//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

ལུས་སྟོད་དབང་བོའི་ནད་ཀྱི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 11:21:13 ཀློག་གྲངས། 30 

  ཡོངས་གྲགས་ཙ་ནྡན་བཅོ་བརྒྱད་སྦྱོར་བ་ནི། །ཙནྡན་གི་ཝང་སུམ་ཅུ་ཏིག གསེར་གྱི་མེ་ཏོག་དུག་མོ་ཉུང་། །རུ་རྟ་རྒྱ་སྐག་པྲི་ཡང་ཀུ། །འབྲི་མོག་བཙོད་དང་བ་ཤ་ཀ ཨ་རུ་ར་དང་བཟང་པོ་དྲུག བྲག་ཞུན་དང་བཅས་ཕྱེ་མ་འདིས། །སྲིན་དང་མཆིན་པ་མཆིན་ཁྲི་དང་། །རྩིབས་རྩིབལོགས་རོ་སྟོད་གཟེར་བ་དང་། །སྙིང་རླུང་རྒྱུ་བ་ཞན་པ་དང་། །རྩ་ཆད་རྩ་འགྲིལ་འདྲུལཤ་འགུལ་དང་། །མགོ་བོ་ན་ཞིང་མིག་མི་གསལ། །ཁ་ལྕེ་སྐམ་ཞིང་གྲེ་བ་ཚ། །ཕོ་བ་རྒྱུ་མ་ལ་སོགས་པར། །རྨུགས་ཤིང་ཚ་དབལ་བྱེད་བྱེརབ་སེལ། །

  མིག་ནད་སྨན་སྐོར་གུར་གུམ་ཉེར་ལྔ་ནི། །སྔོན་མེད་ལྕགས་རིལ་རིན་ཆེན་སྦྱོར་བ་ལ། །དེ་ལ་དང་པོ་རྩ་བའི་སྨན་བདུན་ནི། །ཨ་རུ་གསེར་མདོག་རུལ་སུངས་མེད་པ་བཅུ། །ཁྱད་པར་བདུད་རྩི་འོད་ལྡན་རྟག་ངུ་གསེར་སེརཔོ་བཟང་ཤོས་མེ་ཏོག་ཅུང་གུག་པ། གཞན་དྲོད་སྐྱེས་ཆེ་ཆུང་གཉིས་རིགས་གསུམ་རིགས་གསུམ་པོ། །སྲང་བདུན་ཨ་བ་སྲང་བཞི་བྲག་ཞུན་སྲང་གང་། བ་རུ་ར་དང་སྐྱུ་རུ་བཟང་པོ་བདུན། །ལྕགས་ཞུན་ལྕགས་བརྡུང་པའི་དྲེགས་དྲེག་ཕྱེ་མ་སྲང་དོ་རྩི་བཞིན་འཐག།གར་སླ་ཞོ་ཙམ་ལྕགས་སྣོད་ནང་དུ་བླུག ཁེབས་ལྡན་རས་དཀར་དྲི་མ་མེད་པར་བསྟུམ་བཏུམས། །རིན་ཆེན་སྣོད་དུ་ཞག་གསུམ་བསྐོལ་བྱས་ནས། །བུང་བའི་མདོག་ལྡན་མཐིང་མཚེར་ཁ་དོག་འབྱུང་། །དེ་ལྟར་ཡན་ལག་སྨན་ནི་འདི་ལྟར་ཡིན། །ཁ་ཆེ་གུར་གུམ་བཟང་པོ་ཐུན་ལྔ་དང་། །བཟང་དྲུག་ཐུན་རེ་འབིགས་བྱེད་ཨ་རུ་ཐུན་བཟང་རེ། །གླ་རྩི་དོམ་མཁྲིས་གི་ཝང་ཐུན་གསུམ་རེ། །མདུང་རྩེ་དཀར་དམར་གཉིས་སྦལ་རྒྱབ་གངས་ཏིག་ཐིགསརིན་ཆེན་མཚལ། །ཁབ་ལེན་ཅོང་ཞི་རུ་རྟ་ཙན་དན་གཉིས། །རྒྱ་རུ་བསེ་རུ་རྩི་ཧྲོག་བསྲེགས་ཁ་ཤ་ཤ་བའི་རྭ། །པི་ལིང་ཨུཏྦལ་སྐྱེར་ཞུན་ཤུནསུམ་ཅུ་ཏིག བོང་དཀར་ཧོང་ལེན་བ་ལེ་བ་ཤ་ཀ ཨ་གར་ནག་པོ་ཉ་ཕྱིས་ལྕགས་སྦྲུལཉ་མིག་གང་འཛོམ་རྣམས། །དམ་ཚིག་གསང་སྨན་སེ་འབྲུ་༠mm༠མགྲོན་བུ་བསྲེགས་པ། ཨ་རུའི་རུས་པ་ལྕགས་སྣོད་དུ་བཙོས་པའི་ཁུ་བ་ནག་པོས་འདམ་འཐག་རིལ་བུ་སྲན་ཙམ་དྲིལ་ལྡན་པས་འདམ་འཐག་ཉིན་གསུམ་བྱ། །སྦྲང་དཀར་བསླད་མེད་རྟ་སྦྱར་རིལ་བུར་དྲིལ། །གསེར་དངུལ་ལ་སོགས་རིན་ཆེན་སྣོད་མཆོག་ཏུ། །དར་དམར་ཁེབས་ལྡན་རབ་ཏུ་གནས་བྱས་ལ། །གཟའ་སྐར་ཚེས་གྲངས་བཟང་པོའི་ཐོ་རངས་དུས། །རིལ་བུ་ལྔ་ལྔ་ཆུ་བསྐོལ་འཕུལ་ལ་བཏང་། །འདི་ཡི་ཕན་ཡོན་བརྗོད་ན་བསམ་ལས་འདས། །མིག་ནད་རབ་རིབ་ཕྱི་ནང་བར་འགྲིབ་དང་། །རྒྱལ་མོ་འདས་འདལདང་ཆུ་འཁྲུགས་རྩ་མདངས་དང་ཉམས། །ཤ་འཛེར་རྭ་དང་ལིང་ཏོག་ཅ་ར་རྩ་མདའསོགས། །མིག་ནད་སུམ་ཅུའི་གཡུལ་ལས་རྣམ་པར་རྒྱལ། །ཁྱད་པར་དུག་ལྡང་མདངསསྨན་མིགའགྲིབ་ཐམས་ཅད་ལ། །སྦྱོར་བ་འདི་མེད་གཞན་གྱིས་དགོས་པ་ཅི། །འདུས་འགྲིབ་ནད་ལ་རྡོ་རྗེ་ཕ་ལམ་ཡིན། །གཞན་ཡང་སྦྱར་དུག་གྱུར་དུག་རྙིང་པ་དང་། །ལྡན་འདུས་ཚད་རྙིང་འགྲམ་འགྲམསའཁྲུགས་ཤུ་བ་དང་། །སྨུག་པོ་ཁྲག་ཏུ་འཁྲུ་སྐྱུག་ཐམས་ཅད་སེལ། །མཆིན་མཚེར་ཁྲག་བབས་མཁྲིས་པ་ཀྵ་ཡས་བཏབ། །མ་ལུས་སེལ་བ་མྱོང་བས་གྲུབ་པའོ། །

  འབྲོང་རྩེའི་གསལ་བྱེད་ཉེར་ལྔ་ནི། །གཅོད་བྱེད་རྡོ་ནི་རྣམ་པ་བཞི་གངས་ཏིག་ཐིགསམདུང་རྩེ་རྒྱ་མཚལ་སྦལ་རྒྱབ། །འདེགས་བྱེད་རྭ་ཡང་རྣམ་པ་བཞི་རྒྱ་རུ་བསེ་རུ་ཁ་ཤ་ཤ་བའི་རྭ། །གསལ་བྱེད་སྨན་ཡང་རྣམ་པ་བཞི་ལྕགས་ཕྱེ་གོ་སྙོད་སྦྲུལ་ཨ་བ། །ཁྲག་འབྱེད་སྨན་ཡང་རྣམ་པ་བཞི་ཨུཏྦལ་ཏིག་ཏ་ཧོང་ལེན་བ་ཤ་ཀ བཟང་པོ་དྲུག་དང་འབྲས་བུ་གསུམ། །ཀ་ར་དཀར་པོའི་རྟ་ལ་བསྐྱོན། །རྒྱལ་མོ་ཤེད་བསྐྱེད་རབ་རིབ་སེལ། །གྲ་དྲདང་ལིང་ཐོག་གཉིས་ཀ་བདེ། །འདི་བས་ཟབ་པ་ཤིན་ཏུ་དཀོན། །ཞེས་སོ། །

  མདུང་རྩེ་ཉེར་ལྔའི་སྦྱོར་བ་ནི། །མདུང་རྩེ་དཀར་པོ་བཟང་དྲུག་བསེ་རུ་མཚལ། །རྒྱ་རུ་ཤ་བའི་རྭ་རྒྭ་དོར་དང་ནི་ཤ་བའི་རྭ། །ཏིག་ཏ་གངས་ཐིག་ཐིགསཨ་བ་གོ་སྙོད་དང་། །ཙན་དན་དཀར་དམར་ལྕགས་སྦྲུལ་བཟང་པོ་དང་། །གི་ཝང་དོམ་མཁྲིས་གླ་རྩི་འབྲས་བུ་གསུམ། །ཀ་ར་བུ་རམ་སྦྲང་གིས་རིལ་བུར་དྲིལ། །ཐོ་རངས་བསྟེན་ན་མིག་ནད་མ་ལུས་སེལ། །ཞེས་སོ། །

  གསལ་བྱེད་ཉི་ཟླའི་འཁོར་ལོ་ཞེས་བྱ་བ། །འཛམ་གླིང་སྐྱེས་བུ་དམ་པའི་དཔལ་དུ་ཤར། །མུན་པའི་གླིང་དུ་ཉི་མ་ཤར་བ་བཞིན། །སྦྱོར་བ་འདི་ཡིས་སྟོང་གསུམ་མཐོང་བར་འགྱུར། །ལྕགས་ཞུན་བརྡར་བའི་ཕྱེ་མ་སྲང་གང་ལ། །གསེར་མདོག་སྲང་ཕྱེད་རྡོ་གཞོང་བཟང་པོའི་ནང་། །ཉིན་ཞག་ལྔ་བར་དྲོད་དང་མ་བྲལ་བར། །ལྕགས་ཕྱེ་སྔོ་མཐིང་མཚེར་དུ་གྱུར་པའི་ཚེ། །སླ་ངར་བླུགས་ལ་ཆུ་ཐག་ལན་གསུམ་བཅད། །དྲོ་སར་དོང་བྲུས་དབྱར་དགུན་གསུམ་ལྔ་བསྙལ། །དེ་ནས་འདོན་ལ་འདམ་འཐག་ཉིན་ཕྱེད་བྱ། །གཡུ་རྙིང་བྱེ་བྱུརུ་མུ་མེན་མུ་ཏིག་བཞི། །སྦལ་རྒྱབ་མདུང་རྩེ་དམར་པོ་མཚལ་དཀར་རྣམས། །གཞི་ནི་བཟང་དྲུག་ཐུན་བཟང་ཨུཏྦལ་སྔོ། །ཞོ་ཕྱེད་གི་ཝང་དོམ་མཁྲིས་གླ་རྩི་དང་། །ནག་ཆུང་གསེར་མདོག་ལྕགས་སྦྲུལ་བུབ་ཐུནལྔ་ལྔ། །བསེ་རུ་ཙན་དན་དཀར་དམར་ཨ་ག་རུ། །ཅོང་ཞི་བྲག་ཞུན་གངས་ཏིག་ཐིགསཔྲི་ཡང་ཀུ། །སེ་འབྲུ་པི་པི་ལིང་དང་ཐུན་ལྔ་དྲུག གསང་སྨན་སྐྱུ་རུའི་བར་ཤ་ཞོ་གསུམ་ཐུན་གཉིས་ཏེ། །སྦྲང་དཀར་ཞོ་ཕྱེད་ཀ་ར་ཞོ་གཉིས་རྣམས། །སེ་འབྲུ་སྦངས་པའི་ཁུ་བ་ཞལ་སྐྱེམས་དྲངས། །འདམ་འཐག་ཞག་གསུམ་བར་དུ་བརྩོན་པར་བྱ། །རིལ་བུ་སྲན་སྦོས་ཙམ་དུ་སྙོམས་པར་དྲིལ། །དར་སྔོན་བསྟུམས་བཏུམསལ་དལ་བུས་གཉུག་བསྲིངས་དཀྲུགས། །དེ་ནས་དཀར་ཡོལ་ནང་བླུག་སྐམ་ཐག་བཅད། །བྱིན་འབེབས་ཤིས་པ་བརྗོད་ལ་མི་ཡལ་བཅང་། །ཕན་ཡོན་མཆིན་རྒྱས་མཆིན་རྒུད་མཆིན་བསྣད་དང་། །མཆིན་སྨུག་མཆིན་དུག་མཆིན་རླུང་མཆིན་སྐྲན་འཇོམས། །མཆིན་ནད་སྐྱ་རིབ་སྔོ་རིབ་བར་འགྲིབ་དང་། །ནང་འགྲིབ་སྤོ་དང་ལིང་རོ་སྲོད་ལོང་སེལ། །བྱང་ཁོག་རྣག་ཁྲག་དམུ་ཆུ་སྐམ་པ་སྐེམ་ལསེལ། །གློ་ཟིང་རྒྱུ་ལོང་དོན་ལྔ་སྣོད་དྲུག་གི ཚ་སྨུག་འགྱིང་འགྲིལ་འགྱིངས་འདྲིལའཐབ་པ་ཐམས་ཅད་སེལ། །ལོང་བ་མིག་འབྱེད་སྟོང་གསུམ་གསལ་བར་འགྱུར། །ནད་མེད་བསྟེན་ན་འདུ་བ་སྙོམས་པ་དང་། །འཕེལ་ཟད་འཁྲུགས་གསུམ་ཉེས་པ་མ་ལུས་སེལ། །གནོད་བྱའི་ཁམས་འཕེལ་གནོད་བྱེད་ཆ་སྙོམས་ཤིང་། །དབང་པོ་ཀུན་གསལ་ལུས་སྟོབས་སྐྱེད་པར་བྱེད། །རྒས་པ་གཞོན་ནུར་བྱེད་པའི་གདམས་པ་མཆོག གནོད་བྱ་གནོད་བྱེད་འཁྲུགས་པ་མཐའ་དག་སེལ། །འདི་ནི་མཁས་པའི་ཞལ་གདམས་མ་ནོར་བ། །ཁ་ཆེ་མངོན་པར་དགའ་བས་བགྱིད་པའོ། །

  གསལ་བྱེད་དྲུག་པའི་སྦྱོར་བ་ནི། །གུར་གུམ་ལི་ཤི་གསེར་མདོག་མཉམ། །དོམ་མཁྲིས་ག་བུར་ཞད་ཙམ་རེ། །ཞིབ་བཏགས་ཆ་གཅིག་རྡོ་པ་ཤ ཆ་དྲུག་སྦྱར་བའི་འཇིམ་པ་གང་། །ཆོ་ག་བཞིན་དུ་མིག་ལ་བཀབ། །བསླུ་བ་མེད་པའི་གདམས་པའོ། །

  གསལ་བྱེད་དྲང་སྲོང་དྲུག་སྦྱོར་ནི། །དྲང་སྲོང་ཆེན་པོ་སྐུ་མདོག་དམར་ཙན་དན་དམར། །སྐུ་སྟོད་དར་དམར་ན་བཟའ་གུར་གུམ་གསོལ། །དབུ་ལ་གསེར་གྱི་ཅོད་པན་ཨ་རུ་གསེར་མདོག་མཛེས། །ཕྱག་གཡས་ཟངས་ཀྱི་འཛེར་བུ་ལི་ཤཤིའཛིན། །གཡོན་པ་དུང་གི་པར་བུ་རྒྱ་ཚ་བསྣམས། །ཞལ་ནས་ཧ་ལའི་སྨན་ཆེན་སྒྲ་སྒྲོགས་ཤིང་། །རྭ་ལིང་མཐའ་མེད་ཡུལ་དུ་བསྐྲད། །ཤིན་ཏུ་སྐམ་བཏགས་སྐམ་འདེབས་གཅེས། །

  ལྷ་ལུང་གསལ་བྱེད་སྤོས་རེང་ནི། སྤང་མཐིང་ལི་ཤི་དོམ་མཁྲིས་དང་། །རྒྱ་མཚོའི་ལྦུ་བ་མདུང་རྩེ་དམར། །ཡུང་བ་རྒྱ་ཚོས་འཇིབ་བུ་བསླད་མེད་དང་། །གླ་རྩི་གུར་གུམ་བ་རུ་ར་ཡི་སྙིང་། །ག་བུར་སྐྱེར་ཁཌྷྜྷཱ་ཀ་ར་སྦྱར། །བུད་མེད་བུ་སྐྱེས་ནུ་ཞོས་སྦྱར། །ལག་ལེན་དྲི་ཆུས་དྲིལ་བ་ཡིན།མིག་ནད་རབ་རིབ་དམར་ཚག་སྐམ་ཚག་སོགས། །མིག་ནད་ཅི་ལས་གྱུར་པ་སེལ་བར་བྱེད། །

  རྣ་བའི་ནད་ཀྱི་སྨན་སྐོར་ལ། །ཨུག་ཆོས་འབྲས་བུ་གླ་རྩི་སྒོག་སྐྱ་དང་། །ལ་ཕུག་རུ་རྟ་སྦྱར་བའི་ཨུག་ཆོས་ལྔ། །དེ་སྟེང་ཤིང་ཀུན་རྨ་བྱའི་སྒྲོ་གཞོབ་སྒ་སྐྱ་དང་། །རྒྱ་ཚ་གུར་གུམ་ཞིབ་བཏགས་ཨུག་ཆོས་བཅུ། །ཚ་ན་རང་ཆུ་གྲང་ན་འབྲུ་མར་ཁུར། །རྣ་བར་བཏིགས་པས་འོན་པ་སེལ་བའི་མཆོག

  ཡང་གཅིག་ཨུག་ཆོས་ལ་ཕུག་རུ་རྟ་དང་། །གླ་རྩི་ཤིང་ཀུན་ཁ་རུ་ཚ་དང་ནི། །དུར་རུས་ཤུ་དག་བུལ་ཏོག་རྒྱ་ཚ་དང་། །ཀ་ར་སྦྱར་བླུག་ཡེ་བུས་ཡེའུསབྲུ། །རྣ་ནད་ཀུན་སེལ་ཨུག་ཆོས་བཅུ་ཞེས་གྲགས། །

  ཀུན་མཁྱེན་སི་ཏུའི་སྣ་སྨན་ཉེས་སེལ་ནི། །རྒྱ་མཚལ་མཚལ་དྲི་བཟང་ཅན་ཞིག་དར་མདོ་སོགས་ནས་འབྱུང་བ་དེ་ལས། མཚལ་ཕལ་བས་མི་རུང་བ་ཞལ་རྒྱུན་ཙན་དན་དཀར་དམར་ཨ་ག་རུ། །ཛཱ་ཏི་ལི་ཤི་ཀོ་ལ་ན་གི་དང་། །གླ་རྩི་འཕུར་སླེབས་སྤང་སྤོས་བསེ་རུ་དཀར། །བོང་དཀར་ཅུ་གང་གུར་གུམ་གི་ཝང་དང་། །འབྲས་གསུམ་འུ་སུ་སུག་སྨེལ་རུ་རྟ་དང་། །ཀ་ར་སྦྱར་བའི་སྣ་སྨན་སྲང་རེ་དང་། །སྣ་ཐ་སྲང་དོ་རེ་བསྡེབ་དྲི་འཛིན་གསུར། །ཡ་མ་དཀར་ནག་གྲེ་འཛེར་ལུ་བའི་ནད། །ཀུན་སེལ་གཉེན་པོ་མིག་དབང་གསལ་བར་བྱེད། །

  བི་ཇིའི་མཚལ་ལུད་ཁ་བསྡམ་སྡོམནི། །མཚལ་རང་བྱུང་དཀར་དོམ་མཁྲིས་ནཱ་ག་ཆུང་། །སྲན་མའི་མེ་ཏོག་གསེར་མདོག་ཨ་རུ་ས་འཛིན་འབྲི་ཏ་གུར་གུམ་ཁ་གུར་རྣམས། །ཕྱེ་མ་དམར་གསུམ་རྒྱ་འབྲི་བཙོད་གསུམ་ཐང་གིས་འཕུལ། །ཁྲག་ཟག་ཟགསཐེམ་ཁ་བརྫང་དང་མཚུངས། །

  ཁ་ནད་ཐང་སྨན་ཕྱི་རྒྱུད་ལས། །ནག་མཚུར་སེང་ཕྲོམ་ཨ་རུའི་གྲང་ཐང་གིས། །མཁུར་བཀང་ཁ་ཡི་ཁྲག་ནད་ཟུག་གཟེར་འཇོམས། །

  ལྡོང་རོས་དྲུག་པ་ཞེས་པ་ནི། །གླ་སྒང་ཡ་བཀྵ་ར་ལྕེ་མྱང་ཚ། །སྐྱེར་ཤུན་ལྡོང་རོས་གླ་རྩིའི་མཁུར་བཀང་བཅང་། །

  ཡང་གཅིག་ལྡོང་རོས་དྲུག་པ་ནི། །ལྡོང་རོས་ཨ་རུ་བིག་པན་དང་། །ལྕེ་མྱང་ཚ་དང་སྐྱེར་ཤུན་དང་། །ཡ་བཀྵ་ར་མཁུར་བཀང་བཅང་། །ཁ་རྨ་སེལ་ལ་ཤིན་ཏུ་ཟབ། །སོ་ཕག་བསྡུས་ཁུར་འུ་སུ་ཀ་ར་བཏབ། །མཁུར་བཀང་ཁ་ལྕེ་གྲེ་བ་སྐམ་པ་སེལ། །

  བོང་དཀར་ལྔ་པ་བོང་དཀར་ཤིང་མངར་སྤང་རྒྱན་དཀར་བསྡུས་ཁུར། །ཅུ་གང་ཀར་སྦྱར་སྐད་འགགས་ཚ་སྐམ་སེལ། །

  ལི་ཤི་ཅུ་གང་གུར་གུམ་ཙན་དན་དཀར། །ལི་ཤི་བཞི་པས་གྲེ་བའི་ཚད་པ་འཇོམས། །

  ལི་ཤི་ཅུ་གང་ཤིང་མངར་སྤང་རྒྱན་དཀར། །རུ་རྟ་ཨ་རུ་ར་དང་ཀ་ར་སྦྱར། །ལི་ཤི་དྲུག་པ་ལོ་བརྒྱད་དྲི་ཆུས་འཕུལ། །གློ་ནད་གྲེ་བ་ཚ་སྐམ་སྐད་འགགས་སེལ། །

  སྤང་རྒྱན་དཀར་པོ་བསིལ་གསུམ་དང་། །ཤིང་སྔོན་ཤིང་མངར་ཨ་རུ་ར། །སྨན་ཆེན་རེ་སྐོན་བྲག་ཞུན་ཏེ། །

  སྤང་རྒྱན་བཅུ་པ་ཞེས་བྱ་བ། །འགོ་ནད་འོག་ནསགོང་མ་རིམ་བཞིན་བསྐྱེད། །བད་ཀན་ཚ་འགགས་གྲང་འགགས་དང་། །མིད་འཆུས་སྐྱིགས་དང་སྐོམ་དད་ཆེ། །གྲེ་བའི་ནད་རིགས་མ་ལུས་སེལ། །ཞེས་སོ། །

  བོང་དམར་བདུན་པའི་སྦྱོར་བ་ནི། །བོང་དམར་འབྲས་གསུམ་ཙན་དན་དམར། །ཧོང་ལེན་པྲི་ཡང་རྣམ་པ་བདུན། །སྦྱར་ཚད་རིག་པའི་མདའ་ཡིས་བསྣུན། །སྟོད་ཀྱི་འཁྲུགས་དང་སྐད་འགགས་ལ། །འདི་བས་ལྷག་པའི་གདམས་པ་མེད། །

  ཁ་ནད་སྐབས། ལྷ་ལུང་པའི་བོང་དམར་བརྒྱད་པ་འཕྲོད་ཆེ་གསུངས་པ་ནི། དུག་ནད་མ་ལུས་མཐའ་དག་ལ། །བོང་དམར་ཡུང་བ་བྱང་བུལ་དང་། །རྒྭ་དྲུས་བྲག་སྐྱ་ཧ་བོ་དང་། །རེ་རལ་འོམ་བུ་གསེར་མདོག་རྣམས། །གངས་ཆུས་གུང་གཉིས་འཕུལ་ལ་བཏང་། །ཤ་དུག་སྦྱར་དུག་ལ་སོགས་པ། །དུག་རིགས་ཀུན་ལ་མཆོག་ཏུ་ཕན། །ཞེས་ལྷ་ལུང་གཅེས་བཏུས་ལས་སོ། །

  ལྦ་བ་འཇོམས་པའི་ཤ་སྦྱོར་བརྒྱད། །སྐྱ་གའི་ཤ་བཟང་ཐུན་གསུམ་དང་། །ལུག་རྨེན་ལུག་གི་ཡོལ་མདུད་རྨེན་ལྔ་དང་དུང་བསྲེགས་ཐལ། །གུ་གུལ་ལི་ཤི་འབྲས་བུ་གསུམ། །ཉ་ཕྱིས་རུ་རྟ་ཐུན་བཟང་རེ། །ཕྱེ་མ་ལྟོ་སྟོང་རུས་ཁུས་འཕུལཕུལ། །ཉེར་དགུ་གནམ་སྟོང་སོགས་བཏང་བས། །ལྦ་བ་ཐམས་ཅད་རང་ཞིར་འགྱུར། །ཞེས་སོ། །

  འདྲ་མིན་ཡང་གཅིག་ཤ་སྦྱོར་བརྒྱད། །གཙོ་བོ་སྐྱ་གའི་ཤ་དང་ད་ལི་ལིསདང་། །ཚ་བ་གསུམ་དང་ལྦ་ཚ་དུང་མགྲོན་ཐལ། །ཟླ་ཚོད་ཉི་ཤུ་གཅིག་ནས་དགུ་ཡི་བར། །བསྟེན་ན་ལྦ་བ་རྩད་ནས་འབྱིན་པར་བྱེད། །ཅེས་དང་།

  ཛཱ་ཏི་དགུ་སྦྱོར་ནི། །ཛཱ་ཏི་རྒྱམ་ཚ་སུག་སྨེལ་རྡོག་པོ་གསུམ། །ཚན་དེ་སྒ་སྒེགཤེར་ད་ལི་ལིསཕོ་བ་རིས། །རྒྱ་ཚ་ཁ་རུ་ཚ་དང་ལྦ་ཚ་སྦྱར། །ལྦ་བའི་མཇུག་གཅོད་ཤ་རྨེན་རྩད་ནས་འབྱིན། །ཞེས་འབྱུང་། །

  རྨེན་བུའི་སྦྱོར་བ་ལྦ་བ་རྒྱུན་གཅོད་ནི། །ཚིནྡེ་སྒེ་གཤར་གཤེརད་ལི་ལིསཕོ་བ་རིས། །བད་ཀན་འཇོམས་ཤིང་དྲོད་བསྐྱེད་མེ་སྟོབས་ལྡན། །རྒྱམ་ཚ་ཛཱ་ཏི་ལུག་རྨེན་རྡོག་པོ་གསུམ། །རླུང་གཞིལ་མ་ཞུ་འཇུ་བའི་ཡོན་ཏན་ཅན། །དེ་དག་གྲང་བ་རླུང་ལྡན་གཉེན་པོ་སྟེ། །དཔའ་བོ་བདུན་པའི་སྦྱོར་བ་ཞེས་བྱར་གྲགས། །རྒྱ་ཚ་ཁ་རུ་ཚ་སྦྱར་དགུ་པ་ཡིན། །ལྦ་བ་གྲང་རྒྱས་སྦོས་གློ་བུར་རྒྱས་ཤིང་མིག་ཆུ་འཛག་པའོ་རྫིང་འཇོམས་པའི་མཆོག། སེ་འབྲུ་ཤིང་ཚ་ཨ་རུ་རྣམ་རྒྱལ་དང་། །དེ་བ་ད་རུ་སྦྱར་བའི་བཅུ་གསུམ་པ། །སྐྱ་རྦབ་འོར་དང་མེ་ཉམས་བད་རླུང་རྒྱས། །ཁྲག་མིག་ལྦ་བ་དྲུང་ནས་འབྱིན་པར་བྱེད། །མ་ནུ་ཤུ་དག་འུ་སུ་རུ་རྟ་བསྡེབས། །བཅུ་བདུན་སྦྱོར་བས་ལྷག་པར་བད་རླུང་རྒྱས། །སྟོད་རྫིང་དྲོ་རོརྒྱབ་གཟེར་བའི་བདུད་རྩི་ཡིན། །རྒྱ་ཚ་ཟེ་ཚ་དུང་མགྲོན་ཐལ། །ཚ་ཚྭབསྲེགས་ཕོ་བ་རིལ་སྦྱར་བས། །ལྷེན་སྐྲན་ལ་སོགས་སྐྲན་རྣམས་འཇོམས། །

X