//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

དོན་ལྔའི་ནད་ཀྱི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 11:23:00 ཀློག་གྲངས། 29 

  བྱི་ཏང་བདུན་པ་ནི། སྙིང་སྲིན་བྱི་ཏང་ཀ་དང་ཤིང་ཀུན་དང་། །མ་རུ་རྩེ་དང་སྒོག་སྐྱ་ལང་ཐང་རྩེ། །ཛཱ་ཏི་ཞོ་ཤ་སྤྲུ་མའི་ཁུ་བས་དབུལ། །བྱི་ཏང་ཀ་དང་རུ་རྟ་བ་ཆུར་སྦྱར། །སྙིང་གི་སྲིན་ནད་ཚ་གཡན་གཟེར་འཁྲུགས་སེལ། །ཞེས་གསུངས།

  གློ་སྨན་ཙནྡན་བཅོ་ལྔ་ནི། །གཙོ་བོ་ཙནྡན་དམར་པོ་སུམ་ཆ་ལ། །གུར་གུམ་དེ་ཡི་ཚད་དུ་སྦྱར་བ་དང་། །རུ་རྟ་སྟར་བུ་སུམ་ཆ་ཨ་རུ་ར། །སྤ་ཡག་སྲོ་ལོ་གུར་གུམ་ཤིང་མངར་དང་། །ཅུ་གང་སྤོས་དཀར་སྐྱུ་རུ་འབྲི་མོག་དང་། །ཧོང་ལེན་ཨུག་ཆོས་ཙནྡན་བཅོ་ལྔ་ཞེས། །གློ་ཚད་གསར་རྙིང་གློ་རྣག་ཁྲག་རྒྱས་དང་། །གློ་འཁྲུགས་ལུ་བ་ལངས་དང་སྐྲང་འོར་ལ། །འདི་ཉིད་ཟབ་ཅིང་མན་ངག་ཁ་བསྒྱུར་ནི། །རྩི་དམར་ག་དུར་ཙནྡན་དཀར་པོ་དང་། །ཨ་ཀྲོང་དོམ་མཁྲིས་ལ་སོགས་ཁ་ཚར་ནི། །གང་ལ་གང་དགོས་རིག་པའི་མདའ་ཡིས་དཔྱད། །

  གློ་སྨན་བདུད་རྩི་འཆི་སོས་ནི། །ཙནྡན་ཅུ་གང་གི་ཝང་གུར་གུམ་དང་། །རྒུན་འབྲུམ་ཤིང་མངར་སྟར་བུ་ཨ་ཀྲོང་དང་། །ག་དུར་སྲོ་ལོ་སེ་འབྲུ་ཟི་ར་དཀར། །རུ་རྟ་ཤིང་ཚ་ཧོང་ལེན་སྤ་ཡག་རྩ། །ཨུཏྦལ་འབྲི་ཏ་ས་འཛིན་སྦྱར་བའི་ཕྱེས། །གློ་གསར་གློ་རྙིང་གློ་ལུ་དང་། །སྐྱ་སོབ་རྣག་ཏུ་ལུ་བ་དང་། །ཀུན་ལ་བདུད་རྩི་ཉིད་དང་མཚུངས། །

  སྤང་རྩི་འབྲས་གསུམ་ཚོས་གསུམ་བ་ཤ་ཀ འབྲི་མོག་བྲེ་ག་ཧོང་ལེན་སྲོ་ལོ་དཀར། །ག་དུར་སྦྱར་བའི་འཁྲུགས་གློ་ཀུན་སེལ་ནི། །གློ་མཆིན་མཁལ་རྩ་འགྲམ་འགྲམསའཁྲུགས་གཟེར་བ་དང་། །ཁྲག་ཚད་གསར་རྙིང་མ་ལུས་རོལ་དུ་གསོད། །ཅེས་དང་།

  ཡང་གཅིག་འཁྲུགས་གློ་ཀུན་སེལ་ནི། །ནོར་བུ་བདུན་སྟེང་སྲོ་ལོ་དང་༠m༢m༠། །ཤིང་མངར་༠m༢m༠སྤང་རྒྱན་༠m༡m༠ཙན་དན་གཉིས༠m༡m༠། །བསྡེབས་པས་འཁྲུགས་གློ་ཀུན་སེལ་མཆོག ཅེས་གསུངས་འདུག

  གཡུ་ཐོག་ཐུགས་བཅུད་ཅུ་གང་ཉེར་ལྔ་ནི། །ཅུ་གང་ལ་སོགས་བཟང་དྲུག་གི་ཝང་དང་། །ཤིང་མངར་རྒུན་འབྲུམ་སྲོ་ལོ་ཨ་ཀྲོང་དང་། །སྟར་བུ་རུ་རྟ་ག་དུར་བ་ལེ་ཀ ཧོང་ལེན་ཙན་དན་གཉིས་དང་འབྲས་བུ་གསུམ། །སྤ་ཡག་རྩ་བ་ཨ་ཀྲོང་དཀར་པོ་དང་། །ཚར་བོང་རྩ་བ་ཟི་ར་དཀར་པོ་རྣམས། །ཞིབ་བཏགས་ཀ་ར་དཀར་པོའི་རྟ་ལ་བསྐྱོན། །ཞུ་མཁན་ཚོས་བཙོད་བ་འོ་དག་ལ་སྦང་། །དེ་ཡི་ཁུ་བ་བཞུར་བའི་དྭངས་མ་དེས། །གོང་གི་སྨན་འཕུལ་གུང་གཉིས་ཚད་དུས་ལ། །འཇུ་བར་བྱེད་པ་དྲང་སྲོང་ཞལ་གདམས་ཡིན། །གློ་ནད་གློ་གཟེར་ཁྲག་ཏུ་ལུ་བ་དང་། །གྱེན་ལ་མི་ཕེར་གློ་བརྒྱལ་ཆེ་བ་དང་། །རོ་སྟོད་ཚ་ཁག་ཁེགཆམ་རྒན་རུས་ཞན་ཞེནདང་། །གློ་བར་ཚད་པ་ཞུགས་པའི་ནད་རིགས་སོགས། །མདོར་ན་བྱང་ཁོག་སྟོད་ཀྱི་ཚད་པ་སེལ། །

  རྒུན་འབྲུམ་བདུན་པ། རྒུན་འབྲུམ་ཅུ་གང་གུར་གུམ་ཤིང་མངར་དང་། །གླ་སྒང་ཤིང་ཚ་སེ་འབྲུ་ཀ་ར་སྦྱར། །གློ་བའི་ནད་དང་དབུགས་མི་བདེ་བ་སེལ། །

  གློ་སྨན་དཀར་པོ་ཡར་འདྲེན་ནི། །སྲོ་ལོ་དཀར་དང་སྤང་རྒྱན་དཀར། །ཟི་ར་དཀར་དང་རྣམ་པ་གསུམ། །དེ་སྟེང་ཙནྡན་དཀར་དམར་གཉིས། །ཅུ་གང་གི་ཝང་གུར་གུམ་དང་། །ཨུཏྦལ་ཤིང་མངར་ཨ་ཀྲོང་དང་། །སྤ་ཡག་རྩ་བ་སྟར་བུ་སྦྱར་བ་ཡིས། །སྨན་ཀུན་སུམ་ཆ་གཅིག་པ་ཡིན།གློ་བའི་རྩ་སྦུབ་རྣག་རྣམས་སེལ། །

  སྟར་བུ་པཉྪའི་སྦྱོར་བ་ནི། །སྟར་བུ་ཤིང་མངར་རྒུན་འབྲུམ་སྐྱུ་རུ་ར། །རུ་རྟ་ཀ་ར་སྦྱར་བའི་ལྔ་པ་འདིས། །གློ་བའི་རྣག་ཁྲག་འདྲེན་ཞིང་མགྲིན་པ་མནན་བདེ། །གྲང་ཤས་ཆེ་ན་པི་ལིང་སྡེ་ཚོས་སྡིག་ལྕམབསྣན། །

  ཟངས་ཐལ་ཉེར་ལྔའི་སྦྱོར་བ་ནི། །ཟངས་ཐལ་བསེ་རུ་གི་ཝང་མཚལ། །རྒྭ་དོར་རྒྱ་རུ་བཟང་པོ་དྲུག ཏིག་ཏ་ཧོང་ལེན་བ་ཤ་ཀ ཙན་དན་ཨུཏྦལ་གེ་སར་གསུམ། །ཨུག་ཆོས་ག་དུར་བ་ལེ་ཀ སྲོ་ལོ་ཤིང་མངར་རྒུན་འབྲུམ་སྦྱར། །གློ་ཚད་ནད་རིགས་ཐམས་ཅད་དང་། །ཁྱད་པར་དབུགས་འཚང་གློ་ནད་སེལ། །

གློ་རྣག་སྐེམ་བྱེད་བསེ་རུ་ཉེར་ལྔ་ནི། །བསེ་རུ་བཟང་དྲུག་ག་དུར་བ་ལེ་ཀ ཤིང་མངར་རྒུན་འབྲུམ་རྒྭ་དོར་ཙནྡན་གཉིས། །ཨུཏྦལ་དོམ་མཁྲིས་གི་ཝང་བ་ཤ་ཀ སྟར་བུ་ཆུ་སེར་སྨན་གསུམ་ཟི་ར་གཉིས། །ཟངས་ཐལ་མགྲོན་ཐལ་སྦྱར་བའི་ཉི་ཤུ་ལྔ། །གློ་རྣག་ཆུ་སེར་སེལ་ཞིང་མ་ལུས་སྐེམ། །གློ་བའི་རྣག་ཁྲག་འདྲེན་གྱིས་མ་དྲོངས་འདྲོངསགོང་། །ཟད་སྨན་འདི་ཉིད་མི་བཏང་མན་ངག་ཡིན། །

བསེ་རུ་ཉེར་ལྔའི་སྦྱོར་བ་ནི། །བསེ་རུ་དཀར་པོ་རྒྭ་དོར་ཤ་བའི་བོག་རྭ་འབྲས་གསུམ་གཙོ་བོ་ལ། །སེ་འབྲུ་བཞི་དང་ཙནྡན་དཀར་དམར་གཉིས། །དེ་སྟེང་ཅུ་གང་གུར་གུམ་ལི་ཤི་དང་། །སླེ་ཏྲེས་ཀ་ཀོ་ལ་དང་བ་ལུ་ཀ། ག་དུར་རུ་རྟ་སྟར་བུ་བྱ་རོག་ནོར་བུ་དང་། །གླང་ཆེན་བྱ་རྐང་རྒྱ་སྐག་ཧོང་ལེན་སྦྱར། །སྲོ་ལོའི་ཐང་གིས་འཕུལ་ཕུལབའི་ཡོན་ཏན་ནི། །གློ་ནད་ཀུན་སེལ་འདྲེན་སྐེམཟངས་ཐལ་དང་དངུལ་ཆུ་དུག་ཕྲལ་བསྣན་ན་རྣག་སྐེམ་མཆོག་བྱེད་པའི་མཆོག ཅེས་སོ། །

གཡུ་རྙིང་ཉེར་ལྔའི་སྦྱོར་བ་ནི། །ལྷ་ལུང་མཁན་པོའི་གཡུ་རྙིང་ཉེར་ལྔ་ནི། །གཡུ་རྙིང་མུ་ཏིག་རིན་ཆེན་རྣམས་ཟིན་ཏིག་གཞུང་ལྟར་དུག་འདོན་དགོས་བྱེ་བྱིརུ་མཚལ་དཀར་བཞི། །གསེར་མདོག་ལྕགས་ཕྱེ་སྐྱུ་རུ་བྲག་ཞུན་བཞི། །ཙནྡན་དཀར་དམར་བ་ལེ་སྟག་ཤ་བཞི། །རུ་རྟ་བོང་དཀར་གེ་སར་རྡོ་དྲེག་བཞི། །བསེ་རུ་ཨ་གར་འཕུར་སླེབས་གི་ཝང་བཞི། །ཛཱ་ཏི་ལི་ཤི་ཅུ་གང་གུར་གུམ་བཞི། །གླ་རྩི་སྦྱར་བ་ཉེར་ལྔ་དེ་སྟེང་དུ། །ཆོས་སྨན་སུག་སྨེལ་སྦྱར་བའི་ཉེར་བདུན་པ། །ཞིབ་བཏགས་སྤྱི་བཞུར་ཁུ་བས་འདམ་འཐག་བྱ། །རིལ་བུར་དྲིལ་བ་བསྐོལ་གྲང་འཕུལ་བ་ཡིས། །ལེ་བརྒན་རྒྱས་དང་ལྡན་བུ་འདུསདུག་ཐབས་ལདང་། །ཆུ་ཤོར་རྒུན་རྐུནབུ་འོར་ལྷུང་ཁ་ལུད་དང་། །གཞུང་རེངས་མཆིན་འབྲུམ་གྲུམནག་པོ་ཧལ་སྐེམ་དང་། །མཆིན་དྲི་དཀར་ནག་མཆིན་གནད་རྩ་བྱེར་འཇོམས། །རྗེས་སུ་མཆིན་རྩ་ཕོ་མདུད་གཏར་བར་བྱ། །

གཡུ་རྙིང་ཉེར་ལྔ་དཔོན་ཚང་ཛཱ་ནའི་ལུགས། །གཡུ་རྙིང་༠m༤m༠མུ་ཏིག་༠m༡m༠བྱེ་བྱིརུ་༠m༡m༠མཚལ་དཀར་༠m༡m༠བཞི། །གསེར་མདོག་༠m༢m༠ལྕགས་ཕྱེ་༠m༣m༠སྐྱུ་རུ་༠m༡m༠བྲག་ཞུན་༠m༡m༠བཞི། །ཙན་དན་དཀར་༠m༡m༠དམར་༠m༡m༠བ་ལེ་༠m༡m༠བ་ཤ་༠m༡m༠བཞི། །གི་ཝང་༠m༢m༠རུ་རྟ་༠m༡m༠ཨུཏྦལ་༠m༢m༠བོང་དཀར་༠m༣m༠བཞི། །ཛཱ་ཏི་༠m༡m༠ལི་ཤི་༠m༡m༠ཏིག་ཏ་༠m༢m༠བ་རུ་༠m༡m༠བཞི། །ཅུ་གང་༠m༡m༠གུར་གུམ་༠m༡m༠པདྨ་གེ་སར་༠m༡m༠བཞི། །གླ་རྩི་སྦྱར་བའི་ཉེར་ལྔ་དེ་སྟེང་དུ། །ཆོས་སྨན་སུག་སྨེལ་སྦྱར་བ་ཉེར་བདུན་ནོ། །སྦྱར་ཐབས་གོང་མཚུངས་ཕན་ཡོན་མཆིན་ནད་རིགས། །ཀུན་འཇོམས་བདུད་རྩི་མངོན་མཚུངས་ངོ་མཚར་ཕུལ། །

ཟླ་ཤེལ་ཆེན་མོའི་སྦྱོར་བ་ནི། །དངུལ་ཆུ་མུ་ཟི་འདྲེས་མ་༢m༠m༠ཅོང་ཞི་༨m༥m༠གི་ཝང་༣m༠m༠གུར་གུམ་༡m༥m༠དང་། །ཛཱ་ཏི་༡m༥m༠སུག་སྨེལ་༡m༥m༠ཀོ་ལ་༡m༥m༠ཅུ་གང་༡m༥m༠དང་། །ལི་ཤི་༡m༥m༠ཙན་གཉིས་༡m༨m༠ ༢m༡m༠གསེར་མེ་༣m༠m༠དུག་མོ་ཉུང་༤m༠m༠། །ཏིག་ཏ་༢m༠m༠བོང་དཀར་༣m༦m༠བ་ཤ་༣m༦m༠རུ་རྟ་༤m༢m༠དང་། །སྐྱུ་རུ་༣m༠m༠སེ་འབྲུ་༢m༥m༠བྲག་ཞུན་༥m༤m༠ལྕགས་ཕྱེ་༡༠m༢m༠བཟང་། །པྲི་ཡང་༥m༤m༠གངས་ཐིག་ཐིགས༤m༢m༠གུ་གུལ་༢༠m༣m༧ཁུར་མང་རྩ༢༠m༤m༠། །ཆུ་རྩ་༢༠m༤m༠མ་ནུ་༩m༧m༠ཀོ་བྱི་༣m༣m༠ཧོང་ལེན་༨m༠m༠དང་། །ལུག་རུ་སྨུག་པོ་༧m༢m༠ཨུཏྦལ་༧m༥m༠གླ་བའི་རྩི༠m༦m༠། །དྲི་ཆེན་༠m༤m༠མི་སོགས་སོགཐལ་བ་༡m༠m༠ཨ་རུ་ར༦m༦m༠། །ཕབ་གཏའ་ཕབས་རྟརིལ་ནག་ཆེན་མོ་དང་། །སངས་རྒྱས་འཕེལ་གདུང་བཅས་འཛོམ་རབ། །རིལ་བུ་དཀར་པོ་ཡུང་ཡུངསའབྲུ་ཙམ་སྲ་ཞིང་འོད་འཚེར་བ་ཞིག་ཡིན། ནན་ཧེ་འཕེལ་གདུང་ཟེར་བ་དེས་ཚབ་བྱེད་ཆོག། ཕན་ཡོན་དུག་རིགས་སྨུག་པོ་སྤྱི། །ཕོ་མཆིན་ལ་སོགས་དོན་སྣོད་ནད། །ཀུན་སེལ་ཡོན་ཏན་མཐའ་ཡས་སོགས། །སོ་བདུན་སྦྱོར་གཞུང་ཆེ་བར་གཟིགས། །

གུར་གུམ་ཅུ་གང་ཨུཏྦལ་བ་ལེ་ཀ ཏིག་ཏ་ཨ་རུ་མཚེ་ལྡུམ་ཀ་ར་སྦྱར། །གུར་གུམ་མཆོག་བདུན་མཆིན་ནད་གསར་རྙིང་དང་། །མཆིན་པ་སྣད་འགྲམ་འགྲམསཁྲག་རྒྱས་མིག་སེར་སེལ། །

མན་རྒྱུད་སྔོ་ཡི་མང་སྦྱོར་ཆེན་མོ་ནི། །གཙོ་བོ་རྣམ་པརཡུ་ཀུ་གུཤིང་རེ་རལ་སྤང་རྩི་དོ། །འོམ་བུ་ཧོང་ལེན་ཏིག་ཏ་པ་དང་དྲུག གཉེན་པོ་བོང་གསུམ་བོང་ང་དཀར་སེར་དམར་གསུམ་ཨ་ཝ་ཁུར་རྩ་ལྔ། །གྲོགས་ནི་གངྒཱ་ཆུང་སྟག་ཤ་ལུག་མིག་པ། །བྱི་ཚེར་གོ་སྙོད་པར་ཏ་ཁྲག་རྐང་རྩི་དམར་བདུན། །དམག་མི་སྲོ་ལོ་རེ་སྐོན་རྩི་སྐྱ་ཀྱི་ལྕེ་བ། །དེ་བ་སུམ་ཅུ་ཏིག་ཏ་དར་ཡ་ཀན། །སྒོང་ཐོག་པ་དང་ལྕང་མ་བཅས་ཏེ་བརྒྱད། །ཕྱག་བརྙན་སེ་རྒོད་སྐྱེར་ཤུན་ལུག་རུ་དམར་པོ་གསུམ། །ཁ་འཛིན་པྲི་ཡང་ཀུ་དང་ལྕགས་ཀྱི་ཕྱེ། །སྲོ་ལོ་ཨ་ཀྲོང་སྟར་བུ་སྦྱར་བ་ལྔ། །དུག་འདོན་པི་པི་ལིང་དང་བྲག་ཞུན་གཉིས། །ནུས་བསྐྱེད་སྐྱུ་རུ་ཨ་རུས་ལུས་ཟུངས་སྲུང་། །ནད་གཞིར་ཁ་བསྒྱུར་རླུང་ལ་རུ་རྟ་དང་། །མཁྲིས་པར་གསེར་མེ་བད་ཀན་མ་ནུ་སྦྱར། །ཁྲག་ལ་བ་ཤ་ཆུ་སེར་སེང་ལྡེང་དང་། །དོན་སྣོད་བཟང་དྲུག་གྲང་བར་འཁྲོག་བྱེད་ན། །སེ་འབྲུ་ཚ་བ་གསུམ་པོ་བསྣན་མི་བསྣན། །ཚ་གྲང་ནད་དཔག་ཐང་རྗེས་འཁྲུར་འདོད་ན། །ལྕུམ་རྩྭ་རྩདུར་བྱིད་ཨ་རུ་མཆུ་རིང་བསྣན། །དུག་དང་སྨུག་པོ་འཇོམས་པའི་སྤྱི་སྨན་གྲགས། །

དབང་རིལ་ཉེར་ལྔའི་སྦྱོར་བ་ནི། །དབང་རིལ་སྲོག་ཆགས་སྦྲུལ་སོགས་ཀྱི་ཀླད་པའི་ནང་གི་རྡོ་སྐྲན་བསེ་རུ་གུར་གུམ་གཉིས། །ཉུང་ཁན་ཁྱུང་སྐྱུགས་གཏེར་ནས་ཐོན་པའི་རིན་པོ་ཆེ་ཞིག་ལི་སུག་གཉིས། །ཅུ་གང་གླ་རྩི་བྱ་རྒྱབོད་རུ། །གསེར་བྱེ་ཉི་དགའ་སྡིག་སྲིན་དཀར། །ཨ་རུ་གསེར་མདོག་བ་རུ་ར། །སྐྱུ་རུ་ཙན་དན་དཀར་པོ་དང་། །བ་ཤ་ཀ་དང་ལྡུམ་རེ་རལ། །ཨ་འབྲས་སྲ་འབྲས་འཇམ་འབྲས་གསུམ། །མཚལ་དཀར་མཁལ་ཞོ་དཀར་པོ་དང་། །གོ་ཡུ་སྦྱར་བའི་ཉི་ཤུ་ལྔ། །དུག་འདོན་ངར་འདོགས་རིལ་དྲིལ་སོགས། །ལག་ལེན་མ་འཆུགས་ཚད་སྦྱར་བས། །ཕན་ཡོན་དུག་ནད་གསར་རྙིང་དང་། །ཚད་པ་རྙིང་པ་རྣམས་ལ་ནི། །སྡུད་དང་གསོད་དང་འཇོམས་པར་བྱེད། །འདི་ལས་ཟབ་པ་གཞན་ན་མེད། །དུག་རིགས་སྤྱི་དང་ཁྱད་པར་དུ། །སྨུག་པོ་དུག་འཐབ་གསོ་དཀའ་ལ། །རྒྱུན་རིང་བསྟེན་ན་ཕན་པ་ཆེར། །མཁས་དབང་རྣམས་ཀྱིས་མྱོང་གྲུབ་གསུངས། །

ཞར་བྱུང་ལྕགས་རིལ་ལམ་ནི་དབང་རིལ་རྟ་ཁྲིད་ཅེས། །ལྕགས་ཕྱེ་ཨ་རུ་ཆ་མཉམ་ཞིབ་བཏགས་ནས། །ཆུ་བླུགས་ལྕགས་སྣོད་ནང་དུ་ཞག་གསུམ་སྦང་། །བྲག་ཞུན་གི་ཝང་གུར་གུམ་པྲི་ཡང་ཀུ། །གུ་གུལ་གླ་རྩི་ལྕགས་རིལ་བརྒྱད་པ་བཤད། །མཆིན་པའི་ནད་རྣམས་མ་ལུས་སེལ་བར་བྱེད། །དེ་སྟེང་བ་ཤ་དོམ་མཁྲིས་བ་རུ་ར། །ཙནྡན་དཀར་དམར་ཨ་ག་རུ་བསྣན་བཅུ་བཞི་སྟེ། །གོང་སྟེང་ལུག་རུ་དམར་པོ་བཟང་དྲུག་ཨུཏྦལ་དང་། །བོང་དཀར་ཚད་རྙིང་མ་ལུས་སེལ་བར་བྱེད། །དབང་རིལ་བསྣན་ནས་ཉི་ཤུ་རྩ་ལྔ་སྟེ། །དུག་ནད་ཀུན་ལ་མཆོག་ཏུ་བསྔགས་པ་ཡིན། །དབང་རིལ་རྟ་ཁྲིད་མ་ཞེས་གྲགས་པ་ཡིན། །

ཀོ་ལ་བཅུ་གཅིག་ནི། །ཀོ་ལ་ཨ་རུ་ར་དང་རྒྱ་སྐྱེགས་དང་། །ལི་ཤི་གསེར་མེ་མ་ནུ་མཚེ་ལྕུམ་རྩ། །རུ་རྟ་བཙོད་དང་ཡ་བཀྵ་ར་དང་། །སུག་སྨེལ་ཀ་ར་སྦྱར་བའི་བཅུ་གཅིག་རེསྟེ། །ཀོ་ལ་བཅུ་གཅིག་མཚེར་ནད་ཐམས་ཅད་སེལ། །

ཀོ་ལ་གསེར་མདོག་སུག་སྨེལ་ཚ་བ་གསུམ། །སྤང་སྤོས་ནཱ་ག་གེ་སར་སྨན་སྒ་དང་། །ལི་ཤི་གསེར་མེ་མཚེ་ལྡུམ་བ་ཤ་ཀ ཡ་བཀྵ་ར་ཤིང་ཚ་ཀ་ར་སྦྱར། །ཀོ་ལ་བཅོ་ལྔས་མཚེར་བ་སྣད་འགྲམ་འགྲམསདང་། །རྒྱ་ཚས་སྦོས་གཟེར་མཚེར་ནད་མ་ལུས་སེལ། །

བྱང་ལུགས་ཀོ་ལ་བཅུ་དགུ་ནི། །ཀོ་ལ་ཅུ་གང་བ་ཤ་ཀ གུར་གུམ་ཏིག་ཏ་གསེར་མེ་ཏོག ནཱ་ག་གེ་སར་ཨ་རུ་ར། །འོམ་བུ་རྒྱ་སྐྱེགས་འབྲི་མོག་དང་། །སུག་སྨེལ་རུ་རྟ་བོང་ང་དཀར། །བྲེ་ག་བྲག་ཞུན་འཇམ་འབྲས་དང་། །སྐྱུ་རུ་སྤང་སྤོས་ཞིབ་བཏགས་པ། །རྣམ་གྲངས་བཅུ་དགུའི་སྦྱོར་བ་འདིས། །མཚེར་ནད་ཚ་གྲང་མེད་པར་སེལ། །

སློབ་དཔོན་པདྨ་ཤྩྪ་བྷ་ཝས། །ཆུ་སྨན་གཙོ་བོ་དངུལ་ཆུ་རལ་གྲི་ཁྱུང་ཁྱུང་ལྔ་ཚད་ལྡན་གི་མཆུ། །སོ་ར་ཐལ་རྡོར་རྭ་གཡས་གཡོན། །སེང་ལྡེང་སྤོས་དཀར་སྡེར་མོ་ལ། །བཟང་པོ་དྲུག་ནི་གཤོག་པ་སྟེ། །ས་བཅུད་མུ་ཟི་སེར་འདྲེ་འཇིགས་གུ་གུལ་ནག་པོ་སྦྱན་སྤྱནམིག་གོ །ཡོངས་རྫོགས་དངུལ་ཆུ་མེ་དབལ་ཅན། །གཉན་ལྷོག་ས་གདོན་ཟས་སུ་ཟ། །གཟའ་དང་སྡེ་བརྒྱད་ཨར་ལ་གཏད། །བཞི་བརྒྱ་རྩ་བཞིའི་གཡུལ་ངོ་བཟློག ཅེས་གསུངས་སོ། །

དངུལ་ཆུ་ཉེར་ལྔའི་སྦྱོར་བ་ནི། །གཙོ་བོ་དངུལ་ཆུ་བཏུལ་མ་ལ། །བཟང་དྲུག་གུ་གུལ་ཤུ་དག་དང་། །གླ་རྩི་སྟག་ཤ་མུ་ཟི་སེར། །ཆུ་སེར་སྨན་གསུམ་གསེར་ཕྱེ་དང་། །མཁལ་མ་ཞོ་ཤ་འབྲས་སྣ་གསུམ། །གནྡྷ་པ་ཏྲ་ཤིང་ཀུན་དང་། །རྒྱ་ཚ་རུ་རྟ་བྲག་ཞུན་རྣམས། །ཀ་ར་སྦྱར་བས་རིལ་བུར་དྲིལ། །སླེ་ཏྲེས་སམ་ནི་སེང་ལྡེང་ཁུ་བས་འཕུལ། །ཕན་ཡོན་གཟའ་མཛེ་སྐྲན་དམུ་ཆུ། །གག་ལྷོག་ཆུ་སེར་ལྤགས་པགསནད་མཛེ། །ཡ་མ་དྲེག་གྲུམ་རྐང་འབམ་དང་། །ཁྱད་པར་མཁལ་གྲུམ་ནད་ལ་མཆོག ཅེས་སོ། །

ཨ་རུ་ར་དང་གུར་གུམ་སུག་སྨེལ་དང་། །བྲག་ཞུན་ཏིག་ཏ་མཁལ་མ་ཞོ་ཤ་དང་། །སེང་ཕྲོམ་བཙོད་དང་རྒྱ་སྐྱེགས་ཤུག་ཚེར་ཅན། །ཀ་ར་སྦྱར་བ་ཨ་རུ་བཅུ་པ་སྟེ། །མཁལ་མ་སྣད་འགྲམ་འགྲམསཆུ་སྲི་སྐེད་པ་འཁོར། །བཤལ་འབྲས་འཕྱེསམཁལ་ཚད་མ་ལུས་སེལ་བར་བྱེད། །དེའི་སྟེང་འབྲས་སྣ་གསུམ་དང་གསེར་སྡིག་གཉིས། །ཨ་ཛ་ཨརྫྷཀ་དང་གླ་རྩི་སྨན་ཆེན་རྣམས། །སྦྱར་བས་ཨ་རུ་བཅོ་བརྒྱད་པ་ཞེས་བྱ། །ཕན་ཡོན་མཁལ་རྩ་འགྲམ་འགྲམསགཟེར་དང་། །ཚ་བས་གྲང་བ་སྨད་བྱེར་དང་། །ཁྲག་ཚབ་ཚབསསྐེད་པ་འཁོར་བ་དང་། །སྨུག་པོ་མཁལ་མར་བབས་པ་དང་། །ཆུ་སེར་གྲུམ་བུའི་ནད་རྣམས་ཀུན། །སེལ་བྱེད་འདི་ནི་དྲང་སྲོང་ལུགས། །

དར་ཕུག་ལུགས་ཀྱི་ཨ་རུ་ཉེར་བཞི་ནི། །ཨ་རུ་བཅུ་སྟེང་རྩ་ལྔ་སྨད་འབྲས་གསུམ། །ཨ་བར་སྐྱུར་གསུམ་བྲེ་ག་གོ་ཡུ་དང་། །གླ་རྩི་སྦྱར་བ་བསྐོལ་གྲང་ཆུ་ཡིས་འཕུལཕུལ། །མཁལ་གཅོང་མཁལ་མའི་ནད་རིགས་ཐམས་ཅད་དང་། །ཁྱད་པར་མཁལ་འགྲམ་འགྲམསབྱེར་རྒྱས་ལྷུང་བ་སེལ། །གསོ་དཔྱད་ཁུ་ཚུར་འབུམ་གྱི་ཡང་སྙིང་ཡིན། །

གཙོ་བོ་བྱ་ཁྱུང་ལྔ་ཨ་༡m༥m༠བོང་༠m༡m༠ ཤུ་༠m༢m༠ རྟ་རུ༠m༡m༥གླ་༠m༠m༢དང་ལྔ་བའི་ལུས་པོ་ལ། །མདོག་ལྡན་རྒྱ་ལྕམ་ཧ་ལོ་༠m༢m༠ཉ་ཕྱིས་༠m༢m༠མཆུ་རུ་བསྐྱོན། །ཞུན་མཁན་༠m༢m༦ཚོས་༠m༤m༠བཙོད་༠m༡m༤གཤོག་སྒྲོ་རྒྱས་པ་ལ། །གུར་གུམ་༠m༡m༢དོམ་མཁྲིས་༡m༠m༠རྒྱ་སྣག་༠m༡m༥མཇུག་མ་བཏགས། །མཚལ་༠m༤m༦དང་སུག་སྨེལ་༠m༢m༥མཁལ་ཞོའི་དཀར་པོ་༠m༢m༦སྡེར་ལྡན་འདིར། །ས་རིས་སྭོ་རའིབྱ་ཁྱུང་འཛག་སྡོམ་ཞེས་བྱ་སྟེ། །ཕལ་ཆེར་ཆུ་བསྐོལ་གྲང་རླུང་མྱོས་ཁུས་འཕུལཕུལ། །མཁལ་མའི་ཚ་གྲང་ནད་རིགས་ཡིན་ཅོག་དང་། །སྲིན་གླང་ལ་སོགས་གཉན་རིགས་ཀུན་བསྔགས་ཤིང་། །ཁྱད་པར་ས་བོན་འཛག་པ་གཅོད་པ་སྟེ། །སྨན་ནད་ཐོན་ངེས་ལན་འགའ་བསྟེན་པ་ཡིས། །དྭངས་མ་འཛག་གཅོད་མིན་ཀྱང་ནད་ཟུག་གཅོག

སུག་སྨེལ་སྒ་དང་རྒྱམ་ཚ་པི་པི་ལིང་། །གླ་རྩི་སྡིག་སྲིན་ལྕམ་པ་འབྲས་སྣ་གསུམ། །བུར་དཀར་སྦྱར་བས་སུག་སྨེལ་བཅུ་པ་སྟེ། །མཁལ་མའི་གྲང་བ་རྡེའུ་ནད་ཆུ་འགགས་སེལ། །

མཁལ་མའི་ནད་གསོ་གོ་ཡུ་དགུ་སྦྱོར་བཤད། །གཙོ་བོ་མཁལ་མ་གོ་ཡུ་བཟང་པོ་གཅིག ཞོ་ཤ་བྲག་ཞུན་གླ་རྩི་འབྲས་སྣ་གསུམ། །སུག་སྨེལ་བྲེ་ག་རྣམས་ཏེ་བུ་རམ་སྦྱར། །མཁལ་མའི་ནད་སེལ་ཉམས་སྟོབས་རྒྱས་པར་བྱེད། །ཚ་བ་སྟོབས་ལྡན་གུར་གུམ་ཤུག་ཚེར་བསྣན། །ཀ་ར་སྦྱར་ཚེ་ཚོས་གསུམ་ཐང་གིས་འཕུལཕུལ། །གྲང་བར་ཚ་བ་གསུམ་དང་ཚྭ་སྣ་གསུམ། །ཨ་རག་གར་ཆང་འཕུལ་བཏང་མེ་དྲོད་བསྐྱེད། །ཆུ་སྲིན་རྒྱ་ཚ་སྡིག་སྲིན་གསེར་བྱེ་སྡེབ། །ལྕམ་འབྲས་ཐང་གིས་འཕུལ་ཕུལབས་དགོས་དགུ་འགྲུབ། །ཅེས་སོ། །

གོ་ཡུ་བཅུ་གསུམ་སེ་འབྲུ་ཤིང་ཚ་དང་། །སུག་སྨེལ་པི་ལིང་བཅའ་སྒ་འབྲས་སྣ་གསུམ། །བྲག་ཞུན་གླ་རྩི་མཁལ་མ་ཞོ་ཤ་མཉམ། །མཁལ་ནད་ཀུན་སེལ་ཟུངས་བདུན་དཔལ་འབྱོར་རྒྱས། །

  སེ་འབྲུ་ཉི་མའི་དཀྱིལ་འཁོར་ནི། །སེ་འབྲུ་ལྕ་བ་སུག་སྨེལ་ར་མཉེ་བ། །ཤིང་ཚ་ཉེ་ཤིང་བ་སྤྲུ་པི་པི་ལིང་། །གཟེ་མ་གུར་གུམ་སྦྲང་གིས་རིལ་བུར་དྲིལ། །ཕུལ་བྱེད་ཆུ་བསྐོལ་ལམ་ནི་སྐབས་འགར་ཆང་། །མ་ཞུ་གྲང་སྐྲན་སྐྱ་རྦབ་འོར་དམུ་ཆུ། །མཁལ་མའི་དྲོད་ཤོར་ས་བོན་ཉམས་འཛག་དང་། །ཆུ་སྲི་མཁལ་སྐེད་ལྒང་པ་ཆུ་སོར་ཟུག ཟ་ཕྲུག་འཕྲུགཆུ་ཤུཐོར་རླུང་ཚབས་བརླན་རླནགྲང་སྦོས། །གྲང་སྙམ་གྲང་སྲིན་གྲང་བའི་གྲུམ་བུ་སོགས། །གྲང་ནད་ཀུན་ལ་དུས་མཐའི་མེ་ལྟ་བུར། །ཁྱད་པར་ཕོ་བའི་མེ་དྲོད་གསོཆུ་ལམ་འབྱེད། །དྭངས་མ་གནས་འཇོག་ཆུ་སེར་རང་སར་སྐེམ། །ལུས་སྟོབས་བསྐྱེད་ཅིང་ཚེ་རིང་བཅུད་ལེན་འགྱུར། །

གནམ་ལྕགས་ཟིལ་བ་དངུལ་ཆུ་ས་བཅུད་མུ་ཟི་བཏུལ་མ་དྭངས་མ་དང་། །སྟག་སྟག་ཤ་ཁྱུང་དམར་ཁྲ་བྱང་པ་ཆུ་ཡི་དྭངས་མ་རྒྱ་ཚ་མཉམ། །མྱུར་མགྱོགས་དུར་བྱིད་ཕོ་ཉ་འཛིན་པ། སྤང་རྩི།སྤྲེལ་མཇུག་རེ་རལ་མ་གི་ཏགླ་རྩི། །ལི་ཁྲིའི་འོད་འཕྲོ་ཁ་གུར་གཡུ་འབྲུག་ཟེ་བ་ཤུག་ཚེར་ཅན། །ཨ་ཨེཏྲོས་དྲི་ཆུ་རྟ་སྦྱར་ཆུ་སེར་མཛེ་དང་འབྲས། །མཁལ་རྩ་འགྲམ་འགྲམསབྱེར་དྲེག་གྲུམ་རྐང་འབམ་དང་། །ཡ་མ་མགོ་ནད་ཚ་བ་རྙིང་རྙོག་རྙོགསལ། །ཞི་སྦྱོང་གང་འདོད་ལག་ལེན་མདེ་ཁར་ཐོག འདི་ལས་ཟབ་མྱུར་རྣོ་ཟབ་གདམས་པ་ནི། །རིག་བྱེད་རྒན་པོ་ཡིན་ཀྱང་མ་རྙེད་པའི། །གསང་ཆེན་གནམ་ལྕགས་འཕྲུལ་སྦྱོང་ཡིན། །སྙིང་དང་འདྲའོ་ཤིན་ཏུ་གསང་བར་བྱ། །ཞེས་སོ། །

རོ་རྐྱང་ལས་བྱུང་བྱང་སེམས་དཀར་དམར་གཉིས། །ཉེས་གསུམ་དུཿཁ་ཐུར་དུ་བབ་པ་ན། །ཉི་ཟླ་གྱེན་དུ་ལྡོག་པའི་གདམས་པ་བཤད། །བ་ཤ་༠m༢m༠ཏིཀྟ་ཏིག་ཏ༠m༢m༠ཧོང་ལེན་༠m༢m༠བོང་ང་དཀར༠m༢m༠། །བཙན་ཙནདམར་༠m༣m༠བཅས་པས་ཁྲག་འཁྲུགས་སེལ་བར་བྱེད། །སེ་འབྲུ་༠m༢m༠སུག་སྨེལ་༠m༡m༠སྨད་ཀྱི་གྲང་བ་སེལ། །གུར་གུམ་༠m༡m༠དོམ་མཁྲིས་༠m༡m༠ཡུང་བས་༠m༡m༠རྩ་ཁ་བསྡམ། །རྒྱ་ཤུག་༠m༡m༠བཙོད་༠m༡m༠ཀྱིས་མཁལ་རྩ་འགྲམ་འགྲམསབྱེར་སེལ། །པུཥྞཱི་ར་བ་༠m༣m༠ཀུན་དང་མགོ་མཉམ་སྦྱར། །ཞིབ་བཏགས་དམར་གསུམ་པ་ཡི་ཁུ་བས་འཕུལཕུལ། །ཕན་ཡོན་ཟབ་ཁྱད་ལག་ཏུ་ལོངས་དང་གསལ། །

འཛག་བསྡམ་སྡོམཟླ་བ་གྱེན་ལྡོག་ཅེས་བྱ་བ། །སེ་འབྲུ་༠m༡m༠སུམ་འགྱུར་རྩ་བ་༠m༡m༠ལྔ་དང་ནི། །གུར་གུམ་༠m༡m༠དོམ་མཁྲིས་༠m༡m༠ཚོས་༠m༡m༠ཞུན་༠m༡m༠བཙོད་༠m༡m༠མདུད་ལྔ། །སྐྱེར་ཤུན་༠m༡m༠དབང་ལག་༠m༡m༠སྦྱར་བ་ཆུ་བསྐོལ་འཕུལ། །གྲང་བས་སྨད་རུས་ན་བ་དང་། །ཐིག་ལེ་དཀར་དམར་འཛག་པ་གཅོད། །ཅེས་སོ། །

རྩ་ཐག་བཅུ་གསུམ་སྦྱོར་བ་ནི། །དྲེས་འབྲུ་བཙོད་སྐག་ཞུ་མཁན་སྡིག་སྲིན་དང་། །ཐང་ཕྲོམ་བ་ཤ་མཁལ་ཞོ་འབྲས་སྣ་གསུམ། །གསེར་བྱེ་རྒྱ་ཚ་སྦྱར་བའི་བཅུ་གསུམ་ཞེས། །ཚ་གྲང་གང་ཡིན་འབྲས་བུ་སྐྲངས་པའི་ནད། །མ་ལུས་སེལ་བ་ཁོ་བོས་མྱོང་གྲུབ་ཡིན། །

རྩ་ཐག་བཅུ་དྲུག་མན་ངག་ཟབ་པར་བཤད། །རྩ་ཐག་འབྲས་བུ་ཐང་ཕྲོམ་འབྲས་བུ་དང་། །སུག་སྨེལ་སྡིག་སྲིན་བཞི་པོ་གཙོ་བོ་ལ། །བྲེ་ག་སྨད་འབྲས་གསུམ་དང་དམར་པོ་གསུམ། །ཤུག་ཚེར་ཨ་རུ་གསེར་མདོག་གསེར་མེ་ཏོག མཁལ་ཞོ་བ་ཤ་ཀ་རྣམས་ཆང་སྦྱར་བཏང་། །རླིག་པ་སྐྲངས་པ་རང་ཞིར་དག་ལ་འགྲོ། སྨད་ནད་མཁལ་རྩ་འགྲམ་འགྲམསདང་མཁལ་རླུང་སོགས། །མ་ལུས་སེལ་བྱེད་གདམས་ངག་སྙིང་ནོར་རོ། །

དར་ཕུག་བྲེ་ག་བཅུ་གསུམ་པ། །བྲེ་ག་༠m༣m༠སྨད་འབྲས་གསུམ་སོ་སོར་༠m༢m༠དང་དམར་པོ་རྒྱ་ཞུན་བཙོད་གསུམ་གསུམ། །ཤུག་ཚེར་༠m༡m༠ཨ་རུ་༠m༣m༠གསེར་མདོག་གསེར་མེ་ཏོག༠m༡m༠། སུག་སྨེལ་༠m༢m༠མཁལ་མ་ཞོ་ཤ་༠m༡m༠བ་ཤ་ཀ༠m༢m༠། བུར་དཀར་སྦྱར་བས་བྲེ་ག་བཅུ་གསུམ་པ། །སྨད་ནད་མཁལ་ཚད་འགྲམ་འགྲམསདང་འོར་ལྷུང་དང་། །ཚ་གྲང་གང་གིས་འབྲས་བུ་སྐྲངས་པའི་ནད། །མ་ལུས་སེལ་བྱེད་ཁོ་བོས་མྱོང་གྲུབ་ཡོད། །

  སེ་འབྲུ་བཅོ་ལྔའི་སྦྱོར་བ་ནི། །སེ་འབྲུ་ལྔ་སེ་འབྲུ་ཤིང་ཚ་སུག་སྨེལ་པི་ལིང་སྒའམ་གུར་གུམ་ཚ་གྲང་སྦྱོར་དང་ཁྱུང་ལྔ་དང་། །རྩ་བ་ལྔ་བ་སྤྲུ་ར་མཉེ་ཉེར་ཉེཤིང་གཟེ་མ་ལྕ་བ་ལྔ་སྦྱར་བཅོ་ལྔ་འདིས། །མཁལ་མར་གྲང་གཉན་རྩ་དཀར་དང་། །གྲུམ་བུ་བརྟ་བར་རྟམཁལ་གཅོང་སེལ། །ཞེས་འདུག

ཆོས་ཉིད་དམར་པོའི་སྦྱོར་བ་ནི། །གཙོ་བོ་ཡུངས་དཀར་ཆ་གཉིས་ལ། །བི་ཎྜྷ་ནག་པོ་ཆ་གཅིག་བསྡེབ། །གྲོགས་སུ་ན་གི་དེ་དང་མཚུངས། །མགྲིན་བཟང་རཀྟ་བི་ཎྜྷ་མཉམ། །ཆུ་སེར་སྨན་གསུམ་ཆ་ཕྱེད་རེ། །དངུལ་ཆུ་གླ་རྩི་ཞད་ཙམ་སྦྱར། །བྲག་ཞུན་ཆུས་སྤྲུས་བྲ་རིལ་ཙམ། །སེང་ལྡེང་ཁུ་བས་འཕུལ་ཕུལལ་བཏང་། །ཕན་ཡོན་མོ་ནད་རྩ་བྱེར་དང་། །ཆུ་སེར་རུས་ལ་ཞེན་པ་དང་། །གཟའ་ཀླུ་གཉན་གྱི་གནོད་པ་དང་། །དྲེག་དང་གྲུམ་བུ་དཀར་ནག་དང་། །རྐང་འབམ་མཁལ་ནད་སྲིན་ཐོར་རིགས། །མཛེ་ནད་ཆུ་སེར་མཐའ་དག་སེལ། །ཟབ་རྒྱའི་ནང་ནས་བཀའ་རྒྱ་མ། །ཡང་གསང་ཟླ་བྲལ་གདམས་པའོ། །ཞེས་གསུངས་པ་སོགས་འདུག་གོ

ཨ་རུ་ཟག་གཙོད་ཟགས་གཅོདསྦྱོར་བ་ནི། །དང་པོའི་དབྱངས་ལས་སྐྱེས་པའི་ཨ་རུ་གསེར་མདོག་ཅན། །ཕྱོགས་ལས་རྣམ་རྒྱལ་སྨན་པའི་ཡིད་བཞིན་ནོར། །ལངྈའི་བདག་པོའི་ཟས་ཀྱི་དྭངས་མ་ཤ་ཆེན་ནི། །ཚད་ལྡན་ཡང་ན་མཉམ་གྲང་བ་ཆེ་ན་མཉམ་སྦྱོར་སྦྱོར་ཚ་ཤས་ཆེ་ན་ཨ་རུ་ཆ་གཉིས་ལེགས་སྦྱར་བ། །དཔའ་བོའི་བཏུང་བ་ཆང་རྩི་བདུད་མར་ཁུ་གང་འོས་འཕུལ། །དེ་ཡིས་ཚ་གྲང་འཛག་དང་དྭངས་མ་འཕེལ། །ཚེ་སྟོབས་བསོད་ནམས་གཟི་བརྗིད་རྒྱས་པར་བྱེད། །ཅེས་སོ། །

འབྱར་ཆེན་བཅོ་བརྒྱད་སྦྱོར་བ་ནི། །ཅོང་ཞི་རྒོད་བཏུལ་ཆ་གཉིས་སྦལ་རྒྱབ་དང་། །མདུང་རྩེ་གསེར་རྡོ་དངུལ་རྡོ་རག་གི་རྡོ། །བ་ནུ་རྡོ་རྒྱུས་མཐིང་རྒྱུས་རྡོ་ཡི་སྨན། །སྨན་ཆེན་ཐར་ནུ་ཀྱི་ལྕེ་རེ་ལྕག་པ། །ཆུ་སེར་སྨན་གསུམ་སྟག་ཤ་སྒ་ཏིག་བཅས། །བཅོ་བརྒྱད་འཚོགས་པའི་སྨན་སྣ་ཞིབ་བཏགས་པ། །དྲི་ཆུ་ཆུ་དང་གླུམ་དང་མར་རྙིང་སོགས། །ཚ་གྲང་སྦྱར་བ་རིག་དཔྱད་དེ་བཞིན་དུ། །བྱུགས་འབྱར་མེ་ཉེར་ཉིབདུག་སོགས་བློས་དཔག་གིས། །དྲེག་གྲུམ་འབམ་སྐྲངས་ཟ་ཕྲུག་འཕྲུགཆུ་སེར་ནད། །རྩ་དཀར་རྐང་བཤལ་ཆུ་བ་རེངས་འཁུམས་སོགས། །ཀུན་སེལ་འབྱར་ཆེན་བཅོ་བརྒྱད་ཅེས་གྲགས་སོ། །

མན་ངག་གམ་ཕྱེ་དམར་པོ་ནི། །བཙོད་ཚིག་ཚིགསསུམ་འགྱུར་ཡུང་བ་༢m༠m༠གཉིས། །དེ་ཕྱེད་བོང་ང་འབྲི་ཚིལ་མ། །གླ་༠m༥m༠གུལ་༠m༥m༠ཤུ་དག་༠m༥m༠ཤུག་ཚེར་༠m༥m༠ཅན། །རྒྱ་སྐྱེགས་༠m༥m༠བྲག་ཞུན་༠m༥m༠དེ་ཡི་ཕྱེད། །རིམས་ཚད་རྒྱུ་ལོང་ལ་བབས་དང་། །གཉན་ཚད་ཁྲག་དང་བསྡོངས་པ་དང་། །དྲེག་གྲུམ་གཉན་དང་བསྡོངས་པ་དང་། །ཆུ་སེར་མཁལ་འགྲམ་འགྲམསདཔྱི་མིག་གཟེར། །མ་ལུས་སེལ་བྱེད་ཁྱད་ཆོས་ཡིན། །

  མཁལ་ནད་སྤྱི་འཇོམས་ཨ་རུ་སོ་ལྔ་ནི། །ཨ་རུ་བཅུ་སྟེང་བ་རུ་སྐྱུ་རུ་ར། །ཨ་འབྲས་སྲ་འབྲས་འཇམ་འབྲས་རུ་རྟ་དང་། །གསེར་བྱེ་སྡིག་སྲིན་ལྕམ་པ་བ་སྤྲུ་དང་། །ཤུ་དག་གླ་རྩི་སྨན་ཆེན་གཟེ་མ་དང་། །ར་མཉེ་བ་ཤ་ཀ་དང་སླེ་ཏྲེས་དང་། །བྲག་ཞུན་ཆུ་སེར་སྨན་གསུམ་བོང་ཁྲག་མཚལ། །ཡུངས་ཀར་བྲ་མའི་རྩ་བའང་བཞེད་བྲག་རྩབྲག་ཚ་བྱས་མེདན་ཟི་ཟེཚ་ཀ་ར་སྦྱར་བཞིན་བཏང་། །རིལ་བུ་སྲན་ཆུང་ཙམ་དུ་དྲིལ་བྱས་ལ། །གཅིག་གསུམ་ལྔ་བདུན་ནད་སྟོབས་སྦྱར་བཏང་བས། །ཕན་ཡོན་མཁལ་རྩ་འགྲམ་འགྲམསའཁྲུགས་ཚ་བ་དང་། །སྐེད་པ་འཁོར་གཟེར་ཞྭ་སྟེ་འཕྱིས་འཕྱེསགཟེར་དང་། །དྲེག་གྲུམ་ཆུ་སེར་དཀར་ནག་ཚ་འཁྲུགས་དང་། །གྲང་འགྲམ་འགྲམསདྲི་ཆུ་སྲི་བསྡམ་རྣག་འཛག་འཇོམས། །

རྡོ་རྗེ་ཁྱུང་དམར་གུར་ཆེན་ཞེས། །བྱ་རྒྱལ་ཁྱུང་ཁྱུང་ལྔ་གི་ལུས་པོ་ལ། །མཚལ་གུར་ཀོ་ཀོ་བྱི་དོམ་དོམ་མཁྲིས་གཤོག་སྒྲོ་རྒྱས། །དམར་གསུམ་ཚོས་བཙོད་རྒྱ་སྐྱེགས་འདྲེ་འཇིགས་གུ་གུལ་སྡེར་མོ་བཅས། །ཟུང་ཟུངསའཕྲོག་ཇག་པའི་དཔུང་སྟེང་དུ། །རྡོ་རྗེ་ཕ་ལམ་ལྟ་བུར་འཇོམས། །ཞེས་སོ། །

ལྷན་ཐབས་གསང་བའི་སྨན་བཅུད་ཌཽ་ཀིའི་གསུང་། །ཁུ་བ་གསོ་བྱེད་དབང་ལག་ལུག་རུ་གཉིས། །གུར་གུམ་དོམ་མཁྲིས་གཉིས་ཀྱི་རྩ་ཁ་བསྡམ། །གུ་གུལ་གྲི་ཀླད་གཉིས་ཀྱིས་གདོན་བགེགས་འཇོམས། །སུག་སྨེལ་མཁལ་ཞོ་གཉིས་ཀྱིས་གཞི་འཛིན་བྱེད། །གླ་རྩི་འཛིན་པ་གཉིས་ཀྱིས་གཉན་ཁ་གཅོད། །ཏིལ་འབྲུ་དཀར་དམར་འཛག་གཅོད་རང་ས་འཛིན། །

སྐྱེར་ཤུན་བརྒྱད་པ། སྐྱེར་ཤུན་པི་ལིང་སྐྱུ་རུ་ཤིང་མངར་དང་། །གླ་རྩིའི་དྲིས་བསྒྱུར་སྐྱེར་ཤུན་ལྔ་བའི་སྟེང་། །གུར་གུམ་དོམ་མཁྲིས་རྒྱ་སྣག་བསྣན་པ་འདིས། །ཆུ་བཙག་རྗེས་ལ་ཆུ་ཁ་ཚ་ཚག་བྱེད། །ས་བོན་ཁྲག་བསྡོངས་འཛག་པའི་གཉེན་པོ་སྟེ། །ཁྲག་མཁྲིས་ལས་གྱུར་ཚ་འཛག་ཀུན་སེལ་ཞེས། །མི་དབང་བུདྡྷ་ས་རིས་སྭོ་རའིམྱོང་གྲུབ་ལགས། །

རི་མིག་ཡུང་སྐྱེར་གཟེ་སྐྱུར་དང་། །སྲམ་ཤ་དོམ་མཁྲིས་དབང་པོ་ལག གུར་གུམ་སྦྱར་བའི་དགུ་པ་འདིས། །མཁལ་མ་རྩ་འགྲམ་འགྲམསལས་བསྐྱེད་པའི། །གཅིན་སྙི་ཆུ་ཁ་ལུག་པ་དང་། །ཆུ་སྲི་ས་བོན་འཛག་རིགས་ལ། །ཐེམ་བུའི་བཀག་བཞིན་འགྲོ་ངེས་པའི། །རི་མིག་དགུ་པའི་སྦྱོར་བ་ཞེས། །ཀུན་ལ་མེད་པའི་ཁྱད་ཆོས་ཡིན། །

ཛཱ་དངུལ་རྒྱལ་པོའི་སྦྱོར་བ་ནི། །བུག་པ་མེད་པའི་ཛཱ་ཏི་གཅིག ཁོངས་ཁོངབ་བྲུས་པ་དེའི་ནང་དུ། །མུ་ཟི་གསེར་འདྲ་རྨེ་རུ་མགོ་ནག་འབྲུ་རེའི་ལྗིད་ཞོ་རེར་བརྩི་བའི་ཞོ་བཞི་དང་། །དངུལ་ཆུ་ཞོ་དྲུག་སྟེང་དུ་ནི། །ཛཱ་ཏིའི་ཕྱེ་མ་གང་ཤོང་བླུག དེ་ཉིད་ཐང་ཕྲོམ་འབྲུ་ཡི་ཕྱེ། །འདམ་འཐག་བྱས་པས་ལེགས་པར་དྲིལ། །དེ་ཡང་བག་ཟན་སླ་མོས་དྲིལ། །མར་ནག་ཁོལ་མའི་ནང་དུ་བཙོས། །བག་ཟན་ནག་པོར་སོང་བ་དང་། །དམར་མརནག་ཁོལ་ཐག་ཆོད་པའི་ཚེ། །ཛཱ་ཏི་མུ་ཟི་དངུལ་ཆུ་གསུམ། །འདམ་འཐག་ལེགས་པར་བྱས་པ་ལ། །འདི་དཔོན་པོའི་གཅེས་བཏུས་ལུགས་ཏེ་ཁ་ཚར་གཞུང་གསལ་ལྟར་ལེགས་འདྲ། ལ་ལ་ཕུད་དང་ཀ་ཀོ་ལ། །སུག་སྨེལ་ཟི་ར་དཀར་ནག་གཉིས། །བྲེ་ག་ཟེ་ཚ་ཁ་རུ་ཚ། །སྦྱར་བ་འདམ་བཏགས་བུ་རམ་གྱིས། །རིལ་བུ་སྲན་སྦོས་ཙམ་དུ་དྲིལ། །ལྔ་ལྔ་གར་ཆང་བཟང་པོ་དང་། །ཨ་རག་གིས་འཕུལ་ཕུལངོ་མཚར་སྨན། །ཐིག་ལེ་འཛག་པ་ངེས་པར་གཅོད། །

འབའ་སམ་སྨན་མར་རྡོ་རྗེ་ཕ་ལམ་ནི། །འབྲས་གསུམ་ཨ་རུའི་ཕྱེད་ཆ་བ་རུ་ར། །བ་རུའི་ཕྱེད་ཆ་སྐྱུ་རུ་ར་སྦྱོར་བ། །འབའ་སམ་མར་སྟེང་ད་བྱིད་སྨུག་པོ་དང་། །རྩངས་པ་མཆིལ་བ་ཕུག་རོན་ལང་ཐང་རྩེ། །ཅོང་ཞི་ཚ་བ་གསུམ་དང་འབྲས་སྣ་གསུམ། །དབང་པོ་ལག་པ་ཛཱ་ཏི་སྡིག་སྲིན་དང་། །སུག་སྨེལ་བུ་རམ་སྦྱར་བའི་བཅུད་ལེན་འདིས། །མཁལ་མའི་ནད་སེལ་ཉམས་སྟོབས་སྐྱེད་བྱེད་ཅིང་། །ཁྱད་པར་གཅིན་སྙི་ས་བོན་འཛག་པ་གཅོད། །ཅེས་སོ། །

X