིས་ནི། །མཁྲིས་སྲིན་དུག་ཐབས་བད་མཁྲིས་མགོ་ནད་དང་། །ཁྱད་པར་ཡ་མ་ཚད་པ་ཚ་གྲངའཇོམས་པའི་མཆོག

གསེར་མདོག་སེ་འབྲུ་གསེར་གྱི་མེ་ཏོག་དང་། །བྲག་ཞུན་གར་ནག་གླ་རྩི་བོང་ང་དཀར། །བྱི་ཏང་པཪྤ་ཏ་དང་འཛིན་པ་དང་། །སེ་མེ་སྦྱར་བའི་གསེར་མདོག་བཅུ་གཅིག་ཅེས། །ཆུ་བསྐོལ་འཕུལ་བས་མཁྲིས་སྲིན་དུག་འཐབ་ཐབསདང་། །བད་མཁྲིས་མགོ་ནད་ཕོ་ཁ་རྒྱུ་མ་རུ། །ཁྲག་མཁྲིས་ལྷུང་བའི་སྣོད་ཀྱི་མཁྲིས་སྐྲན་དང་། །མ་ཞུ་མིག་སེར་ཁྱད་པར་ཡ་མའི་ནད། །ཚད་པ་འཇོམས་ཤིང་ཤ་ཀྵཡ་མིག་སེར་དང་། །ཀྵ་ཡ་ནག་པོ་སོགས་ཀྱི་ནད་རྣམས་ལ། །དྲི་བྲོ་ཙམ་གྱིས་ཐེ་ཚོམ་མི་དགོས་སོ། །

གཡུ་ཐོག་ལུགས་ཀྱི་སྲིན་སྨན། རྩ་ལང་ཐང་རྩེ་དང་རྩི་གུར་གུམ་དང་རྡོ་མུ་ཟི་ནག་པོ་དང་ནི། །རྨ་བྱ་འཚོ་བ་སྨན་ཆེན་ཨ་ཨ་རུ་གསེར་མདོག་བར་བ་རུ་ར་ཤ་ཕོ་རུ་རྟ་ དྲི་ཆེན་ཤུ་དག་ཤིང་ཤིང་ཀུན་དང་བྱ་ཁྱུང་ཁྲག་གླ་རྩི། །རླུང་གི་བསིལ་ཡབ་ཨར་ནག་འབྲས་བུའི་མཆོག་ཐང་ཕྲོམ་འབྲས་བུ རྩི་ཐོག་སྙིང་པོའི་སྨན་རྟ་མར་ཁུས་ཕུལ་བ་ཁོང་དུ་བཏང་རྟ་ལ་བསྐྱོན། །ནད་རོ་བ་སྤུའི་སྒོ་ནས་འབྱིན། །ཤ་གསར་ཚོ་ཁུས་རླུང་སྣར་སྣམནན། །འདི་བས་ལྷག་པའི་སྨན་དང་དཔྱད། །ཡ་མ་གསོ་བའི་གཉེན་པོ་མེད། །མཁས་པ་གཡུ་ཐོག་མགོན་པོའི་ལུགས། །

བྱི་ཏང་ཀ་དང་གུ་གུལ་ཤུ་དག་ནག གར་ནག་ཐང་ཕྲོམ་འབྲས་བུ་ཤ་བའི་ཚིལ། །དུ་བས་བདུག་པས་ཡ་འཇོམས་རྡོ་རྗེ་ཞེས། །

གར་ནག་བཅུ་གསུམ་སྦྱོར་བ་ནི། །གར་ནག་མ་ནུ་གསེར་མདོག་དང་། །ཏིག་ཏ་བོང་དཀར་སྤུ་ཤེལ་རྩེ། །བ་ཤ་ཀ་དང་པཪྤ་ཏ། །པྲི་ཡང་བྲག་ཞུན་དུག་མོ་ཉུང་། །ལི་ག་དུར་དང་བ་ལེ་ཀ གཉན་དང་ཚད་པ་འདྲེས་པ་ལ། །བདུད་རྩི་ལོ་མ་བསྡེབས་ཏེ་བཏང་། །མཁྲིས་ནད་ཚ་བ་མ་ལུས་འཇོམས། །

ཡ་མ་འཇོམས་པའི་གནམ་ལྕགས་ཐོག་མདའ་ནི། །ཤིང་ཀུན་གླ་རྩི་ལང་ཐང་རྩེ་དང་གསུམ། །ཞིབ་པར་བཏགས་ལ་སྒ་སྐྱའི་ཐང་གིས་འཕུལ། །མགོ་སྲིན་ཡ་མའི་ནད་ལ་ཐེངས་སེལ་ཡིན། །ཞེས་སོ། །

སོ་སྲིན་སེལ་བའི་ཤིང་རྟ་དྲུག་པ་ནི། །གླ་རྩི་རུ་རྟ་ཤུ་དག་ཨ་རུ་བོང་ང་ལྔ། །ཤིང་རྟའི་ཤ་སྦྱར་དྲུག་པ་དེ་སྟེང་དུ། །གི་ཝང་གུ་གུལ་སྤྱིར་སྦྱར་བརྒྱད་པ་ཞེས། །ཡ་མ་དཀར་ནག་ཁྲ་གསུམ་སྲིན་རིགས་ནད། །མེ་དབལ་ཆུ་ཡིས་གསོད་དང་མཚུངས་ཞེས་གྲགས། །

སྣ་སྲིན་སེལ་བྱེད་གླ་རྩི་ལྔ་སྦྱོར་ནི། །གླ་རྩི་བཙན་དུག་ཤིང་ཀུན་མ་རུ་རྩེ། །ལང་ཐང་རྩེ་དང་ཤ་ཚིལ་སྦྱར་བ་བདུག

སྐྱུགས་ནད་སེལ་བྱེད་ཤིང་མངར་དྲུག་པ་ནི། །ཤིང་མངར་འབྲས་དང་བསེ་ཡབ་བྱི་ཏིང་ཀ གོ་སྙོད་འུ་སུ་ཚ་གྲང་རྟ་ཡིས་བསྒྱུར། །ཤིང་མངར་དྲུག་པ་སྐྱུགས་པ་གཅོད་པའི་མཆོག

  འཁྲུ་ནད་སྨན་སྐོར་ཨིནྡྲབཅོ་ལྔ་ནི། །དུག་ཉུང་བོང་དཀར་ག་དུར་བ་ལེ་ཀ ཨིནྡྲ་བཞི་ཐང་རྒྱུ་ལོང་སྣོད་ཚད་སེལ། །དེ་སྟེང་གི་ཝང་ཅུ་གང་གུར་གུམ་དང་། །བདུད་རྩི་ལོ་མ་བྲག་ཞུན་ག་བུར་ནག གླ་རྩི་གུ་གུལ་གསེར་མེ་པི་པི་ལིང་། །རྒྱ་སྣག་སྦྱར་བ་ཨིནྡྲ་བཅོ་ལྔ་ཞེས། །རྒྱུ་ལོང་ལ་སོགས་དོན་སྣོདསྤྱིའི་གཉན་ཚད་དང་། །ཚ་གྱུར་འཁྲུ་བ་གཅོད་པའི་ཉམས་མྱོང་ཅན། །ཚ་གྲང་རྟས་བསྒྱུར་ཐང་ཕྱེ་གང་རུང་ཤིས། །

ད་ཏྲིག་སྨག་དང་ཐ་རམ་ལོ་བཙན་སྤོད། །བཙོད་ཁྲག་ལུག་མུར་ད་ཏྲིག་བདུན་པ་སྟེ། །ཚ་གྲང་རྟས་བསྒྱུར་འཁྲུ་བ་གཅོད་པའི་ཆོགམཆོག

ད་ཏྲིག་སེ་འབྲུ་ཤིང་ཚ་པི་པི་ལིང་། །བཅའ་སྒ་ཀ་པེད་ཐ་རམ་མོན་ཀྵ་ར། །ན་རམ་བུར་དཀར་སྦྱར་བའི་ད་ཏྲིག་དགུ། འུར་འཁྲོག་སྒྲེག་ཅིང་འཁྲུ་བ་གཅོད་པར་བྱེད། །

འཇམ་འབྲས་༠m༡m༠སྲ་འབྲས་བསིལ་གསུམ་ཅུ་གུར་སུག་གསུམ་ཨ་རུ་ར། །གཞན་རྣམས་བསྡོམས་པས༠m༡m༠།ཛཱ་ཏི་ལ་ལ་ཕུད་དང་པི་པི་ལིང་། །བཅའ་སྒ་ཨུཏྦལ་བཙོད་དང་ཙི་ཏྲ་ཀ ། ཀ་པེད་མོན་ཀྵ་ར་དང་ད་ཏྲིག་དང་། །སེ་འབྲུ་ཚད་ལྡན་སྲང་གསུམ་བུ་རམ་རིལ་བུ་དང་། །གུ་ལིང་འབྲས་ཀྱི་རིལ་བུས་བད་རླུང་རྒྱས། །སྟོད་ཚ་སྨད་གྲང་འཁྲུ་བ་གསར་རྙིང་གཅོད། །

ཐུར་སེལ་མེ་རུའི་སྦྱོར་བ་ནི། །ཨུག་ཆོས་རྩ་བ་མེ་ཏོག་དང་། །ལ་ཕུག་གཞོན་ནུ་བརྡར་ལ་སྐམ་སྲང་གསུམ། །བུལ་ཏོག་ཕྱེན་པོ་ཆེ་ཡི་རྡོ་རྡོ་བ་གཉུརནུ། །དུང་ཐལ་སྦྲུལ་ཤ་ཕྱེ་རིལ་བྱ། །དགོང་ཀ་རླུང་དུས་ཆང་གིས་འཕུལ། །རླུང་འགགས་སྤྱི་སྨན་ངོ་མཚར་ཆེ། །

ཆུ་འགགས་སྨན་སྐོར་གཡེར་དྲུག་ཆུ་འདྲེན་ནི། །གཡེར་མ་གཟེ་མ་ལྕམ་པ་དང་། །སྐྱུ་རུ་རྒྱ་ཚ་སྡིག་སྲིན་བསྡེབས། །གཅིན་འགགས་ནད་སེལ་མྱོང་བས་གྲུབ། །དེ་སྟེང་གསེར་ཕྱེ་ཤིང་མངར་གཉིས། །བསྣན་ན་ལྷག་པར་ཤིན་ཏུ་ཟབ། །

ཞར་བྱུང་རྩ་ཆུ་ཕྱོགས་བསྡོམས་ལ། །མན་ངག་རྡོ་རྗེ་སྤྱི་འཇོམས་ནི། །གཙོ་བོ་འཛིན་པ་རྒྱ་ཚ་གཉིས་ཐུན་གཅིག། ཤུ་དག་རེ་རལ་སྤང་སྤོས་གཟེར་འཇོམས་བཞི། །ཐུན་རེ་གླ་རྩི་གི་ཝང་དོམ་མཁྲིས་རྣམས། །ཐུན་གཅིག་སོ་སོར་ཞིབ་བཏགས་གཅིག་ཏུ་བསྲེ། །ལོ་བརྒྱད་ཆུས་སྦྲུས་འདམ་འཐག་རིལ་བུར་དྲིལ། །མཚལ་གོས་བསྐོན་ཏེ་རྟེན་འབྲེལ་སྙིང་པོ་བརྗོད། །ཁ་བསྒྱུར་ཚ་བ་གསུམ་དང་སྦྱར། །གྲང་བ་འཇོམས་ཤིང་བད་ཀན་སེལ། །གུར་གུམ་ཙན་དན་ཆུ་དང་སྦྱར། །ཚད་པ་འཇོམས་ཤིང་མཁྲིས་པ་སེལ། །གུ་གུལ་གླ་རྩི་ཆུ་ནང་སྦྱར། །ལྷོག་པ་འཇོམས་ཤིང་སྲིན་བུ་འདུལ། །ཐལ་སྨན་གསུམ་མི་རྟ་ཁྱི་གསུམ་གྱི་ཐོད་རུས་བསྲེགས་ཐལ་དང་སྦྱར་ལ་བཏང་། །སྐྲན་རྣམས་འཇོམས་ཤིང་འབྲས་རིགས་བསྲེ། །ཅུ་གང་ཆུ་རྩ་ཡུང་བའི་ཆུ་དང་སྦྱར། །ཆུ་སེར་འདྲེན་ཞིང་ཁྲག་རུལ་འཁྲུ། །བྱི་ཏང་མེ་རུ་ལང་ཐང་རྩེ། །གླང་སྲིན་གསོད་ཅིང་མགོ་སྲིན་འཇོམས། །བཟང་པོ་དྲུག་དང་སྦྱར་ལ་བཏང་། །ནད་རིགས་གང་ལའང་བདུད་རྩི་འདྲ། །ཐར་ནུ་རེ་ལྕག་ལྕུམ་རྩ་སྦྱར། །གག་ལྷོག་གཟེར་གྱི་ནད་རྣམས་འདེད། །རྣོ་གསུམ་རྒྱ་ཚ། སྡིག་སྲིན། བྱང་པ་ཤྲཱི་ཁཎྡྲི་སྦྱར། །རྩ་འགགས་འདེད་ཅིང་ཆུ་འགགས་སེལ། །མ་ནུ་སླེ་ཏྲེས་བ་ཤ་ཀ རིམས་ནད་རྣམས་ལ་བདུད་རྩི་འདྲ། །བསིལ་གསུམ་ག་བུར་བོང་ང་དཀར། །གཟེར་ཐུང་ཀླད་གཟེར་རྒྱུ་གཟེར་འཇོམས། །གུ་གུལ་ཐོག་ལ་སྤང་རྩི་དོ། །གག་པའི་ནད་རྣམས་སེལ་བར་བྱེད། །ཨ་རུ་རེ་རལ་སྤང་རྩི་དོ། །རྨ་བྱའི་སྒྲོ་གཞོབ་དཔའ་སེར་སྦྱར། །དུག་རིགས་མ་ལུས་འཇོམས་པར་བྱེད། །ཅེས་སོ། །

གཅིན་སྲི་རྡེལ་འགགས་ལ་སོགས་ཆུ་འགགས་ནད། །ཀུན་ལ་ཚྭ་སྦྱོར་ཆེན་མོ་མཆོག་གསུངས་པ། །ཟེ་ཚ་རྒྱ་ཚས་སྣ་དྲངས་ཚྭ་སྣ་ཚོགས། །གསེར་གྱི་བྱེ་མ་སྡིག་སྲིན་འབྲས་སྣ་གསུམ། །ཉི་དགའ་གླ་རྩི་སུག་སྨེལ་ཚ་བ་གསུམ། །སྤོས་དཀར་འབུ་སྐྱོགས་བུར་དཀར་ཆང་སྦྱར་བཏང་། །ཆུ་འགགས་ཀུན་སེལ་ཁྱད་པར་རྡེའུ་བཤིག

རྒྱ་ཚ་བཞི་པ། རྒྱ་ཚ་སུག་སྨེལ་ཟེ་ཚ་གླ་བའི་རྩི། །ཆང་གར་ཕུལ་བས་རྡེ་བཤིག་ཆུ་འབྱེད་དོ། །

དྲེག་གྲུམ་སྨན་སྐོར་ལ། སླེ་ཏྲེས་སུམ་ཐང་ནི། །སླེ་ཏྲེས་བྲག་ཞུན་ཨ་རུས་དྲེག་ནད་སེལ། །ཞེས་དང་།

གཡུ་ཐོག་ཐུགས་བཅུད་བོང་ཁྲག་བཅུ་གཅིག་ནི། །བོང་བུ་ནག་པོའི་ཟུངས་ཁྲག་ལ། །སུག་སྨེལ་ཆུ་སེར་སྨན་གསུམ་དང་། །སྒ་ཏིག་ལྕགས་ཀྱུ་ཟི་ར་དཀར། །དབང་ལག་གསེར་བྱེ་ཀྱི་ལྕེ་དཀར། །སྦྱར་བའི་བོང་ཁྲག་བཅུ་གཅིག་འདི། །རིལ་བུ་བྲ་བའི་རིལ་མ་ཙམ། །ནང་རེ་ཞོ་ཁའི་ཆུ་ཡིས་འཕུལ། །ཞེས་འབྱུང་།

བོང་ཁྲག་ཉེར་ལྔ་ནི། ཙན་དན་དཀར་དམར་གི་ཝང་བཟང་པོ་དྲུག ཆུ་སེར་སྨན་གསུམ་གེ་སར་རྣམ་པ་གཉིས། །ཏིག་ཏ་སླེ་ཏྲེས་སྤྱི་བཞུར་འབྲས་བུ་གསུམ། །གླ་རྩི་སྤང་རྒྱན་བེ་དོ་བ་ཤ་ཀ བོང་ཁྲག་ཀ་ར་སྦྱར་བའི་ཉི་ཤུ་ལྔ། །གུང་གཉིས་སེང་ལྡེང་ཁུ་བས་འཕུལ་ལ་བཏང་། །སྐབས་སུ་སེ་འབྲུ་ལྔ་པ་བསྟེན་པ་ཡིས། །དྭངས་མ་གནས་འཇོག་ཆུ་སེར་རང་སར་སྐེམ། །དྲེག་ནད་མ་ལུས་འཇོམས་ཞེས་བྱང་པའི་ལུགས། །

སེང་ལྡེང་ཉེར་ལྔ་སེང་ལྡེང་འབྲས་བུ་གསུམ། །རྩ་བ་ལྔ་དང་ཆུ་སེར་སྨན་གསུམ་དང་། །སླེ་ཏྲེས་པི་ལིང་ལྕགས་ཕྱེ་གསེར་ཞུན་དང་། །སྨན་ཆེན་གླ་རྩི་ཤུ་དག་རུ་རྟ་དང་། །བསེ་རུ་ཉ་ཕྱིས་སྲད་དཀར་ཀྱི་ལྕེ་དང་། །སེ་རྒོད་བར་ཤུན་སྦྲང་སྦྱར་ཉི་ཤུ་ལྔ། །ཞ་རེངས་གཟའ་ཕོག་རྩ་འགྲམ་འགྲམསརྩ་དཀར་དང་། །གྲུམ་བུ་ཆུ་སེར་ཐིག་ནག་འབམ་གྱི་གཤེད། །དྲང་སྲོང་དྷརྨ་སཽ་མའི་མིའིཁྱད་ནོར་ལགས། །

ཀླུ་བདུད་བི་ཎྜྷ་ཐལ་ཀ་རྡོར། །སྟོང་ཟིལ་བྲག་ཞུན་ཤུ་དག་སླེ་ཏྲེས་དང་། །ཨ་རུ་དབང་ལག་བ་རུ་སྤོས་དཀར་གླ། །སོ་མ་རཱ་ཛ་སེང་ལྡེང་གུ་གུལ་ནག བ་ཤ་རུ་རྟ་སྐྱུ་རུ་བོང་དཀར་བཅས། །ཀླུ་བདུད་བཅོ་བརྒྱད་ཆུ་ཁོལ་ཚ་མོས་འཕུལ། །མཛེ་དང་གཡན་པ་གླང་ཤུ་དྲེག་ནད་དང་། །ཟ་སྐོང་རྐོངཕོལ་འབྲས་གཉན་སྲིན་ཡ་མ་དང་། །ཆུ་སེར་ཚ་བའི་ནད་རིགས་ཡིན་ནོ་ཅོག ཁྱད་པར་ཐིག་ནག་འབམ་དང་གྲུམ་བུ་འཇོམས། །ཞེས་སོ། །

སྟག་ཤ་ཆུ་རྩ་སྨན་ཆེན་འབྲས་བུ་གསུམ། །གུ་གུལ་སླེ་ཏྲེས་གླ་རྩི་སྦྱར་བ་ཡིས། །བྱུག་སྨན་རྒྱལ་པོ་བྱ་ཁྱུང་སྔོན་པོ་ཞེས། །དྲེག་གྲུམ་རྐང་འབམ་ཆུ་སེར་ཚ་བབས་དང་། །ཤུ་ཐོར་གཉན་ནད་ཚ་བར་བསྔགས་འདི་བསྟེན། །

གྲུམ་བུའི་ཟུག་གཅོག་ཆེན་མོ་ནི། །ཨ་རུ་གུར་གུམ་སུག་སྨེལ་དང་། །བྲག་ཞུན་ཏིག་ཏ་མཁལ་མ་ཞོ། །སེང་བཙོད་རྒྱ་གསུམ་ཤུག་ཚེར་ཅན། །ག་བུར་བཟང་དྲུག་ཨ་གར་ནག། ཙན་དན་དཀར་དམར་ཨུཏྦལ་སྔོ། །ཏིག་ཏ་ཟིལ་ཟིརདཀར་གེ་སར་གསུམ། །བ་ལི་ཤིང་ཚ་ རུ་རྟ་ཆུ་སྲིན་སྡེར། །སྤུ་ཤེལ་སྤང་སྤོས་རྡོ་དྲེག་དམར། །ཤིང་ཚྭ་འབུ་ཧང་འབྲས་བུ་གསུམ། །གྲང་ན་འབྲས་གསུམ་ཚ་གསུམ་བརྗེ། །གྲུམ་བུའི་ཟུག་གཟེར་གཅོག་པའི་མཆོག

ཆུ་སེར་སྨན་སྐོར་དངུལ་ཆུའི་རིལ་བུ་ནི། །དངུལ་ཆུ་མུ་ཟི་སེང་ལྡེང་སོ་མ་ར། །ཐལ་ཀར་རྡོ་རྗེ་གུ་གུལ་དཀར་ནག་གཉིས། །སྐྱེར་པ་བྲག་ཞུན་སྔོ་ཡི་ཚ་བ་གསུམ། །བྱང་བ་རྩ་བ་ལྔ་དང་བོང་བུའི་ཤ སྦྲང་རྣམས་ཆུ་སེར་འཇོམས་པའི་གཉེན་པོ་ཡིན། །མན་རྒྱུད་ཆུ་སེར་སྐབས་འདུག་པ་དེ་ཨེ་ཡིན་སྙམ།

བྱ་ཁྱུང་ཤེལ་རལ་ཅན་གྱི་སྦྱོར་བ་ནི། །ཉམས་ཡིག་ལས། དངུལ་ཆུ་རུ་རྟ་བཟང་པོ་དྲུག ཙན་དན་དཀར་དམར་འབྲས་བུ་གསུམ། །ཆུ་སེར་སྨན་གསུམ་དོམ་མཁྲིས་དང་། །ཤ་རུ་དུར་ཐོད་མགྲོན་བུའི་ཐལ། །སེང་ལྡེང་ཐང་དང་ཀ་ར་སྦྱར། །དངུལ་ཆུ་རིལ་བུས་ཆུ་སེར་སྐེམ། །རྒྱུད་ཀྱི་རྒྱལ་པོའི་བྱ་ཁྱུང་ལྔ་བ་ལ། །བྱེ་བྱིརུ་མུ་ཏིག་རྒྱན་ལྡན་ལི་ཤི་དང་། །ཛཱ་ཏི་ཨ་ག་རུ་ཡིས་ལུས་པོ་བརྒྱན། །སིནྡྷུ་ར་དང་ཁབ་ལེན་ཤིང་མངར་གྱིས། །སྒྲོ་མཆུ་ལྡན་ལ་མཚལ་གྱི་ན་བཟའ་གསོལ། །ཚད་དང་སྦྱོར་སྡེ་གནད་དང་ལྡན་པ་དང་། །ཚ་གྲང་རྟར་བསྐྱོན་སྨན་ནད་ཐོན་པར་བཏང་། །ཕྱི་ནང་རྩ་དཀར་ནད་གཟའ་ཀླུ་ཡི་གདོན། །ཀུན་ལ་ཟབ་མྱུར་བྱ་ཁྱུང་ཤེལ་རལ་ཟེར། །དེ་སྟེང་དབང་ལག་ཨ་བ་རྡོ་རྒྱུས་དང་། །ཡུངས་ཀར་ཀླུ་བདུད་གུ་གུལ་དཀར་ནག་སྦྱར། །ཆུ་རྒྱུས་རེངས་འཁུམས་སྨྱོ་འབོགས་འབོགབརྒྱལ་ནད་འཇོམས། །

སྤོས་དཀར་ཐལ་དཀར་རྡོ་རྗེ་སོ་མ་རཱ། །རུ་རྟ་བ་ཤ་ཀ་དང་འབྲས་བུ་གསུམ། །སླེ་ཏྲེས་བྲག་ཞུན་སྦྱར་བས་སྤོས་དཀར་བཅུ། །དྲེག་གྲུམ་ཆུ་སེར་ཀོ་ལེར་འཁྱུགས་པ་སེལ། །

རྩ་དཀར་བཅོས་པའི་སྨན་སྐོར་ནི། །བསམ་འཕེལ་ནོར་བུའི་སྦྱོར་བ་ནི། །སྨན་གྱི་རྒྱལ་པོ་བཟང་པོ་དྲུག ཤིང་གི་རྒྱལ་པོ་ཙན་དན་དཀར་དམར་ཨ་ག་རུ་དྲི་ལྡན་གསུམ། །སྲོག་ཆགས་རྩི་ཡི་རྒྱལ་པོ་གླ་རྩི་གི་ཝཾ་གཉིས། །གངས་ཀྱི་རྭ་བསེ་རུ་དང་ཆུ་ཡི་རུས་མུ་ཏིག་གམ་ཉ་ཕྱིས་ཚབ། །འབྲུ་འབྲས་བུགསུམ་ཨ་བར་སྐྱུར་གསུམ་དང་སྤོད་རྒྱལ་གཉིས་སྒ་དམར་པི་ལིང་། །ཟི་ར་གཉིས་དཀར་ནག་དང་ཆུ་སྨན་རྒྱ་ཚ་སྡིག་སྲིན་གཉིས། །གསེར་ཤིང་མངར་ཟངས་ཤིང་ཚ་ལྕུག་མ་འབྲི་རྟ་ས་འཛིན་རུ་རྟ་དངོས་དང་། །ཉི་དགའ་ལྕམ་པ་སྦྱར་བ་ཉི་ཤུ་དྲུག འབྲུ་བཅུད་སྦྲང་རྩི་དྭངས་མའི་རྟ་ལ་བསྐྱོན། །མཚམས་ཉིད་ཙམ་དུ་བཏང་བར་བྱ། །ཡང་ན་གུང་གཉིས་ཆུ་བསྐོལ་འཕུལ། །རེངས་འཁུམས་རྩ་ལ་བྱེར་རྙིང་དང་། །མཁལ་ཚད་རྩ་ཚད་རྩ་འགྲམ་འགྲམསདང་། །སྨན་པས་བཅོས་རྡུགས་ནད་ལ་བསྔགས། །དྲང་སྲོང་གཟའ་ཡི་ནད་རྣམས་འཇོམས། །མཆོག་ཏུ་རྩ་ནད་ཅན་ལ་ཤིས། །སུར་ཡའི་ནད་རྣམས་མ་ལུས་འབྱིན། །རྒྱུན་ཤེས་བུ་ཡིས་བཀོད་པ་ཡིན། །མིང་ཡང་བསམ་འཕེལ་ནོར་བུ་ཟེར། །ཞལ་ཤེས་ནི། དོན་སྣོད་གང་ལ་ནད་བྱུང་ན་དེའི་ཁ་འཛིན་བཟང་དྲུག་ཉིས་འགྱུར་བྱ། དེ་མིན་བཟང་དྲུག་གཙོ་བོ་ཡིན་པས་ཆ་མཉམ་བྱ། གྲིབ་ལ་ཨར་ནག་དང་ཏེ་ལོའི་ཤ་གང་རུང་། སུར་ཡ་ལ་ཟངས་ཐལ་མདུང་རྩེ་སྨུག་པོ།

ས་འཛིན་ཉེར་ལྔའི་སྦྱོར་བ་ནི། །འབྲི་རྟ་ས་འཛིན་འབྲས་བུ་གསུམ། །གསེར་བྱེ་སྡིག་སྲིན་ལྕམ་པ་གསུམ། །ཙན་དན་གཉིས་དང་ཨ་གར་གསུམ། །བསེ་རུ་གི་ཝཾ་གླ་རྩི་གསུམ། །པི་ལིང་རུ་རྟ་ཉ་སྐྱོགས་གསུམ། །ཤིང་ཚ་ཟི་ར་དཀར་ནག་གཉིས། །བཟང་པོ་དྲུག་དང་ཀ་ར་སྦྱར། །རྩ་དཀར་ནད་ལ་མཆོག་ཏུ་བསྔགས། །རྩ་ཆད་མཐུད་ཅིང་རྒྱུས་ནད་མཉེན་པར་བྱེད། །གཡུ་ཐོག་མཁས་པའི་ཁྱད་ཆོས་ཡིན། །ཞེས་སོ། །

བྱུག་པ་རྩ་དཀར་ཀུན་སེལ་ནི། །སྤང་སྤོས་ཤུ་དག་གོ་སྙོད་རྡོ་རྒྱུས་དང་། །གཡེར་མ་བུལ་ཏོག་ཤིང་མངར་རྣམས། །ཞིབ་བཏགས་མར་རམ་ཕག་ཚིལ་གྱིས། །ལྷན་ཅིག་སྦྱར་བྱུག་རྩ་གས་དང་། །རྩ་འཆུས་རྩ་རེངས་རྩ་འཁུམས་དང་། །རྩ་མདུད་གཞོག་གཞོགསཞ་བཤལ་འདར་སོགས། །ཀུན་ལ་ཕན་པ་མྱོང་བས་གྲུབ། །ནད་ཚབ་ཚབསཆེ་ན་དེ་སྟེང་དུ། །བཙན་དུག་བྱང་བ་དུད་པ་བསྣན། །ཕན་ཡོན་གོང་བཤད་ཁེལ་བས་ཆོག

ཕྱི་རྒྱུད་རྡོ་ཡི་བྱུག་པ་ངོ་མཚར་ཅན། །གངས་ཐིག་ཐིགས༠m༢m༠དང་ནི་མདུང་རྩེ་༢m༢m༠དང་། །བྱིའུ་མགོ་༠m༢m༠ཁབ་ལེན་༠m༢m༠རྡོ་རྒྱུས་༠m༡m༠མཐིང་རྒྱུས་༠m༡m༠དང་། །བ་ནུ་༠m༡m༠ལ་སོགས་ཚད་བཞིན་སྦྱར་བའི་སྟེང་། །ཁ་ཚར་ཆུ་སེར་སྨན་གསུམ་༠m༡m༠རུ་རྟ་༠m༡m༠དང་། །ཛཱ་ཏི་༠m༡m༠ལི་ཤི་༠m༡m༠གོང་སྟེང་བསྣན་པ་ཡི། །རྩི་མར་རྙིང་པ་ལོ་ལོན་བསྐོལ་བར་བཏབ། །བྱུགས་པས་རྩ་དཀར་རེངས་འཁུམས་རྩ་འགྲམ་འགྲམསདང་། །གཟའ་གདོན་ཀླུ་གདོན་རྩ་བྱེར་འཁུམས་པ་སེལ། །སྙིགས་དུས་རྡོ་ཡི་སྦྱོར་བ་མཆོག་ཏུ་བཤད། །

སྦལ་རྒྱབ་༠m༢m༠མདུང་རྩེ་༠m༣m༠ཁབ་ལེན་༠m༢m༠དང་། །གངས་ཏིག་ཐིགས༠m༢m༠བྱིའུ་མགོ་༠m༢m༠རྡོ་ཡི་སྨན། །ཛྭ་ཛཱཏི་༠m༡m༠ལི་ཤི་༠m༡m༠རུ་རྟ་༠m༡m༠དང་། །ཆུ་སེར་སྨན་གསུམ་ཨ་གར་ནག༠m༡m༠། གོ་སྙོད་༠m༡m༠གླ་རྩི་༠m༡m༠རྩི་ཡི་སྨན། །རྡོ་རྩི་འདྲེས་མའི་སྦྱོར་བ་འདི། །རྩ་དཀར་ནད་ལ་མཆོག་ཏུ་བསྔགས། །ཀུན་མཁྱེན་སི་ཏུ་མཁས་པའི་ལུགས། །ཁོང་སྨན་བྱུག་པ་གང་ཡང་རུང་། །

ད་ལི་ལིསཀྱི་ལྕེ་ཤིང་མངར་ཁཎྡྲི་ལ། །བཟང་དྲུག་ཙན་དན་དཀར་དམར་ཨ་གར་ནག འབྲས་བུ་གསུམ་དང་ཚོས་གསུམ་ཀ་ར་སྦྱར། །སྤྱིར་དུ་རྩ་དཀར་ནད་དུ་གྱུར་པ་ལ། །སྒོས་སུ་ཡན་ལག་ཞ་སྦྲིད་སྐམ་པ་སོགས། །ནད་ཀུན་སེལ་བྱེད་ད་ལི་ལིསབཅོ་བརྒྱད་དོ། །

བྱ་ཁྱུང་ལྔ་པ་ཚད་ལྡན་སྟེང་། །གི་ཝཾ་དོམ་མཁྲིས་སྦལ་རྒྱབ་གསུམ། །རྒྱ་མཚལ་ཆུ་སེར་སྨན་གསུམ་དང་། །བསེ་རུ་ཉ་ཕྱིས་ལི་ཤི་གསུམ། །ཙན་དན་དཀར་དམར་ཨ་ག་རུ། །འབྲི་རྟ་ས་འཛིན་གུ་གུལ་དང་། །སྟག་ཤ་སྦྱར་བའི་སྨན་མཆོག་འདི། །མི་བསྐྱོད་པ་ཡིས་འདམ་འཐག་བྱ། །རིལ་བུ་བྲ་བའི་རིལ་མ་ཙམ། །ནད་ཀྱི་སྟོབས་དང་སྦྱར་ལ་བཏང་། །ཕན་ཡོན་རྩ་དཀར་བྱེར་འགྲམ་འགྲམསདང་། །རྐེ་སྐེམཇིང་ཡན་ལག་སྐྲངས་པའི་རིགས། །རྩ་དཀར་གཉན་དང་བསྡོངས་པ་ལ། །སྦྱོར་བ་འདི་ཉིད་མཆོག་ཏུ་བསྔགས། །

རཏྣ་བསམ་འཕེལ་སྦྱོར་བ་ནི། །མུ་ཏིག་༠m༦m༠གཡུ་༠m༡m༥བྱུར་༠m༣m༠གཟི་ཁྲ་བོ༠m༣m༠། །གཟི་དཀར་༠m༡m༠གཟི་དམར་༠m༣m༠གཟི་སྨུག་༡m༤m༠དང་། །གཡང་ཏྲི་༠m༡m༥མུ་མེན་༠m༣m༠ཞུ་མིག་༠m༡m༠ནལ༠m༠m༥། །མརྒད་༠m༢m༠མ་ན་ཧོ་༠m༢m༠ཕྲ་མེན་ཁྲ་མན༠m༢m༠། །གསེར་ཐལ་༠m༣m༠དངུལ་ཐལ་༠m༣m༠ཟངས་༠m༣m༠ལྕགས་༠m༣m༠ཞན་༠m༣m༠གཤའ་༠m༣m༠དང་། །ཏི་ཚ་༠m༣m༠ར་གན་༠m༣m༠འཁར་༠m༣m༠བཅས་ཐལ། །མུ་ཟི་༠m༡m༥བ་བླ་༠m༡m༥ལྡོང་རོས་༠m༡m༩དང་། །དངུལ་༠m༡m༢རྡོ་ཁབ་ལེན་༠m༡m༢སྤང་༠m༡m༢མཐིང་༠m༡m༢གཉིས། །སྦལ་མདུང་༠m༡m༢དང་བཅས་ཁམས་བརྒྱད་ཐལ། །ཁ་ཆེ་༠m༣m༠ཛཱ་ཏི་༠m༣m༠ཤིང་ཚྭ་༠m༣m༠དང་། །ཅུ་གང་༠m༣m༠གི་ཝཾ་༠m༣m༠བསེ་རུ་དཀར༠m༣m༠། །གཟའ་དུག་དཀར་༠m༣m༠ནག༠m༣m༠ཀ་ཀོ་ལ་༠m༣m༠། །ཟིར་དཀར་༠m༣m༠ཟིར་ནག་༠m༣m༠ཨ་༠m༣m༠བར་༠m༣m༠སྐྱུར༠m༣m༠། །སྡིག་པ་དཀར་༠m༠m༢ནག་༠m༢m༢པི་པི་ལིང་༠m༣m༠། །ཐ༠m༣m༠སྲོ་སོ༠m༢m༠སྤོས་༠m༣m༠གསུམ་སུག་སྨེལ་༠m༣m༠བཅས། །ཙན་དན་དཀར་༠m༣m༠དམར་༠m༣m༠ཨ་ག་རུ༠m༣m༠། །རི་སྙིང་༠m༡m༠འབྲི་རྟ་༠m༢m༠ཤིང་མངར་༠m༣m༠དང་། །གུ་གུལ་༠m༧m༠ཉ་ཕྱིས་༠m༢m༠ཀླུ་བདུད་༠m༢m༠ལྕམ༠m༡m༥། །ཐོག་ལྕགས་༠m༣m༠དངུལ་དངོས་༠m༣m༠གླ་བའི་རྩི༠m༡m༡། །སྒ་སྐྱ་༠m༡m༥གྲི་ཤ་༠m༡m༠ཏེའུ་ལོའི་ཤ༠m༣m༠། རྒྱ་ཚ་༠m༣m༠བདུད་རྩི་གསར་རྙིང་གི་ཆོས་སྨན་བཅས། །རིན་ཆེན་དུག་ཕྱུངས་ལྕགས་ཁམས་ཐལ་སྦྱོར་སོགས། །ལག་ལེན་མཐོང་བརྒྱུད་མན་ངག་ལྡན་པ་ཡིས། །མི་བསྐྱོད་སེ་འབྲུའི་ཁུ་བས་རིལ་དྲིལ་གྱིས། །དུག་དང་རྩ་དཀར་རྩ་ནག་གཟའ་མཛེ་སོགས། །ཀུན་སེལ་ཕན་ཡོན་མཐའ་ཡས་གཞུང་ལ་གཟིགས། །

ཆུ་སེར་སྨན་སྐོར་སྤོས་དཀར་བཅུ་པ་ནི། །སྤོས་དཀར་ཐལ་ཀ་རྡོ་རྗེ་སྲོ་སོམ་ར། །རུ་རྟ་བ་ཤ་ཀ་དང་འབྲས་བུ་གསུམ། །སླེ་ཏྲེས་བྲག་ཞུན་གུ་གུལ་ཀ་ར་བཅུ། །དྲེག་གྲུམ་ཆུ་སེར་ཀོ་ལེར་ཚ་འཕྲུག་འཁྱུགའཇོམས། །

ཟ་འཕྲུག་གསོ་བའི་གདམས་པ་ནི། །ཟངས་དམར་བཟང་པོ་ལེགས་བརྡར་ཕྱེ། །སྲང་གཅིག་རྒྱ་ཚ་ཞོ་གསུམ་བཅས། །དཀར་ཡོལ་སྣོད་དུ་ཆང་བཟང་དང་། །སྦྱར་ལ་གར་སླ་ལྡེ་གུ་ཙམ། །སྲོད་ལ་བསྐོལ་ནས་ཞག་གསུམ་བསྙལ། །ཟངས་ཞུ་ཁུགཡུ་མདོག་མ་བྱུང་བར། །བསྲུབ་ཅིང་ཉི་གྲིབ་མཚམས་སུ་བཞག ། སྦྱངས་ནས་ཞིག་བྱེད་གཙོ་བོ་ལ། །འཁོར་སྨན་འོམ་བུའི་རྩ་བ་དང་། །ཐར་ནུ་རྡོ་ཞུན་རྒྱ་རྩི་དུག ། ཆུ་སེར་སྨན་གསུམ་བུལ་ཏོག་དང་། །ཤ་རུའི་ཐལ་དང་དྲེས་མའི་ཐལ། །སྐྱེར་པ་སེང་ལྡེང་སྟག་མ་དང་། །སུར་ནག་བཞི་བསྲེས་ཁཎྡྲི་དང་། །ཤུ་དག་ནག་དང་སྟག་ཤ་ལ། །གླ་རྩིའི་དྲི་མ་བཟང་ཐོན་ཙམ། །མ་གཏོགས་འཁོར་སྨན་བཅུ་དྲུག་པོ། །རེ་རེ་གཙོ་བོའི་ཕྱེད་ཚད་ཡིན། །ཞིབ་བཏགས་ལོ་མར་ཕག་ཚིལ་དང་། །སྦྱར་བ་ཞག་འགར་དྲོད་ལ་མནན། །དེ་ནས་བྱུག་པ་དགོས་པའི་གནས། །ཤུག་པ་བུལ་ཏོག་གཡེར་མ་གསུམ། །ཆ་མཉམ་ཆུར་སྦྱང་ཁུ་བས་བཀྲུ། །སྐམ་ནས་སྨན་བྱུག་འཕུར་མཉེ་དང་། །མེ་ཉིར་བསྲོས་པས་མི་ཕྱུགས་ཀྱི། །རྔོ་དང་ཤུ་བ་མ་ལུས་པ། །སེལ་བྱེད་རེག་པ་བདེ་སྟེར་ཡིན། །

ཁྱུང་ལྔ་ཚད་སྦྱར་སྟེང་དུ་སེང་ཁཌྷྜྷཱ་བསྣན། །ཁྱུང་དྲུག་ཅེས་བྱ་ཆུ་སེར་པགས་ནད་སེལ། །

བྱ་ཁྱུང་བཅུ་གསུམ་སྦྱོར་བ་ནི། །མཉམ་སྦྱོར་ཁྱུང་སྟེང་རྒྱམ་ཚ་པི་པི་ལིང་། །གསང་སྨན་མེ་རུ་རྩེ་དང་ཐང་ཕྲོམ་འབྲུ། །གར་ནག་བྱི་ཏང་ཀ་དང་ཕུར་ནག་ཁཌྷྜྷཱ། །སྦྱར་བ་བྱ་ཁྱུང་བཅུ་གསུམ་ལྷན་ཐབས་ལུགས། །ཕོ་བའི་གླང་འཐབ་ཐབསསེལ་བའི་གཉེན་པོར་གསུངས། །

ཕྲན་བུའི་ནད་གསོ་གཉིད་སྲུང་འགུགས་གདམས་པ་ནི། །རང་ཉིད་ཡི་དམ་ཏིང་འཛིན་བརྟན་པར་བྱ། །ཙི་ཙི་མུ་ཁཾ་ཧེ་མ་དུམ་རཾ་ཕུ་ཕུ་སོད། །ཅེས་པའི་སྔགས་འདི་བུ་མོ་སྟག་ལོ་མ། །གྲོང་པའི་ཆོས་མ་གོས་པའི་རྐང་ལག་གི སེན་མོར་ཁྲི་གསུམ་བཏབ་ལ་ས་སྤྱིན་པོའི། །སྦལ་པའི་ཁར་བཅུག་གཉིད་སྲུང་ཁ་ཚུར་བསྟན། །འགུགས་དུས་ཁ་བསྒྱུར་གཉིད་ཀྱི་གདམས་པ་ཡིན། །ཧོང་ལེན་རྩ་བ་ཡོ་འབོག་ཟར་མའི་འབྲུ། །དུ་བ་སྣ་བུག་གཡས་བཏང་གཉིད་སྲུང་ཡིན། །

གཉིད་འགུགས་སྨན། རྟ་ཡི་སྤྱི་དཔྱིརུས་མི་ཡི་སྤྱི་བོའི་སྐྲ། །མར་ནག་བསྐོལ་བ་གསུམ་པ་མེར་བསྲེགས་པའི། །དུ་བ་སྣ་བུག་གཡོན་ལ་བདུག་བྱ་ཞིང་། །འོ་མ་ཤ་ཁུ་བུར་ཆང་དྲོད་ཟས་བསྟེན། །གཉིད་མེད་པ་རྣམས་ཁུག་པའི་གདམས་པ་ཡིན། །ཞེས་སོ། །

X