//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

ཚ་བ་དང་རིམས་ནད། གཉན་ནད་རྣམས་ཀྱི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 11:19:48 ཀློག་གྲངས། 45 

ད་ནི་ཚ་བའི་སྨན་གྱི་སྡེ་ཚན་ནི། །མ་ནུ་བཞི་ཐང་ནི། མ་ནུ་༢m༠m༠ཀཎྡྲི་ཀ་རི་༡m༠m༠སླེ་ཏྲེས་༢m༠m༠དང་། །སྒ་སྐྱའི་༠m༥m༠ཐང་གིས་རིམས་ཚད་སྨིན་པར་བྱེད། །བད་ཀན་སྐྱ་སྨུག་སྟོངས་ཚད་ཁྲག་གཟེར་སེལ། །

ནོར་བུ་བདུན་ཐང་དེ་སྟེང་འབྲས་གསུམ་༣m༠m༠གསུམ་པོ་ཆ་མཉམ་བསྡེབས། །བསྡུས་གྲང་ཐང་གིས་ཁྲག་རླུང་འཁྲུགས་གསུམ་ལ། །ཆུ་དྭངས་ནོར་བུ་ཆུ་སྟེང་བཞག་པ་བཞིན། །ནད་རྣམས་མ་ལུས་རང་སར་དྭངས་པར་འགྱུར། །

གཙོ་བརྒྱད་བདུན་ཐང་བསྲེས་པ་སྤྲིན་བྲལ་ཟླ་ཟེར།

རྗེའུ་གཙོ་བོ་བརྒྱད་པའི་ལར་ཐམས་ཅད་གཙོ་བོ་ཡིན་པས་ཆ་མཉམ་དགོས་ཀྱང་མདེལ་མདེཁ་བསྒྱུར་ སྦྱོར་བ་ནི། །བསིལ་གྱི་གཙོ་བོ་སྣོད་ཚད་ལ་གི་ཝང་སྙིང་ཚད་ཙནྡ་ཙནྡནགཉིས། །རྩི་ཡི་གཙོ་བོ་གློ་ཚད་ལཅུ་གང་མཆིན་ཚདགུར་གུམ་གཉིས། །ཐང་གི་གཙོ་བོ་མཁྲིས་པ་ཏིག་ཏ་ཁྲག་བ་ཤ་ཀ སྔོ་ཡི་གཙོ་བོ་འཁྲུག་ལ་ཧོང་ལེན་རིམས་ཚད་ལ་བོང་ང་དཀར། །དེ་རིགས་གཙོ་བོ་བྱ་བའི་ཐུན་ལོག་བཏང་བ། ཀ་ར་དཀར་པོ་བཞི་འགྱུར་རྟ་ལ་བསྐྱོན། །དོན་སྣོད་གློ་མཆིན་ཁྲག་མཁྲིས་འཁྲུགས་རིམས་དང་། །ཚད་པ་གསར་རྙིང་མ་ལུས་སེལ་བར་བྱེད། །ཅེས་གསུངས་སོ། །

བེ་དོ་བཅུ་གཅིག་སྦྱོར་བ་ནི། །བེ་དོ་སྤང་རྩི་བོང་དཀར་པཪྤ་ཏ། །ཀྱི་ལྕེ་ཧོང་ལེན་རྩ་མཁྲིས་དང་། །རྒོད་སྤོས་ལྕགས་ཀྱུ་སྟག་ཤ་དང་། །ཨ་བྱག་གཟེར་འཇོམས་རེ་སྐོན་སྦྱར། །བཅུ་གཅིག་འཚོགས་པའི་སྨན་མཆོག་འདི། །ཚད་པའི་ནད་རྣམས་ཐམས་ཅད་ལ། །འདི་ལས་ལྷག་པའི་སྨན་ཞིག་མེད། །དེ་སྟེང་འཛིན་པ་བསྡེབས་པ་ཡིས། །བེ་དོ་བཅུ་གཅིག་གཉིསགྲགས་པ་འདི། །རིམས་ཚད་གག་ལྷོག་རྒྱུ་གཟེར་དང་། །མགོ་འཁོར་རྒྱ་ནད་མིག་ནད་དང་། །འབྲུམ་བུ་བེ་གེ་རྣམས་ལ་མཆོག། འཁྲུགས་ཚད་ཁྲག་མཁྲིས་འགྲམ་འགྲམསཚད་དང་། །དུག་ཚད་མགོ་ཚད་རྒྱས་ཚད་དང་། །ཤུ་བ་ལིང་ཐོག་རྣམས་ལ་ཕན། །སྟོང་འཁྲུགས་རླུང་འགྲམ་འགྲམསདབྱིག་དུག་དང་། །གྲང་རིམས་རྣམས་ལ་བཏང་གཏོངམི་རུང་། །དོན་སྣོད་དྲེག་གྲུམ་ཚད་པ་རྣམས། །རང་རང་ཁ་འཛིན་མན་ངག་གནད། །གཏེར་སྟོན་དཀོན་མཆོག་སྐྱབས་ཀྱི་ལུགས། །

སྤང་རྩི་དོ་བོ་ཕུར་མོ་དང་། །སྟག་ཤ་བོང་དཀར་ཙནྡ་ཙནྡནགཉིས། །རེ་སྐོན་གུ་གུལ་བྲག་གི་ཞུན། །ཅུ་གང་གླ་རྩི་འཛིན་པ་རྣམས། །ཆ་མཉམ་ཞིབ་བཏགས་བརྟེན་བསྟེནཔ་ནི། །རྒྱུ་གཟེར་འབྲུམ་རིགས་ཁྲག་མཁྲིས་ཚད། །རྒྱས་ཚད་རྙིང་ཚད་གག་ལྷོག་དང་། །རིམས་ནད་གཟེར་ཐུང་སེལ་བའི་མཆོག འཆི་མེད་བེ་དོ་བཅུ་གསུམ་མོ། །

སྤང་རྩི་དོ་བོ་བོང་དཀར་སྟག་ཤ་དང་། །པཪྤ་ཏ་དང་བདུད་རྩི་ལོ་མ་མཉམ། །ཅུ་གང་གི་ཝང་གུར་གུམ་ཙནྡ་ཙནྡནདམར། །བྲག་ཞུན་གླ་རྩི་གུ་གུལ་ནག་པོ་སྦྱོར། །སྟོད་ལུགས་སྤང་རྩི་བཅུ་གཉིས་ངོ་མཚར་ཅན། །གཉན་ཚད་མ་ལུས་གསོད་པར་བྱེད་པའི་མཆོག རིམས་ནད་སྟོབས་ཆེན་འཇོམས་པའི་གཉེན་པོ་ཡིན། །

ཟུར་ལུགས་སྤང་རྩི་བཅུ་གསུམ་ནི། །སྤང་རྩི་བོང་དཀར་སྟག་ཤ་པཪྤ་ཏ། །འཛིན་པ་རྣམས་ནི་ཐུན་ཚད་ཆ་མཉམ་ལ། །བསིལ་གསུམ་ཙནྡ་ཙནྡནདཀར་དམར་བྲག་ཞུན་དང་། །གླ་བ་གུ་གུལ་རྣམས་ནི་དྲི་ཐོན་ཙམ། །རིམས་ཚད་སྟོབས་ཆེན་འཇོམས་པའི་གཉེན་པོ་ཡིན། །གཉན་ཚད་མ་ལུས་སྡུད་གསོད་བྱེད་པའི་མཆོག ཟུར་ལུགས་སྤང་རྩི་བཅུ་གསུམ་སྦྱོར་བར་གྲགས། །

ཙནྡ་ཙནྡནདཀར་དམར་ཅུ་གང་གུར་གུམ་དང་། །ཨུཏྦལ་ཧོང་ལེན་གི་ཝང་ལི་ག་དུར། །ཏིག་ཏ་བ་ཤ་ཀ་སྦྱར་ནྡ་ནྡབཅུ། །ཚ་བ་འབྲིང་སེལ་མན་ངག་རྒྱུད་དགོངས་ཡིན། །

གཙོ་བོ་བརྒྱད་སྟེང་ཙནྡ་ཙནྡནདམར་པོ་དང་། །ཤིང་མངར་རུ་རྟ་སྐྱུ་རུ་ར་སྦྱར་བས། །འཁྲུགས་ཚད་སེལ་བྱེད་རྒྱུད་དགོངས་ཡང་དག་ལགས། །

ཙནྡ་ཙནྡནབསིལ་གསུམ་ག་དུར་ཨུཏྦལ་སྔོ། །ཏིག་ཏ་ཤིང་མངར་ཀར་སྦྱར་ནྡ་ཙནྡབརྒྱད། །རྒྱས་པའི་ཚ་བ་འབྲིང་སེལ་རྒྱུད་ལས་གསུངས། །

ནྡ་ནྡཏིག་ཏ་བ་ལེ་བོང་ང་དཀར། །ཀོ་ལ་ཨ་རུ་ནཱ་ག་གེ་སར་དང་། །རུ་རྟ་ཀར་སྦྱར་བརྒྱད་པས་རྙིང་ཚད་སེལ། །

ཙནྡ་ཙནྡནགླ་རྩི་གུར་གུམ་ཏིག་ཏ་དང་། །བྲག་ཞུན་བོང་དཀར་སུག་སྨེལ་ཨ་རུ་ར། །མཁལ་ཞོ་དཀར་པོ་སྦྱར་བའི་ནྡ་ནྡདགུས། །མཁལ་ཚད་སེལ་སོགས་མན་རྒྱུད་དགོངས་པ་ལགས། །

འབྲས་གསུམ་གླ་སྒང་བྱི་ཚེར་དང་། །གུ་གུལ་སྟག་ཤ་པཪྤ་ཏ། །ཐང་ཆེན་བརྒྱད་པོ་བསྐོལ་གྲང་བཏང་། །གཉན་ཚད་གཟེར་ཐུང་འཇོམས་པའི་མཆོག

རྟ་ཟི་དམར་པོའི་སྦྱོར་བ་ནི། །འཛིན་པའི་རྩ་བ་འབྲི་ཚིལ་མ༠m༡m༠། །སྟག་ཤ་༠m༡m༠ཚེར་སྔོན་ཨ་བྱག་ཟུང་༠m༡m༠། །ཚོས་༠m༡m༠བཙོད་༠m༡m༠ཅུ་གང་༡m༠m༠གུར་གུམ་༡m༠m༠དང་། །གླ་རྩི་༠m༠m༥གུ་གུལ་༠m༡m༠རུ་རྟ་༠m༡m༠དང་། །གཡའ་ཀྱི་༠m༡m༠ཨ་རུ་ར་༠m༡m༠མ་ནུ༠m༡m༠། །སྤང་རྩི་༠m༡m༠ཏིག་ཏ་༠m༡m༠སེ་མེ་ཏོག༠m༣m༠། །ནད་འཁྲུ་ཐར་ནུ་༠m༤m༠ཐུན་བཞི་སྦྱར། །དགེ་སྔགས་བྱིས་སོགས་དྲི་ཆུའི་འདམ། །རིལ་བུ་བྲ་རིལ་ཙམ་དུ་བསྒྲིལ། །རིན་ཆེན་མཚལ་གྱི་ན་བཟའ་གསོལ། །རིལ་བུ་རྟ་མགྲིན་བསྐྱེད་ལ་བཏང་། །རིམས་དང་ཚད་པ་ཐམས་ཅད་དང་། །ཁྱད་པར་གློ་ཚད་གཟེར་ཐུང་སོགས། །ཆམ་པ་སྟོབས་ཆེན་མ་ལུས་འཇོམས། །

  གཙོ་བརྒྱད་ཆ་སྙོམས་སྦྱར་བའི་སྟེང་། །ཨ་རུ་ཞོ་བཞི་རུ་རྟ་ཞོ་གཅིག་ཚད། །ཤུ་དག་སུམ་གཉིས་སྨན་ཆེན་ཞོ་ཕྱེད་དང་། །གླ་རྩི་ཞོ་གཅིག་སུམ་ཆ་གཅིག་སྦྱར་བ། །གཙོ་ཁྱུང་ཞེས་པ་གཉན་དང་ཚད་པའི་རིགས། །ཁྱད་པར་རིམས་སྨྱོན་ཏྲེ་ཏྲེ་ཧོ་སོགས་འཇོམས། །

  སྲོ་མ་རྟ་རིའི་བཤལ་སྨན་ནི། །ཨ་རུ་སྨན་ཆེན་ཤུ་དག་ནག ཆུ་རྩ་འཇིབ་རྩི་གུ་གུལ་དང་། །སྟག་ཤ་ཐར་ནུ་བོང་ང་དཀར། །ཀྱི་ལྕེ་དཀར་པོ་སུག་སྨེལ་རྣམས། །ཐུན་ཚད་ཞལ་ཤེས་ལྟར་སྦྱར་བ། །གློ་ཚད་གཟེར་ཐུང་དམར་བཤལ་སྐབས། སྨན་བུངས་དང་མཉམ་པའི་ཐར་ནུའི་ཁཎྡྲི་དང་། འདམ་བཏགས་ཀྱི་ཁུ་བ་རེ་ལྕག་ཞོ་གསུམ་ཙམ་གྱི་དྲི་ཆུར་འཚོད་པའི་ཁུ་བས་བྱས།ཞིབ་པར་བཏགས་པ་ལོ་བརྒྱད་ཆུས། །འདམ་བཏགས་ལེགས་པར་བྱས་པའི་རྗེས། །རིལ་བུ་སྲན་མ་འབྲིང་པོ་ཙམ། །ན་ཚོད་ནད་ཀྱི་སྟོབས་དང་སྦྱར། །སྨན་མཆོག་སྲོ་མ་རྟ་རི་འདིས། །སྟོད་དུ་བབས་པའི་ཚད་རིམས་དང་། །སྨད་དུ་བབས་པའི་རྒྱུ་གཟེར་དང་། །ལྷོག་པ་དང་ནི་གག་པ་དང་། །ཁྱད་པར་གཉན་ཚད་རིམས་ལ་བསྔགས། །ཆམས་ཆམཔའི་ནད་ལ་བདུད་རྩིར་མཚུངས། །ཁོང་དུ་གསུམ་གསུམ་བཏང་བ་ཡིས། །རྡོ་རྗེའི་གོ་ཁྲབ་ལུས་ལ་ཐེབས། །སྨིན་ལོང་མེད་པའི་ཚད་པ་ལ། །ཉིན་ཞག་དགུ་ནས་དུས་སུ་སྨིན། །

  ཅུ་གང་བདེ་བྱེད་ཆུང་འབྲིང་ཆེ་གསུམ་ནི། །བསིལ་གསུམ་ཨུཏྦལ་སེ་འབྲུ་པི་པི་ལིང་། །ཤིང་ཚ་ཀར་སྦྱར་ཅུ་གང་བདེ་བྱེད་ཆུང་། །ཚ་གྲང་ཆ་སྙོམས་དང་ག་འབྱེད་པར་བྱེད། །རྒུན་འབྲུམ་ཤིང་མངར་བསྡེབས་པས་འབྲིང་པོ་ཡིན། །གློ་བའི་ནད་རྙིང་མ་ལུས་སེལ་བར་བྱེད། །ཙནྡ་ཙནྡནགི་ཝང་བསྡེབས་པས་ཆེན་པོ་སྟེ། །ཚ་བ་གབ་རྙིང་སེལ་བའི་མཆོག་ཏུ་གསུངས། །ཆུ་ནད་སྐབས་ལྟར་མ་ཡིན་ཁྱད་པར་ཆེ། །

  གཙོ་བོ་བརྒྱད་སྟེང་སྟག་ཤ་བུངས་མཉམ་སྦྱར། །གཙོ་བརྒྱད་གཡུ་རལ་མ་ཞེས་གྲགས་པ་སྟེ། །རིམས་དང་གཉན་ཚད་ཐམས་ཅད་སེལ་བར་བྱེད། །གབ་ཚད་མགོ་བཤུར་སྨན་སྐོར་གཞུང་གསལ་ལགས། །

ཚད་རིགས་གཏིང་འདོན་ག་བུར་ཉེར་ལྔ་ནི། །ག་བུར་༡m༠m༠བཟང་པོ་དྲུག་༠m༥m༠རེ་དང་ཨ་ག་རུ་ནག་པོ་༠m༡m༠། །ཙན་དན་དཀར་༠m༡m༣དམར་༠m༡m༣ཨུཏྦལ་༠m༡m༣གེ་སར་གསུམ་སོ་སོར༠m༡m༣། །ཏིག་ཏ་༠m༡m༢ཟི་ར་དཀར་པོ་༠m༡m༨རུ་རྟ་༠m༡m༧བ་ལེ་ཀ༠m༡m༠། །ཤིང་ཚ་༠m༡m༠ཆུ་སྲིན་སྡེར་མོ་༠m༡m༣སྤུ་ཤེལ་རྩེ༠m༡m༥། །སྤང་སྤོས་༠m༡m༦རྡོ་དྲེག་དམར་སེར་༠m༢m༨འབུ་སུག་སུཧང་༠m༡m༠། །ཚ་གྲང་ཚ་ན་འབྲས་བུ་གསུམ་བ་རུ༠m༢m༠། ཨ་རུ༠m༡m༨། སྐྱུ་རུ༠m༢m༠དང་གྲང་ན་ཚ་བ་གསུམ། །ཁ་བསྒྱུར་ཀ་ར་དཀར་པོ་བཞི་འགྱུར་སྦྱར། །དོན་སྣོད་ཤ་ལྤགས་རྩ་རུས་ཚད་པ་དང་། །འགྲམ་འགྲམསའཁྲུགས་རིམས་དུག་ཚད་པ་གསར་རྙིང་དང་། །དྲེག་གྲུམ་མེ་དབལ་བྱང་ཁོག་ཐིག་ཟག་ཟགསརྣག ལུས་ལ་གནས་པའི་ཚད་པ་མ་ལུས་འཇོམས། །ཁྱད་པར་ཚད་རྙིང་བྱེར་བ་གཏིང་ནས་འདོན། །ཞེས་གསུངས་སོ། །

  ཙནྡ་ཙནྡནདཀར་དམར་སེང་ལྡེང་སྐྱེར་པ་དང་། །དེ་བ་དཱ་རུ་སྨྱག་ཤད་ཤིང་སྔོན་པ། །རུ་རྟ་ཀ་ར་སྦྱར་བའི་ཤིང་སྣ་བརྒྱད། །ཚ་བ་རུས་ལ་ཞེན་པ་སེལ་བྱེད་གསུངས། །

  དོན་སྣོད་ཚ་སྐོར་ཨ་བྱག་དྲུག་ཐང་ནི། །ཨ་བྱག་སྤང་གི་གུར་གུམ་༠m༢m༠ཨ་ཀྲོང་༠m༡m༠ཨ་རུ་༠m༡m༠ཀྱི་ལྕེ་དཀར༠m༡m༠། །བ་ཤ་ཀ་དང་ཧོང་ལེན་བསྡུས་གྲང་འཕུལ། །གློ་ཚད་གཟེར་ཐུང་ཁྲག་ལུ་གཟེར་བ་འཇོམས། །

བློན་པོ་གུར་གུམ་བདུན་པའི་སྦྱོར་བ་ནི། །གུར་གུམ་༢m༠m༠ཅུ་གང་༣m༠m༠གི་ཝང་༣m༠m༠གཙོ་བོ་ལ། །ཛཱ་ཏི་༡m༥m༠ཨ་ག་རུ་༡m༥m༠དང་སྙིང་ཞོ་ཤ༡m༥m༠། རུ་རྟ་༡m༥m༠བསྡེབས་པས་སྙིང་གི་ཚད་པ་སེལ། །ཤིང་མངར་༡m༠m༠རུ་རྟ་༡m༠m༠རྒུན་འབྲུམ་ཨ་ཀྲོང་བཞི༡m༢m༠། །བསྡེབས་པས་གློ་བའི་ཚད་པ་སེལ་བར་བྱེད། །ཨུཏྦལ་བ་ཤ་ཀ་དང་པྲི་ཡང་ཀུ། །བྲག་ཞུན་བསྡེབས་པས་མཆིན་པའི་ཚད་པ་སེལ། །གསེར་གྱི་མེ་ཏོག་ལི་ཤི་ཨ་རུ་ར། །པི་པི་ལིང་བསྡེབས་མཚེར་བའི་ཚ་བ་སེལ། །སུག་སྨེལ་བྲག་ཞུན་ཤུག་པ་ཚེར་མ་ཅན། །ཨ་རུ་བསྡེབས་པས་མཁལ་མའི་ཚད་པ་སེལ། །དོམ་མཁྲིས་བྲག་ཞུན་བོང་ང་དཀར་པོ་དང་། །པྲི་ཡང་ཀུ་བསྡེབས་ཕོ་མཆིན་ཚ་བ་སེལ། །ཨིནྡྲ་བཞི་དུག་ཉུང་། བོང་དཀར། ག་དུར། བ་ལེ་ཀ་བསྡེབས་རྒྱུ་ལོང་སྣོད་ཚད་སེལ། །ཤིང་མངར་ལི་ག་དུར་དང་རེ་སྐོན་པ། །དོམ་མཁྲིས་བསྡེབས་པས་རྩ་ཡི་ཚད་པ་སེལ། །སྤྱི་བཞུར་འདམ་བུ་ཀ་ར་སྦལ་རྒྱབ་གངས་ཐིག་ཐིགསབཞི། །བསྡེབས་པས་རུས་པའི་ཚད་པ་སེལ་བར་བྱེད། །སླེ་ཏྲེས་རླུང་རིམས་ཛཱ་ཏི་སྒོག་སྐྱའི་ཐལ་བ་དང་། །གུ་གུལ་བསྡེབས་པས་རླུང་གི་ཚད་པ་སེལ། །ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང་། །བོང་ང་དཀར་པོས་མཁྲིས་པའི་ཚད་པ་སེལ། །བསེ་ཡབ་སེ་འབྲུ་མ་ནུ་འུ་སུའམ་སྨུག་པོ། །སྟར་བུ་སྐྱ་རྦབ་བསྡེབས་པས་བད་ཀན་ཚ་བ་སེལ། །ཧོང་ལེན་བ་ཤ་ཀ་དང་རེ་སྐོན་པ། །སྤང་རྩི་དོ་བོ་བསྡེབས་པས་ཁྲག་ཚད་སེལ། །དེ་བ་དེ་བ་ལྔ་བ་ཟེར་གསེར་གྱི་མེ་ཏོག་ལི་ག་དུར། །པཪྤ་ཏ་བསྡེབས་རིམས་ཀྱི་ཚད་པ་སེལ། །ཀུན་ལ་ཀ་ར་དཀར་པོ་བཞི་འགྱུར་སྦྱར། །གུར་གུམ་བདུན་པས་ཚད་པའི་ནད་ཀུན་སེལ། །ཁྱད་པར་ཟུང་ཟུངསངན་གྱི་ཚ་བ་ཐ་མ་རྣམས་སེལ། དེ་སྟེང་ཙནྡ་ཙནྡནབསྣན་པས་ནྡ་ཙནྡབརྒྱད། །རྒན་བྱིས་ལ་སོགས་ཟུང་ཟུངསངན་ཚ་བ་སེལ། །དེ་སྟེང་ག་བུར་བསྣན་པས་ག་བུར་དགུ། དར་མ་སོགས་པའི་ཚ་བ་འབྲིང་རབ་སེལ། །ཞེས་གསུངས་སོ། །

གཙོ་བརྒྱད་གླ་གུལ་ཤུ་དག་སྟག་ཤ་སྦྱར། །སྟོད་ལུགས་གཙོ་བརྒྱད་བཅུ་གཉིས་ཁྱད་སྦྱོར་ཡིན། །གཉན་ཚད་རྒྱས་ཤིང་སྨིན་དང་མ་སྨིན་གཉིས། །རྩ་གྲིམ་གྲིམསམིག་ཆུ་དམར་སེར་སྐམ་སྐོམདད་ཆེ། །མདོར་ན་ཁྲག་མཁྲིས་གཉན་ཚད་རིམས་ཀུན་འཇོམས། །གཙོ་བརྒྱད་གླ་གུལ་འཛིམ་ལོ་སྟག་ཤ་སྦྱར། །ཟུར་ལུགས་གཙོ་བརྒྱད་བཅུ་གཉིས་མྱོང་གྲུབ་པས། །གཉན་རིམས་ཀུན་ལ་མེ་སྟེང་ཆུ་ལྟར་འཇོམས། །ཞེས་སོ། །

གཏུམ་པོ་རྩ་ལོ་འདྲེས་མ་ཨ་རུ་མ་ནུ་mmགུ་གུལ་ནགmm སྤང་རྩི་mmག་དུར་mmཧོང་ལེན་mmསྲོ་ལོ་དཀརmm། །སྟག་mmཤམས་ཤམགྱོན་པའི་ཁྱུང་སྔོན་དགུ་པ་འདི། །འཁྲུགས་རིམས་གཉན་ཚད་སྤྱི་དང་ཁྱད་པར་དུ། །གློ་ཆམས་ཆམགྲེ་བར་བབས་པའི་བདུད་རྩི་ཡིན། །གཉན་ལ་སྲོ་ལོ་ཕྲི་ཞིང་ཅུ་གང་བསྡེབས། །འདི་ཡང་སྔོན་རབས་མཁས་པའི་ཕྱག་བཞེས་ལགས། །

  ག་བུར་བཅུ་བཞི་རིན་ཆེན་ཞག་སྦྱོར་ནི། །ག་བུར་བཟང་པོ་དྲུག་དང་ཙནྡ་ཙནྡནདཀར། །བསེ་རུ་ཨུཏྦལ་ཨ་གར་གླ་རྩི་དང་། །ཏིག་ཏ་ལི་ག་དུར་དང་ཀ་ར་སྦྱར། །ག་བུར་བཅུ་བཞི་རིན་ཆེན་ཞག་སྦྱོར་འདི། །རིམས་ཚད་རྒྱས་པས་ལུས་ལྕི་དྲན་པ་ཉམས། །སྨྱོ་འབོགས་འབོགཁ་ལྐུགས་ཚད་ནད་མུན་འཐིབས་སེལ། །

  ཙནྡ་ཙནྡནདཀར་པོ་བསིལ་གསུམ་ལི་ག་དུར། །སྲོ་ལོ་རྒུན་འབྲུམ་ཤིང་མངར་ནྡབརྒྱད། །ཀ་ར་སྦྱར་བས་གློ་ཚད་རྣག་ཁྲག་སེལ། །

ཝ་གློ་ཉེར་ལྔགཙོ་བརྒྱད་ནོར་བུ་བདུན་ཐང་ཚུལ་བཞིན་སྟེང་། །སྟར་བུ་རྒུན་འབྲུམ་ཤིང་མངར་ལི་ག་དུར། །སྤང་རྒྱན་དཀར་པོ་སྤ་ཡག་རྩ་བ་དང་། །ཨ་ཀྲོང་ཝ་ཡི་གློ་སྐམ་ཟི་ར་དཀར། །བདུད་རྩི་ལོ་མ་སྦྱར་བ་ཉི་ཤུ་ལྔ། །ཚད་པ་ཆེ་ཆུང་གློ་དང་རུས་ལ་ཞེན། །གློ་ཆེན་འགོག་དཀའ་དབུགས་ཐུང་གྱེན་མི་ཕེར། །གློ་སྙིང་བརྒྱལ་ཞིང་འཚངས་ནས་དབུགས་སྡུད་དཀའ། །མགུལ་ན་གློ་སྐྱུགས་བྱེད་ཅིང་ཉམས་མི་བདེ། །ལུད་པ་མང་དུ་ལུ་ཞིང་སྣ་ཆུ་འགགས། །རོ་སྟོད་ཚ་ཞིང་ལྕི་ལ་གྱོང་ཞིང་ཁེངས། །ཚད་གཟེར་ཚ་སྲུབ་སུབསགློ་བ་ཁྲག་རྒྱས་སོགས། །གློ་ནད་བརྒྱ་ལ་སྨན་འདི་སླེབས་པས་ཆོག ཅེས་སོ། །

བྱེ་བྲག་མཁལ་ཚད་མཁལ་མ་ཞོ་ཤ་དང་། །གུར་གུམ་སྡིག་པ་སྐྱེར་ཤུན་ཀར་སྦྱར་རམ། །ཡང་ན་ཕྱི་རྒྱུད་གུར་གུམ་བདུན་པ་སྦྱར། །ཞེས་དང་། ཕྱི་རྒྱུད་གུར་གུམ་བདུན་པ་གུར་གུམ་གི་ཝང་ཅུ་གང་གཙོ་བོ་ལ། །སུག་སྨེལ་བྲག་ཞུན་ཤུག་པ་ཚེར་མ་ཅན། །མཁལ་མ་ཞོ་ཤ་སྡིག་སྲིན་སྐྱེར་ཤུན་དང་། །ཨ་རུ་ར་བསྡེབས་མཁལ་མའི་ཚད་པ་སེལ། །

  གུར་གུམ་ཅུ་གང་ཨུཏྦལ་བ་ལེ་ཀ ཏིག་ཏ་ཨ་རུ་མཚེ་ལྡུམ་ཀ་ར་སྦྱར། །གུར་གུམ་མཆོག་བདུན་མཆིན་ནད་གསར་རྙིང་དང་། །མཆིན་པ་བསྣད་འགྲམས་ཁྲག་རྒྱས་མིག་སེར་སེལ། །ཞེས་དང་།

མན་རྒྱུད་མཆིན་ཚད་སྐབས་གུར་གུམ་བཅུ་བ་ཚིག་ལྷུག་ཚིགས་བཅད་དུ་བསྡེབས་པ་ནི། གུར་གུམ་ཅུ་གང་ཨུཏྦལ་ཏིག་ཏ་དང་། །བྲག་ཞུན་རུ་རྟ་དོམ་མཁྲིས་བ་ཤ་ཀ ཀྱི་ལྕེ་མཚལ་དཀར་སྦྱར་བ་གུར་གུམ་བཅུ། །ཞེས་དང་། གུར་གུམ་དགུ་བ་ཞིག་ཀྱང་མན་རྒྱུད་དུ་ཡོད།

མཆིན་མཚེར་མཁལ་གསུམ་གུར་གུམ་བདུན། །གུར་གུམ་ཅུ་གང་གི་ཝང་གཙོ་བོ་ལ། །ཨུཏྦལ་བ་ཤ་ཀ་དང་པྲི་ཡང་ཀུ། །བྲག་ཞུན་བསྡེབས་པས་མཆིན་པའི་ཚད་པ་སེལ། །ཞེས་སོགས། །

གོང་སོང་མཁལ་མར་ཨ་རུ་བདུན། །ཨ་རུ་ར་དང་ལི་ཤི་གསེར་མེ་ཏོག སྤང་སྤོས་ནཱ་ག་གེ་སར་པི་པི་ལིང་། །ཀ་ཀོལ་ཀ་ར་སྦྱར་བའི་ཨ་རུ་བདུན། །མཚེར་པ་སྣད་འགྲམ་འགྲམསཚ་རྒྱས་སྦོས་གཟེར་འཇོམས། །

ཤུག་ཚེར་བདུན་པ་ཤུག་ཚེར་སྡིག་སྲིན་སུག་སྨེལ་ཉི་དགའ་དང་། །ཨ་རུ་ཏིག་ཏ་གུར་གུམ་རྣམ་པ་བདུན། །ཀ་ར་སྦྱར་བ་མངར་གསུམ་ཐང་གིས་འཕུལ། །མཁལ་ཚད་མ་ལུས་སེལ་བའི་བདུད་རྩི་ཡིན། །ཞེས་སོ། །

གུར་གུམ་༠m༣m༠ལི་ཤི་༠m༢m༠གི་ཝང་༠m༢m༠བསེ་རུ་༠m༢m༠མཚལ༠m༢m༠། །ཙནྡ་ཙནྡན༠m༢m༠གླ་རྩི་༠m༢m༠འཇམ་འབྲས་༠m༢m༠བོང་ང་དཀར༠m༢m༠། །རུ་རྟ་༠m༢m༠འབྲས་བུ་གསུམ་༠m༢m༠༠m༢m༠༠m༢m༠དང་ཀ་ར་སྦྱར། །གུར་གུམ་བཅུ་གསུམ་མཆིན་རྒུད་སྦྱར་དུག་དང་། །མཁལ་མ་སྣད་འགྲམ་འགྲམསཆུ་སྲི་ཚ་སྦོས་དང་། །ཡ་མ་ནག་པོའི་སྲིན་ནད་སེལ་བར་བྱེད། །

རྣམ་རྒྱལ་དགུ་པའི་སྦྱོར་བ་ནི། །རྣམ་པར་རྒྱལ་བ་བཞི་ཆ་གཅིག སྨན་ཆེན་བཟང་པོ་ཆ་གཅིག་ལ། །རྒྱ་ཚ་བཟང་པོ་དེ་དང་མཉམ། །གཉན་སར་སྐྱེས་པའི་ནག་རིང་བ་སྔོ་ལྕགས་ཀྱུ། །དེ་ཡི་འཁོར་དུ་བཏང་བ་ནི། །གུ་གུལ་གླ་རྩི་ཤུ་དག་དང་། །གཉན་ཐུབ་ནག་པོ་སྟག་ཤ་བ། །ཞིབ་བཏགས་ལོ་བརྒྱད་ཆུར་སྦྲུས་ལ། །རིལ་བུ་སྲན་འཕོས་ཙམ་དུ་དྲིལ། །ནད་སྟོབས་སྦྱར་ལ་རིམ་གྱིས་བཏང་། །གོས་ཀྱིས་དྲིལ་ལ་ཙོག་པུར་བཞག། ལྡོག་ན་ཆུ་གྲང་ཁ་ཕྲུ་བཏབ། །འགྲུལ་སྲུང་སྔགས་དང་རིམ་གྲོར་འབད། །དེས་ནི་འཚོ་བར་ཐེ་ཚོམ་མེད། །མན་ངག་འདི་དང་མ་ལྡན་ན། །ཁ་མེད་གཉན་ལ་སྨན་པ་འགུགསལྐུགས། །ལག་རྡུམ་བྲག་ལ་འཛེགས་པ་འདྲ། །དེ་བས་འདི་ལ་གཅེས་པར་ཟུངས། །ཞེས་སོ། །

ཕོ་ཚད་རྒྱུ་མའི་སྨན་སྐོར་ནི། །བྲག་ཞུན་གླ་རྩི་གུར་གུམ་སུག་སྨེལ་དང་། །དོམ་མཁྲིས་བོང་ང་པྲིང་ཀུ་ཨ་རུ་། །ག་དུར་རུ་རྟ་སྨན་ཆེན་ཤུ་དག་ནག ག་བུར་ནག་པོའི་སྦྱོར་བ་བཅས་པ་འདི། །བྲག་ཁྱུང་ཞེས་གྲགས་སྣོད་ཀྱི་ཁྲག་མཁྲིས་དང་། །ཕོ་ལོག་གཉན་སྲིན་གཟེར་རིགས་གང་ཡིན་ཡང་། །ཕོ་བར་བབས་པའི་བདུད་རྩིར་གྱུར་པ་ཡིན། །ཞེས་འབྱུང་།

མཁྲིས་ཕྱེ་ཉེར་ལྔའི་སྦྱོར་བ་ནི། །མཁྲིས་ཕྱེ་བདུན་སྟེང་ཙནྡན་ཅུ་གང་དང་། །གི་ཝང་གུར་གུམ་སུག་སྨེལ་ཨ་རུ་ར། །བྲག་ཞུན་འཛིན་པ་གླ་རྩི་གུ་གུལ་ནག སྙ་ལོ་བཙོད་ཚོས་ལོ་བཙན་སྐྱེར་བར་ཤུན། །རེ་རལ་སྐྱེ་སྐྱིའབྲུ་རི་བོང་ཀླད་པ་རྣམས། །ཞིབ་བཏགས་ག་བུར་ནག་པོའི་ཐལ་སྦྱོར་དང་། །ལྟག་པ་སྤྲད་པས་རིམས་ནད་རྒྱུ་གཟེར་ནི། །གསར་རྙིང་སྟོབས་ཆེན་སྟོབས་ཆུང་གང་ཡིན་ཡང་། །རྒྱུ་ལོང་མི་འགྲུལ་རུལརྩི་སྲུང་སྲ་བྱེད་ཅིང་། །འཁྲུ་བའི་མདོག་བསྒྱུར་ཆུ་བོའི་རྒྱུན་ལམ་གཅོད། །རོ་འདོན་ལ་སོགས་ཐོག་མཐའ་བར་ཀུན་གྱི། །བཅོས་རྣམས་སོ་སོར་མི་དགོས་འདི་ཁོ་ན། །དུས་གཅིག་བྱེད་པ་ཁོ་བོས་མྱོང་གྲུབ་ཡིན། །ཞེས་འདི་འབྲི་གུང་གཅེས་བསྡུས་ཁོལ་ཕྱུང་བྲིས། །

རིམས་ནད་སེལ་བའི་སྨན་སྐོར་ནི། །འཛིན་པ་གཙོ་བོ་ཙནྡ་ཙནྡནདཀར། །གི་ཝང་ཅུ་གང་གུར་གུམ་དང་། །བྲག་ཞུན་སྟག་ཤ་གུ་གུལ་བཅས། །དགུ་སྦྱོར་ལོ་བརྒྱད་དྲི་ཆུས་འཕུལ། །རིམས་གསར་གཉན་ཚད་ལྡན་པ་འཇོམས། །

དཔའ་བོ་དཀར་པོ་འཛིན་པ་གླང་བོ་གི་ཝང་གསང་སྨན་པཪྤ་ཏ། ཆུ་དགགཉིས། །གཙོར་སྨོས་རི་དྭགས་དྲི་གླ་རྩི་དང་འདྲེ་འཇིགསགུ་གུལ་ནག་པོ་ཐང་། །ཁ་བཅུད་ཅུ་གང་སྤང་གི་མེ་ཏོག་གུར་གུམ་བོང་དུག་པ་བོང་དཀར། །རི་སྙིང་བྲག་ཞུན་བུ་མོའི་རྩ་སྟག་ཤ་དང་ལུག་མུར་བ་དངོས། །སྤང་རྩི་དངོས་ཤིང་བཅུད་ཙན་དན་དཀར་སྦྱར་བ་ཁྱད་འཕགས་པའི། །ཆམས་ཆམའཇོམས་དཔའ་བོ་བཅུ་བཞི་ཞེས་པ་འདིས། །གཉན་ཚད་རིམས་ལས་གྱུར་པའི་སྤྱི་ཁྱབ་དང་། །ཁྱད་པར་ཆམས་ཆམཔའི་རིགས་ཀུན་དྲུང་ཕྱུངས་པའི། །གསང་བའི་སྨན་གཅིག་ཌཽ་ཀིའི་གདམས་པའོ། །

སྨན་ནག་ཆེན་མོའི་སྦྱོར་བ་ནི། །ཀླུང་གི་ཕག་ནག་སྙིགས་མ་ཕག་བྲུན་ཏེ་རྐྱང་བ་ནུས་བསྲེགས་བྱས་པ་དང་ཕུལ་གང་ལ། །གྲོགས་བཞི་སྲད་དཀར། ཧོང་ལེན། དེ་བ། སྤྱི་བཞུར་བཞི་ཆ་མཉམ་ནུས་ལྡན་བསྲེགས་ཐལ་ཕུལ་ཕྱེད་སོ་སོར་ནུས་ལྡན་བསྲེགས། །ཐལ་བ་དམར་ཟལ་བ་ཆུས་འདམ་འཐག་བྱ། །ཀ་ར་སྦྱར་བས་མ་ཞུ་བ་ཡི་རིགས། །གཟེར་ཐུང་གཉན་རིམས་མིག་སེར་སེལ་བར་བྱེད། །ཁྱད་པར་ཕོ་བར་རིམས་བབས་བདུད་རྩི་ཡིན། །ཁ་བསྒྱུར་རིམས་སྤྱིར་དེ་ཝ་ལྔ། །སྨན་ནག་འབྲིང་པོའི་སྐབས་བཞིན་དང་། །མེད་ཐབས་མེད་པའི་གསང་སྨན་ཆུ་རྩ་བཙན་དུག་གཉིས་མཐེབ་རེ་ཙམ་གཉིས། །ཁ་ཚར་སྨན་བཞི་སྙ་ལོའི་རྩ། །ཤྭ་རྩ་ཆུ་རྩ་ལྕུམ་རྩ་བཞི། །ཆ་མཉམ་ནུས་ལྡན་བསྲེགས་ཐལ་དང་། །ཁ་བསྒྱུར་བད་རླུང་མ་ནུ་བཞི་པ་ཁྲག་མཁྲིས་བོང་ཏིག་ཧོང་གསུམ་དང་། །འབྲུམ་བུ་གླ་ཤུ་གུལ་གི་བཞི་ཆམས་ཆམཔ་ཨ་རུ། འཛིན་པ། ཀྱི་ལྕེ། ཧོང་ལེན་བཞི་ཉ་ཉྭལོག་གླ་རྩི་གུ་གུལ་དྲི་ཆེན་གསུམ་དང་། །གག་པར་གཉན་སྤྱིར་གླ་གུལ་འཛིན་གསུམ་ཕོ་བ་རུ། །ཁྲག་མཁྲིས་རིམས་བབས་བྲག་ཞུན། བོང་དཀར། འཇིབ་རྩི། གསེར་མེ་གསུམ་གཉན་སྲིན་ཕུར་ནག་ཁཎྡྲི་དང་། །སྤྱི་འཇོམས་བྲག་ཞུན་གྲང་རིགས་ཁ་བསྒྱུར་ཕོ་བ་ན་ན་སེ་འབྲུའི་རིགས། བད་ཆུར་ཆུ་སྨན་རྣོ་གསུམ་སོགས་སོ་བྱ། །མ་ཞུ་བ་ཡི་རིམས་རྣམས་དང་། །ཕོ་བར་རིམས་བབས་དམར་བཤལ་དང་། །ཕོ་ལོང་ཚད་པའི་རིགས་ཀུན་འཇོམས། །འཆི་མེད་བདུད་རྩི་ཞེས་པ་ཡི། །མིང་དོན་མཐུན་པའི་སྨན་མཆོག་ལགས། །

བསྡུས་པ་འཇོམས་སྦྱོར་འདི་ལྟར་ལགས། །ཀླུང་གི་ཕག་ནག་སྙིགས་མ་དེ། །ནུས་ལྡན་བསྲེགས་པ་ཆ་བཅུ་དྲུག པུཥྲྀར་མཱུ་ལ་རྒྱ་མཚོ་མ་ནུ་བཞི་སྟེ། །ཏིག་ཏ་ཟུང་ཆ་གཉིས་ལ་སྨན་མཆོག་གཟུགས་ཨ་རུ་ཆ་གཅིག །ཞེས་བཏང་རི་ཐང་མཚམས་ཀྱི་སྐབས། །སླེ་ཏྲེས་དང་ནི་སྒོག་སྐྱའི་འབྲུ། །ནུས་ལྡན་བསྲེགས་པ་ཆང་གིས་འཕུལ། །ཤ་ཆང་གསར་བཅུད་རིག་པས་དཔྱད། །ཅེས་སོ། །

  རྒྱུ་རིམས་སྨན་སྐོར་བྲག་ཁྱུང་སྟེང་། །གར་ནག་སྦྱར་བ་མཆོག་ཏུ་ཤིས། །

སློབ་དཔོན་རུ་རྟ་བཅུ་གསུམ་ནི། །རུ་རྟ་སྐྱུ་རུ་སེ་འབྲུ་བ་ཤ་ཀ སུག་སྨེལ་པི་པི་ལིང་དང་བྱི་ཏང་ཀ། མེ་རུ་རྩེ་དང་ཕུར་ཐལ་གསེར་མདོག་དང་། །དཀར་པོ་གཅིག་ཐུབ་གླ་རྩི་སྦྱར་བཏང་བས། །སྨུག་པོ་གླང་ཐབས་ཚ་གྲང་ཐམས་ཅད་དང་། །སྲིན་གྱི་གྲོང་ཁྱེར་ལྔ་བརྒྱ་འཇོམས་པར་བྱེད། །

མན་ངག་གམ་ཕྱེ་དམར་པོ་ནི། །བཙོད་ཚིག་ཚིགས༣m༠m༠སུམ་འགྱུར་ཞུ་མཁན་༢m༠m༠གཉིས། །དེ་ཕྱེད་བོང་ང་༡m༠m༠འབྲི་ཚིལ་མ། །གླ་༠m༥m༠གུལ་༠m༥m༠ཤུ་དག་༠m༥m༠ཤུག་ཚེར་༠m༥m༠ཅན། །རྒྱ་སྐྱེགས་༠m༥m༠བྲག་ཞུན་༠m༥m༠དེ་ཡང་ཕྱེད། །རིམས་ཚད་རྒྱུ་ལོང་ལ་བབས་དང་། །གཉན་ཚད་ཁྲག་ཏུ་བསྡོངས་པ་དང་། །དྲེག་གྲུམ་གཉན་དང་བསྡོངས་པ་དང་། །ཆུ་སེར་མཁལ་འགྲམ་འགྲམསདཔྱི་མིག་གཟེར། །མ་ལུས་སེལ་བྱེད་ཁྱད་ཆོས་ཡིན། །ཞེས་སོ། །

ཆུ་སྲིན་སྡེར་མོ་བསིལ་གསུམ་བ་ལེ་ཀ ཨུཏྦལ་རྡོ་དྲེག་ག་པུར་པི་པི་ལིང་། །ཀ་ར་སྦྱར་བའི་ཆུ་སྲིན་སྡེར་མོ་དགུ། །སྣོད་ཚད་ཚ་གྲང་འཐབ་དང་སྨུག་གཟེར་འཇོམས། །མཁྲིས་ཕྱེ་བདུན་བསྡེབས་ཆུ་སྦྲུལ་འགྱིང་བསྣོལ་ཞེས། །རྒྱུ་མའི་ནད་ལ་ཟབ་ཅེས་དྭགས་ལུགས་ཡིན། །

རྒྱུ་རིམས་སྤྱི་སྨན་དམར་གསུམ་འཁྲུ་གཅོད་ནི། །དམར་གསུམ་བྲག་ཇ་སྐྱཧ་བོ་བོང་ང་དཀར། །དུག་ཉུང་ག་དུར་དོམ་མཁྲིས་བ་ལེ་ཀ གསེར་མེ་བྲག་ཞུན་སྦྱར་བའི་སྨན་མཆོག་ཟབ། །ཅེས་སོ། །

ད་ཏྲིག་སེ་འབྲུ་ཤིང་ཚ་པི་པི་ལིང་། །བཅའ་སྒ་ཀ་པེད་ཐ་རམ་མོན་ཀྵ་ར། །ན་རམ་བུར་དཀར་སྦྱར་བའི་ད་ཏྲིག་དགུ། །འུར་འཁྲོག་སྒྲེག་ཅིང་འཁྲུ་བ་གཅོད་པར་བྱེད། །

ད་ཏྲིག་སྨག་དང་ཐ་རམ་ལོ་བཙན་སྤོད། །གྲང་བ་ལ་ཚ་བ་གསུམ། བཙོད་གཙོདརི་དྭགས་ཁྲག་ལུག་མུར་ད་ཏྲིག་བདུན་པ་སྟེ། །ཚ་གྲང་རྟས་བསྒྱུར་འཁྲུ་བ་གཅོད་པའི་མཆོག

ཡ་བཀྵ་ར་སེ་འབྲུ་པི་པི་ལིང་། །ཤིང་ཀུན་བཅའ་སྒ་སྟར་བུ་རྒྱམ་ཚ་རྣམས། །ཀ་ར་སྦྱར་བས་ཡ་བཀྵ་ར་བདུན། །གཞང་གཟེར་བུ་གར་བེ་སྣབས་འཁྲུ་བ་གཅོད། །

རྒྱུ་རྒན་འཕྲུལ་གྱི་ཐེམ་བཙོང་ཚངནི། །པདྨ་ཙཱ་རི་རྩ་རིངལྕུམ་རྩ་རྩི་ཏི་སྟགམོ་ཆུ་རྩཆུ་མ་རྩིབདག་མེད་བོང་བུའི་རི་བོང་གི་ཀླད་པ་དང་། །གུ་གུལ་དོམ་མཁྲིས་མ་གི་ཏ། །བ་ལེ་ཀ་རྣམས་ཐུན་ཚད་རེ། །ཨ་རུ་མཆུ་རིང་ཉི་ཤུའི་རྩ་། །རིལ་བུ་སྲན་མ་སྦོས་པ་ཙམ། །འབྲི་ཞོའི་ཞོ་དཀྲུག་བསྐོལ་བས་འཕུལ། །ཉི་མ་དང་པོར་སྔ་དྲོ་ལྔ། །ཉིན་གུང་བདུན་དང་དགོང་མོ་དགུ། གཉིས་པར་བདུན་དགུ་བཅུ་གཅིག་དང་། །གསུམ་པར་བཅུ་གཅིག་བཅོ་ལྔ་དང་། །ཉེར་གཅིག་བཞི་པའི་དུས་གསུམ་ཀར། །ཉེར་བདུན་ལྔ་པར་ཉེར་གཅིག་དང་། །བཅོ་ལྔ་བཅུ་གཅིག་དྲུག་པའི་ཉིན། །བཅོ་བརྒྱད་བཅོ་ལྔ་བཅུ་གཅིག་གོ བདུན་པར་དགུ་བདུན་ལྔ་ལ་སོགས། །སྔ་དྲོ་ཉིན་གུང་དགོང་དུས་གསུམ། །རིམ་བཞིན་བཏང་ལ་སྨན་འཕྲོ་བཅད། །འདི་ཡིས་མ་ཆོད་ལས་ནད་ཡིན། །ཀུན་ལ་མ་སྤེལ་གསང་བའི་རྒྱ། །

གཉན་རིམས་བཅོས་སྲུང་གཞན་ལོངས་སྨན་སྐོར་ལས། ཀརྨ་མཚན་དཔེས་གསར་བསྒྲིགས་ཀྱི་རྣམ་རྒྱལ་ཐང་ནག་དང་། གི་དགུ་ཁྱུང་ནག་ཟིན་ཏིག་གཞུང་གསལ་ལྟར་དང་། དེའི་སྨན་ནག་གཅིག་ཆོག་མ་ནི། དེ་ཉིད་ལས། གམ་ཕྱེ་ནད་ངན་སྤྱི་འཇོམས་ལ། །གཙོ་བརྒྱད་སྟེང་དུ་ཨུཏྦལ་བ་ལེ་ཀ་བྲག་ཞུན་རུ་རྟ་གསེར་མེ་བསྣན་པས་གི་དགུ་ཚངསཚང་ རྩ་མཁྲིས་པཪྤ་ཏ་སྐྱེར་ཤུན་བསྣན་པས་ཏིག་ཏ་བརྒྱད་ཚངསཚང་ དོམ་མཁྲིས་དུག་མོ་ཉུང་གླ་སྒང་རེ་སྐོན་བསྣན་པས་མཁྲིས་ཕྱེ་བདུན་ཚངསཚང་ ཁྱུང་ལྔ་བསྣན་ཞིང་འཛིན་པ་བོང་ང་ནག་པོ་མང་ཞིང་ཆེ་དགོས། ཕག་བྲུན་བསྲེགས་ཐལ། སྟོང་རི་ཟིལ་པ་གུ་གུལ་ནག་པོ། པཪྤ་ཏ་ནག་པོ་རྒྱ་རྩི་དུག་ལོ་ཟངས་རྩི་ནག་པོ་བིའུ་བེའུརྔ། ཀླུ་དུག་ཕུར་ནག་སྟེ་སྨན་བཞི། ལྡུམ་བཞི། གངྒཱ་ཆུང་། ལྕགས་ཏིག་ར་མགོ འཛིན་པ། སྟོང་རི་ཟིལ་པ་སྟེ་གཡུ་ཐོག་ལྡུམ་བཞི། མི་ཐོད་རྙིང་པ། འབྲུག་རུས་ཏིག་ཏ་སྟེ་མགོ་ཐང་གསུམ། ཀྱི་ལྕེ་སྤང་རྒྱན་སྤང་རྩི་སྟེ་གག་པའི་མེ་ཏོག་གསུམ། གཉན་ཐུབ་གསུམ། ཀྱི་ལྕེ། སྤང་རྩི། ཝ་རྟ་གསུམ། དཀར་མོ་ལུག་དུགསྤྱང་ལྕེ། ཝ་རྟ་ཆེ་དགོས་པར་བཤད་འདུག་ཀྱང་། ད་ལྟའི་སྐབས་ཝ་རྟ་ཆེ་ན་མི་ལེགས་ཞད་ཙམ། གུ་གུལ། ཤུག་ཚེར། དུག་ཉུང་། བོང་དཀར། ག་དུར། བ་ལེ་ཀ་སྟེ་ཨིནྡྲ་བཞི། སྙ་ལོ། དེ་རྣམས་གཅིག་ཏུ་བསྡེབས་པ་བཟི་ཤིན་ཏུ་ཆེ་བ་ནད་ངན་སྨན་སྤྱི་འཇོམ་འཇོམསཡིན་པ་དེས་མི་ཐུབ་པ་གང་ཡང་མེད་ཅེས་འབྱུང་། ཡང་དེ་ཉིད་དུ། རྒྱུ་མ་དང་། མཁལ་མར་བབ་པ་གང་བྱུང་ཡང་སྨན་ནག་ཆེན་མོ་སྦྱིན་དགོས་དར། སྨན་ནག་ནི། ཕག་བྲུན་དུག་ཉུང་བོང་དཀར་ག་དུར་བ་ལེ་ཀ དེ་བ་གསེར་མེ་པཪྤ་ཏ་ཨ་རུ་ར། མི་ཐོད་འབྲུག་རུས་ཏིག་ཏ་གཡའ་ཀྱི་ཨ་བྱག་དོམ་མཁྲིས་རེ་ཀོན་སྐོནབྲག་ཞུན་ཤུག་ཚེར་གླ་རྩི་འཛིན་པ་མང་དགོས་དངུལ་ཆུ་དེ་རྣམས་ཕྱེ་མ་བཏང་ན་རྒྱུ་མ་དང་མཁལ་མའི་ནད་ཐམས་ཅད་དྲག་འགྲོ་དར་ཞེས་འབྱུང་ངོ་། །

གག་པ་འཇོམས་པ་གསོད་པ་ནི། མེ་ཏོག་གསུམ་པ་མགྲོན་ཐལ་དང་། །བིག་སྤན་པནལི་ཤི་སྦྱར་བ་ཡིས། །གྲེ་བའི་གག་པ་སེལ་བར་བྱེད། །མིད་གཅུས་སེལ་བའི་ཤོག་དྲིལ་ཡིན། །ཞེས་པའི་ཞལ་གདམས་དྲན་པར་མཛོད། །

ཕྱི་རྒྱུད་མེ་ཏོག་དྲུག་ཅེས་པ། །ཀྱི་ལྕེ་སྤང་རྩི་སྤང་རྒྱན་དཀར། །མེ་ཏོག་གསུམ་ཞེས་དེ་སྟེང་དུ། །འཛིན་པ་གླ་གུལ་བསྡེབ་ཅེས་པ། །མཆན་གསལ་གསརལྷོག་འཇོམས་ཨེ་ཡིན་སྙམ། །སླར་ཡང་དཔྱད་ཞིབ་འཕྲུལ་གསལ་ཞུ། །

ཕྱི་རྒྱུད་ལས། ཀྱི་ལྕེ་དཀར་པོ་སྤང་རྩི་དོ་བོ་དང་། །སྤང་རྒྱན་དཀར་པོའི་ཕྱེ་མས་ལྷོག་པ་སེལ། །མེ་ཏོག་གསུམ་པ་ཞེས་གྲགས་དེ་ཡི་སྟེང་། །སྟག་ཤ་ཤུ་དག་འཛིན་པ་ཨ་རུ་ར། །ཚར་བོང་ཕྱེ་མ་ཐུན་རེ་སྨྱུག་སྦུབ་བླུག ལྕེ་མནན་ཆེ་ཆུང་རན་པའི་དབུགས་ཀྱིས་བུས། །ཞེས་ཨེ་ཝཾ་ལས་ལྷན་ཐབས་སུ་འདུག་གསུངས། ཟིན་ཏིག་སྡུད་པོད་འགའ་རེར། ཏིག་ཏ་བ་ཤ་ཀ་དང་དུག་མོ་ཉུང་། །དེ་བ་ཧོང་ལེན་སྤང་རྩི་དོ་བོ་བསྡེབས། །ཁྲག་མཁྲིས་རིམས་དང་ཚད་པ་འཇོམས་པའི་མཆོག ཅེས་བྲིས་འདུག ཕལ་ཆེར་དུ་མཆན་གསར་ལྷོག་འཇོམས་ཨོ་རྒྱན་སྡུད་པོད་ལྟར་བྲིས་འདུག

སེར་མོ་ལས་བྱེད་བཅུ་གཉིས་ནི། །ཨ་ཨ་རུ་༠mmཡུང་ཡུང་བ་༠mmགི་གི་ཝང་བྱེ་གསེར་བྱེ༠mmརྣམ་པ་བཞི། །ཅུ་ཅུ་གང་༠mmགུར་གུར་གུམ་༠mmབྱང་མཚལ་དམར་ཁྲ་རྣམ་པ་བཞི། །དན་དན་ད༠mmདུར་དུར་བྱིད་༠mmཁྲོན་ཁྲོན་བུ་སྨུག་སྨུག་པོ་སྦལ་རྒྱབ་༠mmརྣམ་པ་བཞི། །ཁྱད་ཆོས་སྦྱོང་བ་བཅུ་གཉིས་ཡིན། །མན་ངག་སྨན་གླ་རྩི་དང་བཅུ་གསུམ་དང་། །ཞལ་ཤེས་སྨན་དཀྱུས་བཀོད་འདི་རིགས་དང་བཅུ་བཞིའོ། །རྩི་བཞིན་བཏགས་པ་རིལ་བུར་སྒྲིལ། །སྦྱོང་བྱེད་ཡོན་ཏན་བདུན་ལྡན་འདིས། །འདི་ཡི་ཕན་ཡོན་བཤད་མི་ལོངས། །མདོ་ཙམ་རླུང་ཛཱ་ཏི་མཁྲིས་གསེར་མེབད་ཀན་ན་ལེ་ཤམ། ཡང་ན་བྲག་ཞུན་ཁྲག་བ་ཤ་ཀ ཆུ་བྱེར་སྤོས་དཀར་ཚ་གྲང་སུག་སྨེལ་ཐུན་མོང་གནས་པའི་ཕྱིར། །གག་ལྷོག་གཟེར་སྟག་ཤ་གསུམ་སྲིན་བྱི་ཏང་གཟའ་གུ་གུལ་ཀླུ་ཀླུ་བདུད་རྡོ་རྗེ་ཡི་གདོན། །ལྷན་སྐྱེས་སིནྡྷུ་རམཚོན་རྨ་དུག་སོགས་གློ་བུར་ནད། །དོན་སྣོད་ཕྱི་ནང་གང་དུ་གནས་ཀྱང་རུང་། །རྩ་གསེར་བྱེ་ལྟོ་དུར་བྱིད་ཞོ་ལོག་གཉིས་བ་སྤུའི་བུ་ག་གང་ཉེ་ནས། །མ་ལུས་དབྱུང་བ་སེར་མོའི་ཁྱད་ཆོས་ཡིན། །བྱང་བ་དུག་མི་འདོན་པ་བཏང་བ་ལ། །ཟུག་མེད་རྣོ་བ་སེར་མོའི་ཁྱད་ཆོས་ཡིན། །དགུན་དུས་རྒན་སྨན་རྟ་ཆང་བྱིས་དྲི་ཆུ་ལམ་ཀའི་མགྲོན་པོ་ལ། །ལེགས་པར་བསྔགས་པ་སེར་མོའི་ཁྱད་ཆོས་ཡིན། །ཁྱད་པར་གཉན་གླ་རྩི་ཚད་དང་ནི་དུག་ནད་འོམ་བུ་སོགས། །སྟོབས་ཆེན་འཇོམས་པ་སེར་མོའི་ཁྱད་ཆོས་ཡིན། །རྩ་ལྕུམ་རྩསྐམ་ཆུ་རྒྱ་ཚབསྡམས་གཉིས་ཀ་འགགས་པའི་ཚེ། །གང་ཡིན་འདོར་བ་སེར་མོའི་ཁྱད་ཆོས་ཡིན། །མི་སྐྱུགས་ཆུ་མ་རྩིམི་འགྱིང་ཁྲོན་བུ་ལུས་ཟུངས་ཨ་ཤྭ་གནྡྷ་མི་འཇོམས་ཤིང་། །རླུང་བུ་རམ་མི་སྐྱེ་བ་སེར་མོའི་ཁྱད་ཆོས་ཡིན། །མདོར་ན་ལུས་ཀྱི་ནང་དུ་གནོད་བྱེད་པའི། །སྤུ་ཉག་ཙམ་ཞིག་གནས་པའི་གོ་སྐབས་མེད། །སྦྱོང་རྗེས་མི་བཅད་བཞག་པ་མན་ངག་ཡིན། །ཞེས་སོ། །

གཉན་སྦྱོང་དྲག་པོ་བཅུ་གསུམ་ནི། །གི་ཝང་༠m༡m༠གུར་གུམ་༠m༢m༠ཅུ་གང་༠m༡m༠གསུམ། །གྲི་ཤ་༠m༡m༠ཤོག་ཤིང་༠m༡m༠ཆུ་དག་༠m༡m༠གསུམ། །གླ་བ་༠m༡m༠གུ་གུལ་༠m༡m༠སྨན་ཆེན་༠m༢m༠གསུམ། །དུར་བྱིད་༠m༡m༠ཐར་ནུ་༠mmཆུ་རྩ་༠m༡m༠གསུམ། །ཨ་རུ་ར་༠m༥m༠དང་བཅུ་གསུམ་མོ། །གཉན་ཚད་གདུག་པ་གསོད་སྦྱོང་བྱེད། །དེའི་ཕྱིར་འདི་ཉིད་གཅེས་པར་ཟུངས། །

མགོ་གཟེར་མགོ་ཐང་གསུམ་པའི་སྟེང་། །གུར་གུམ་གཡའ་ཀྱི་ཨ་བྱག་འཛིན་པ་དཀར། །བོང་དཀར་དོམ་མཁྲིས་གངས་ཏིག་ཐིགསགསེར་མེ་ཏོག ཐང་ཕྲོམ་དཀར་པོ་རྡོ་དྲེག་སྦྱར་བ་འདི། །མན་ངག་་གུར་གུམ་བཅུ་གསུམ་ཞེས་གྲགས་པ། །ཁྲག་མཁྲིས་མགོ་ནད་ཡ་མ་དཀར་ནག་དང་། །ཀླད་པའི་ཚད་རིགས་མཐའ་དག་འཇོམས་ཞེས་བཤད། །

གཞུང་ལས། གཟེར་ལ་མགོ་ཐང་བཅུ་གསུམ་སྤྲུ་ནག་གསུངས་པ། ཟུར་མཁར་པ་ཡི་སྤྲུ་ནག་སྔོ་རིལ་ནི། །སྤྲུ་ནག་གླ་རྩི་མུ་ཟི་སེར། །གུ་གུལ་ཤུ་དག་སྨན་ཆེན་དང་། །ཨ་བྱག་ཐར་ནུ་ཨ་རུ་ར། །ལྡོང་རོས་མཚུར་སེར་ཡུང་བ་རྣམས། །བྲག་ཞུན་ཆུ་ཡིས་འདམ་འཐག་བྱ། །རྩ་བའི་སྨན་སྣ་བཅུ་གསུམ་ཡིན། །དེ་ལ་ཁ་ཚར་བཏབ་པ་ནི། །གི་ཝང་ཁ་ཆེ་སྒོག་གཅིག་དང་། །ཤིང་ཀུན་ཚ་ལ་མུ་ཟི་ནག བྲག་ཞུན་ཆུ་ཡིས་འདམ་འཐག་བྱ། །གསང་སྨན་སྔོ་ལྕགས་ཀྱུ། སྤང་སྤོས། ཤུག་ཚེར་གསུམ་སྦྱར་ཚད་ཞལ་ལས་ཤེས། །སྤྲུ་ནག་རྩ་བའི་སྨན་བཅུ་གསུམ་ཆ་མཉམ་དེས་སྨན་གཅིག་ཉིས་འགྱུར་ཡོང་བ་ཁ་ཚར་རྣམས་ཅུང་ཟད་བཏབ། བྲག་ཞུན་ཆུས་འདམ་འཐག་བྱ།རིལ་བུར་བྱས་པའི་ཕན་ཡོན་གྱིས། །གཉན་ལྷོག་གག་ལྷོག་རྨ་རྙིང་སྐྲང་། །ཚད་པ་གཉན་གཟེར་འཁྲུགས་གཟེར་དང་། །སྟོད་གཟེར་སྟོད་འཚང་ཚད་གཟེར་དང་། །གཉན་ཚད་ཁྲག་དང་མཁྲིས་པ་དང་། །སྦོས་དང་མ་ཞུ་གླང་ཐབས་དང་། །སྐྱུགས་འཁྲུ་ཉྭ་ལྡོག་ལོགགློ་བུར་འཁྲུ། །འཛུམ་བུ་ལྟག་གྱེར་དགྱེའབྲུམ་ནག་དང་། །ཐོར་རིགས་དམར་བཤལ་ལུད་པ་དམར། །སེར་དང་དུད་ཁུ་ཡོང་བ་དང་། །རྒྱུན་སྐྱུགས་འགྲིལ་དང་སྤྱིར་དུག་ནད། །ནད་རིགས་ཀུན་ལ་སྨན་པ་ཡིན། །རིལ་བུ་བྲ་རིལ་ཙམ་བཏང་ཚད་ཉེར་ལྔ་སོགས། །ཆུ་གྲང་གིས་འཕུལ་རྒན་གཞོན་འཕུལ། །གློ་བུར་དྲག་པོའི་ནད་དག་ལ། །སུམ་ཅུ་རྩ་ལྔ་ཙམ་རེ་བཏང་། །རྟ་ལ་བདུན་རེ་ཟན་བསྟུམས་བཏུམསབྱིན། །ཞེས་སོ། །

སྙིང་གཟེར་ཨ་གར་སྦྱོར་བ་ནི། ཟིན་ཏིག་གཞུང་དུ་ཨ་གར་བསིལ་བཅུད་སོགས་ཞེས་ཨ་ཨརབརྒྱད་གཙོ་བརྒྱད་སྦྱར་བ་ཅུ་གང་གཉིས་གཅིག་ཏུ་བསྡོམས་པས་བསིལ་བཅུད་བཅོ་ལྔ་སོགས་བསིལ་བཅུད་རིགས་ཀྱིས་སྙིང་ཚད་ལྟར་བཅོས་གསུངས་པ་ལས་ཞལ་གསལ་མ་གསུངས། སྡུད་པོད་རྣམས་སུ་ཨ་གར་བཅུ་དྲུག་སོགས་ཟུར་དུ་བསྒྲིགས། ཀརྨ་མཚན་དཔེས་རིམས་བཅོས་སུ་གི་དགུ་ཁྱུང་ནག་དང་གུ་གུལ་ཐང་བཏང་སྙིང་གསང་མདུན་བརྒྱབ་རྒྱབབསྲེག མ་ཕན་ན་ཨར་བརྒྱད་ཐུན་ཆུང་རེ་བཏང་གསུངས། གང་ལྟར་སྙིང་ནི་རླུང་གི་གནས་ཡིན་པས་གཉིས་ཀའི་བཅོས་གང་འཚམས་འཕྲུལ་ཤེས་དགོས་སོ། །

གློ་གཟེར་གློ་ཚད་ཀུན་སེལ་ནི། །བསིལ་གསུམ་ཙནྡན་དཀར་དམར་ལི་ག་དུར། །གླ་བ་གུ་གུལ་འཛིན་པ་ཨ་རུ་ར། །རུ་རྟ་མཚལ་དང་སྲོ་ལོ་ཤིང་མངར་དང་། །ཨར་ནག་ཛཱ་ཏི་སླེ་ཏྲེས་སྒོག་ཐལ་སྦྱར། །གློ་བར་ཚད་གཉན་རླུང་ཞུགས་ཀུན་སེལ་མཆོག

སྨན་དམར་གམ་ཕྱེ་དྷརྨ་རཱ་ཛ་ནི། །ཅུ་གུར་ལི་དང་ཙནྡན་དཀར་དམར་གཉིས། །གི་ཝང་མཚལ་དང་དོམ་མཁྲིས་གསེར་མེ་ཏོག དམར་པོ་གསུམ་དང་རུ་རྟ་སྐྱུ་རུ་ར། །ཧོང་ལེན་བ་ཤ་ཀ་དང་བོང་ང་དཀར། །ཨ་གར་ནག་དང་ག་དུར་སྙིང་ཞོ་ཤ ཨ་རུ་ར་དང་མོན་སྨན་དཔའ་བོ་དང་། །ཨུཏྦལ་ཏིག་ཏ་བྲག་ཞུན་བ་ལེ་ཀ ཤུ་དག་གུ་གུལ་གླ་རྩི་ཞད་ཙམ་སྦྱར། །འདི་དག་སྦྱོར་བ་ཞིབ་བཏགས་ཆུ་ཡིས་འཕུལ། །སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་བར་གྱི། །གཟེར་ཐུང་སླེབས་ཆོག་གཡུ་ཐོག་མགོན་པོས་གསུངས། །

  རྒྱ་ནག་རྒྱལ་པོའི་སྦྱོར་བ་ནི། །རྒྱལ་པོ་ཉུང་དཀར་ཞོ་དོ་ལ། །བློན་པོ་སྨན་ཆེན་ཞོ་གང་སྦྱར། །འདི་ལ་མན་ངག་སྨན་ཚོས་བཙོད་འབྲི་མོག་ཤུག་ཚར་ཚེརགླ་རྩི་བསྣན་ཞེས་ཆོས་ཉིད་དམར་པོའང་གྲགས།ཞིབ་ཏུ་འཐག་པ་ཤིན་ཏུ་གཅེས། །རིལ་བུ་བྲ་བའི་རིལ་མ་ཙམ། །ནད་སྟོབས་ཆེ་ཆུང་དག་དང་བསྟུན། །སྨན་མཆོག་འདི་ཡི་ཕན་ཡོན་གྱིས། །འཇང་གི་ཤ་སེར་མིག་སེར་དང་། །རྒྱ་ཡི་འཛུམ་བུ་སྟག་འགྱེལ་ལྟག་དགྱེདང་། །བོད་ཀྱི་གཉན་ལྷོག་བདུན་དྲུག་དང་། །གག་པ་ལྷོག་པ་ཆམས་ཆམཔ་དང་། །བཙན་དུག་མ་མོའི་དལ་ཡམས་སོགས། །ཐམས་ཅད་སེལ་བར་ཐེ་ཚོམ་མེད། །

  གུ་གུལ་བཅུ་གཅིག་སྦྱོར་བ་ནི། །གུ་གུལ་ཅོག་སྒོང་ཙམ་པ་གཅིག སིནྡྷུ་ར་ཡང་དེ་དང་མཉམ། །ལྡོང་རོས་དུར་བྱིད་ཆུ་རྩ་གསུམ། །ཉིས་འགྱུར་རྒྱ་ཚ་རིལ་མ་ཙམ། །བོང་ང་སྲན་མ་ཙམ་པ་གཅིག གསེར་མདོག་གཅིག་དང་ཤུ་དག་གཉིས། །ཡུང་བ་ཐུན་གང་གླ་རྩི་དྲི་ཐོན་ཙམ། །ཞིབ་བཏགས་ཐུན་ཚད་ལེགས་པར་བྱེད། །ཕུལ་བྱེད་ཚ་གྲང་འབྱུང་བས་བདུན། །གསོན་འདྲེ་གདོན་གྱི་མི་ཚུགས་སོ། །ལྷོག་པ་རང་གི་བཤལ་དུ་འདོད། །རྩ་ཆུ་བསྡམས་པའི་ཐེམ་པ་ལྷོད། །ཕོ་ལོང་སྦོས་པ་རང་སར་ཞི། །མཁྲིས་པ་ཡུལ་ནས་འདོན་པར་བྱེད། །རྒྱུ་གཟེར་ལ་ནི་ཐེངས་པས་ཆོག ཚ་སྲིན་གྲང་སྲིན་གཉིས་ཀ་སེལ། །

  གཉེན་པོ་བཅོ་བརྒྱད་སྦྱོར་བ་ནི། །གུར་གུམ་ལི་ཤི་གི་ཝང་བསེ་རུ་མཚལ། །ཙནྡན་གླ་རྩི་འཇམ་འབྲས་བོང་ང་དཀར། །རུ་རྟ་ཨ་རུ་བ་རུ་སྐྱུ་རུ་ར། །བཙོད་ཚོས་འབྲི་མོག་ཞུ་མཁན་བྲག་ཞུན་སྦྱར། །མཁལ་ཚད་བྱེར་འགྲམ་འགྲམསཆུ་སྲི་རྐེད་པ་འཁོར། །དུག་རིགས་མཆིན་རྒྱས་མོ་ནད་ཁྲག་ཚབ་ཚབསསྲིན། །རྩ་དཀར་མཁལ་ནད་ཁྲག་རྩ་སྨད་འབམ་སོགས། །སེལ་བྱེད་གཉེན་པོ་བཅོ་བརྒྱད་ཅེས་གྲགས་སོ། །

  སྤྲུ་ནག་ཉེར་དགུའི་སྦྱོར་བ་ནི། །སྤྲུ་ནག་༢m༠m༠སྨན་ཆེན་འབྲི་ཚིལ་༡m༠m༠འཛིན་པ་ར་དུག་པ་༡m༠m༠བདུད་རྩི་ལོའཛིམ་དཀར༡m༠m༠། །གར་ནག་༠m༥m༠ཕུར་ཁཌྷྜྷཱ་༠m༥m༠ནིམ་པ་༠m༥m༠སུམ་ཅུ་ཏིག༠m༥m༠། ཙནྡན་༠m༥m༠གི་ཝང་༠m༥m༠ཅུ་གང་༠m༥m༠གུར་གུམ་སྤང་གི་༠m༥m༠དང་། །ག་དུར་༠m༥m༠དེ་བ་༠m༥m༠བྲག་ཞུན་༠m༥m༠པཪྤ་ཏ༠m༥m༠། །བོང་དཀར་༠m༥m༠གླ་རྩི་༠m༡m༠གུ་གུལ་༠m༥m༠སྟག་ཤ་ནག༠m༥m༠། །ཨ་གར་༠m༥m༠གྲི་ཤ་༠m༢m༠ཤུ་དག་༠m༢m༠མུ་ཟི་སེར༠m༢m༠། །ཨ་བྱག་ཚེར་སྔོན་༠m༥m༠མིང་ཆེན་ནག་པོ་༠m༥m༠དང་། །ལི་ཤི་༠m༥m༠གསེར་མེ་༠m༥m༠སྤྲུ་ནག་ཉེར་དགུའམ། །ཆིག་བརྒྱུད་དང་ལྡན་སུམ་ཅུ་རྩ་གཉིས་པ། །འཆི་བདག་གཡུལ་ལས་རྒྱལ་བའི་ཕ་ལམ་སྟེ། །སླེ་ཏྲེས་ཐང་ངམ་ཆུ་ཚན་ཚ་མོས་འཕུལ། །སྦྱོར་ཚད་རང་རང་ནད་ཀྱི་ཁ་བསྒྱུར་སོགས། །ཟབ་མོ་ཆིག་བརྒྱུད་གདམས་པ་ངག་ལ་ཉན། །བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་ནག་དང་། །མཁྲིས་པ་རྩར་རྒྱུག་གཟེར་ཐུང་སུམ་འཁྲིལ་སོགས། །དུས་ངན་གཉན་རིགས་པཪྤ་ཏ་ཞེས་པ། །བཅོས་དཀའ་འགྲོ་སྲོག་མྱུར་དུ་ལེན་བྱེད་པའི། །གཉན་ཚད་རླུང་གསུམ་འཐབ་པའི་ནད་ཀྱི་རིགས། །མི་བྱེར་བསྡུ་གསོད་མ་ལུས་བྱེད་པའི་མཆོག བྱིས་པ་རྒན་པོ་ཟུངས་ཟད་མ་གཏོགས་པར། །སྨན་སྦྱོར་ལོག་པའི་ཉེས་པ་འདིར་མི་འབྱུང་། །དེ་ཕྱིར་ནད་བརྒྱ་སྨན་གཅིག་བཟུང་ཡང་རུང་། །ཞེས་སོ། །

  ཁྱུང་ཆེན་ཉེར་ལྔའི་སྦྱོར་བ་ནི། །སྨན་ཆེན་༠m༡m༠གླ་རྩི་༠m༠m༣རུ་རྟ་༠m༡m༠དང་། །ཤུ་དག་༠m༡m༠ཨ་རུ་ར་༠m༡m༠དང་ལྔ། །རྒྱལ་པོ་ཁྱུང་ལྔས་གདན་ས་གནོན། །ཆུ་རྩ་ཐར་ནུ་ཁྲོན་བུ་དང་། །དུར་བྱིད་དན་རོག་རྣམ་པ་ལྔ། །དམག་དཔོན་ཁྱུང་ལྔས་དགྲ་རྣམས་འདེད། །བོད་ཀྱི་སྡིག་པ་རྒྱ་སྐག་དང་། །དོམ་མཁྲིས་སྤང་སྤོས་ཤིང་ཀུན་ལྔ། །བཙུན་མོ་ཁྱུང་ལྔས་འཇམ་སྡེབ་བཙལ། །གི་ཝང་ཙནྡན་དཀར་དམར་དང་། །མཚལ་དཀར་རྒྱ་ཚ་རྣམ་པ་ལྔ། །བློན་པོ་ཁྱུང་ལྔས་ཁ་ལོ་བསྒྱུར། །ཛཱ་ཏི་ཤ་ཆེན་བ་ཤ་ཀ འཛིན་པ་ནག་པོ་གུ་གུལ་ལྔ། །འབངས་ཀྱི་ཁྱུང་ལྔས་ལས་ཀུན་སྒྲུབ། །ཐུན་ཚད་སྨན་ཆེན་ཞོ་ཕྱེད་དོ། །ཨ་རུ་ར་ནི་ཞོ་དོ་སྦྱར། །གླ་རྩི་ཐུན་ཆུང་གཞན་ཞོ་དོ། །ལོ་བརྒྱད་དྲི་ཆུས་འདམ་བཏགས་བྱ། །རིལ་བུ་ཆེ་ཆུང་སྲན་མ་ཙམ། །ཐུན་ཚད་ན་སོ་ལུས་སྟོབས་སྦྱར། །ནད་རིགས་བཞི་བརྒྱ་རྩ་བཞི་དང་། །གདོན་རིགས་སུམ་བརྒྱ་དྲུག་ཅུ་དང་། །ཁྱད་པར་མཛེ་ནད་གཟའ་ཀླུའི་གདོན། །གག་ལྷོག་གཟེར་གསུམ་གཉན་ཡ་མ། །ཀུན་ལ་སླེབས་ཆོག་ཁྱུང་ཆེན་ཡིན། །

  གུང་བའི་པྲ་སྤྲཐང་ཁྱད་འཕགས་ནི། །སྔོ་ཡི་རྒྱལ་པོ་བདུད་རྩི་གངས་ཤམས་ཤམཔ་གཉན་འདུལ་བ། །མ་གི་ཏ་གླ་རྩི་དང་སྤུར་དུག་སྟག་ཤ་སེརཨ་རུ་ར། །ར་རློན་བོང་ང་གཡུལ་ངོ་དར་ཐོད་ཅནཚེར་སྔོན། །ཁ་སྲུང་ཅུ་གུར་གི་གསུམ་བསྣན། །སྟོབས་ཅན་ཟུངས་བཟང་ཕལ་ཆེན་ཆེརལ། །སྔོ་བཞི་ཏིག་ཏ་ཧོང་ལེན་བ་ཤ་ཀ་བོང་དཀར་དག་ཀྱང་བསྣན་པའོ། །གཉེན་གཉནཚད་རིམས་སོགས་ཀུན་ལ་བསྔགས། །ཞེས་སོགས་ཕན་ཡོན་རྒྱས་པ་རྒྱ་ནག་མ་ལྟར་བཤད་འདུག་པ་གཞུང་དུ་གསལ། །

  ཕུར་ནག་ཤུ་དག་གུ་གུལ་ནག གླ་རྩི་སྦྱོར་བའི་བཞི་ཐང་འདིས། །གཉན་རིམས་དུག་གླང་ཞི་བྱེད་མཆོག

  ཕུར་ནག་བདུན་ཐང་སྦྱོར་བ་ནི། །ཕུར་ནག་གུ་གུལ་གླ་བའི་རྩི། །ཕག་བྲུན་རྒྱ་སྐྱེགས་བཙོད་དང་སྟག་ཤའི་ཐང་། །གཉན་ནད་ཀུན་ལ་དང་པོ་འདི་རང་ཤིས། །

  ཕུར་ནག་དགུ་ཐང་སྦྱོར་བ་ནི། །ཕུར་ནག་གླ་ནག་གུ་གུལ་ནག སྟག་ཤ་མིང་ཆེན་ལྕགས་ཀྱུ་ནག བཙོད་མདུད་ཕག་བྲུན་ཆུ་དག་དང་། །ཐང་སྦྱོར་འདི་ཡིས་རྒྱུན་ལམ་གཅོད། །ཅེས་ཟིན་ཏིག་ཏུ་ཕུར་ནག་དགུ་ཐང་ཞེས་གསུངས་པ་འདི་ཡིན།

  འབྲུམ་བཅོས་སྐབས་ཀྱི་སླེ་ཏྲེས་བདུན་ཐང་ནི། །སླེ་ཏྲེས་འབྲས་བུ་གསུམ་དང་ལི་ག་དུར། །ཏིག་ཏ་བ་ཤ་ཀ་སྦྱར་བདུན་ཐང་ཡིན། །བདུན་པོ་དེ་སྟེང་གཡེར་ཤིང་བཙོད་ཚོས་ཞུ། །ལུག་ཆུང་སྒང་ཐོག་ལུག་ཤོ་ཕག་རིལ་ཕུལ། །བ་སྤུའི་སྒོ་འབྱེད་འབྲུམ་པ་ཕྱི་རུ་འདྲེན། །ཕྱི་འཕུལ་ཐོར་བ་སྔ་བས་འབུར་བའི་ཚེ། །བསིལ་ལྔ་ཙན་དན་དཀར་པོ། གུར་གུམ། ཅུ་གང་། གི་ཝང་། གླ་རྩི་རྡོ་སྨན་བཞི་སྦལ་མདུང་གངས་མཚལ་བཞི་དང་འཇུ་བྱེདཚྭ་ལ་བཏུལ་མ་གཅིག གཉན་འཇོམས་དངུལ་ཆུ་མུ་ཟིས་བཤིག་པ་ཁོག་སྲུང་སྟག་ཤ་གསང་སྨན་འཛིན་པ། ཨ་རུ་ར།ཁྱད་འཕགས་གཅིག བཅོ་ལྔའི་དཔུང་གིས་འབྲུམ་བུའི་གཡུལ་ལས་རྒྱལ། །འབྲུམ་གཅོད་སླར་ཡང་ཕྱི་རུ་དྲངས་པ་ནི། །ཚ་འཛིམ་ར་དུག་པའི་རྩ་བ་དཀར་པོ་བ་རུའི་ཐང་གིས་འཕུལ། །སྦལ་རྒྱབ་ཕོ་མོ་གངས་ཐིག་ཐིགསགླ་རྩི་དང་། །བདུད་རྩི་ལོ་མ་ཐུན་བཟང་རེ་རེ་མཉམ། །ཞིབ་བཏགས་ཐུན་ལྔ་བགོས་ལ་གར་ཆང་སྦྱར། །ཐུན་གསུམ་བཏང་བཏུང་ཕུལ་སྨན་ངོ་མཚར་ཆེ། །ཐུན་གཉིས་སྟེང་དུ་ཤིང་ཀུན་ཐུན་གཅིག་བསྣན། །ཐུན་གསུམ་བགོས་ནས་ཅི་ཙམ་འོས་པ་བསྟེན། །རྣག་འགུགས་སྨན་ལ་ཁ་པོ་ཆེ་མང་ཡང་། །ཚིག་ཉུང་དོན་ཆེ་གནད་ཀྱི་གདམས་པ་མཆོག། སྤོས་དཀར་དུད་པ་ཡང་ཡང་བདུག་པ་ན། །སྐེམས་ཀྱི་དུད་པ་བདེ་ལེགས་ཉི་མ་ཡིན། །

  ལྷན་ཐབས་མེ་ཏོག་ཉི་ཤུའི་སྦྱོར་བ་ནི། །རེ་ལྕག་མེ་ཏོག་གཡེར་ཤིང་སྲད་དཀར་དང་། །བཙོད་མདུད་མཚལ་དང་ཚ་ལ་ར་ཡི་ཁྲག སྦལ་རྒྱབ་གངས་ཐིག་ཐིགསམདུང་རྩེ་ཅོང་ཞི་བཞི། །གུ་གུལ་དངུལ་ཆུ་འཛིན་པ་སྦྱར་བའི་སྟེང་། །གསང་བའི་སྨན་གསུམ་འབྲས་ཤིང་མེ་ཏོག་བསྣན། །ཆང་ངམ་ཕག་རིལ་ཐང་གིས་འཕུལ་བཏང་བས། །ཚེ་ཟད་མ་གཏོགས་འབྲུམ་བུས་མི་འཆི་ཞིང་། །ཁྱད་པར་འབྲུམ་པ་མི་ཐོན་དཔེ་མི་སྲིད། །འདི་ཡང་ཌཽ་ཀིའི་ཁ་རླངས་ཁྱད་མཚར་ཅན། །གསང་བའི་མན་ངག་ཆིག་བརྒྱུད་ཟབ་པ་ཡིན། །

  ལྷན་ཐབས་རྩི་སྦྱོར་ནི། །རྩི་སྦྱོར་གི་ཝང་གུར་གུམ་ཅུ་གང་དང་། །བོང་དཀར་གླ་རྩི་བྲག་ཞུན་གུལ་ནག་དང་། །འཛིན་པ་བདུད་རྩི་ལོ་མ་ཙན་དན་དཀར། །ལྕི་སྣུམ་ཨ་གར་དཀར་ནག་དངུལ་ཆུ་དང་། །སླེ་ཏྲེས་ཀཎྡྲི་ཀ་རི་སུམ་ཅུ་ཏིག གངས་ཆུས་རིལ་བུ་བསྒྲིལ་བ་ཆུ་ཚན་དབུལ། །དོན་སྣོད་ཁ་འཛིན་བྱེད་ཅིང་གཉན་ཚད་སེལ། །ཞེས་འབྱུང་།

  ཡང་ན་གངས་ཏིག་ཐིགསཅོང་ཞི་སྦལ་རྒྱབ་དང་། །མདུང་རྩེ་ཅུ་གང་གུར་གུམ་ལི་ཤི་དང་། །སུག་སྨེལ་ཀ་ཀོ་ལ་དང་ཛཱ་ཏི་མཚལ། །གླ་རྩི་ཚྭ་ལ་འཛིན་པ་ཨ་རུ་ར། །དངུལ་ཆུ་སྦྱར་བས་ཕག་རིལ་ཐང་གིས་དབུལ། །རྡོ་རྩི་འདྲེས་པ་བྱང་སྨན་མཁས་པའི་ལུགས། །འབྲུམ་པ་དམར་ནག་བྱུང་ན་དེ་སྟེང་དུ། །ག་བུར་བསྣན་ཞེས་གསུང་གི་རྒྱུན་ལ་སྣང་། །

  བྱེ་རིང་ཁྱུང་བཤལ་འདི་ལྟ་སྟེ། །ཨ་ཨ་བྱག་གཟེར་འཇོམས་ཆུ་ཆུ་རྩ་ཤ་ཤ་ཆེན་རེས་རེརེ་ལྕགསལྕགསྟག་སྟག་ཤ་གཅིག་བསད། །ཀུན་ཀྱང་ཁྱུང་འདི་ལྔ་དང་མཉམ་པའི་ཁྱུང་ལྔ་བཏང་གིས་ཟོས་པ་ལ། །རང་མཉམ་གཤོག་པ་མྱུར་བསྐྱོད་ནས། །གག་ལྷོག་གཟེར་གསུམ་གདུག་པའི་སྦྲུལ། །ཟོས་རོ་ཆུ་ཡི་ནང་དུ་བསྐྱུར། །གོང་མ་ལྔ་དང་ཁྱུང་ལ་མཉམ། །དེ་དང་ཐུར་རྒྱུག་ཐར་ནུ་རྐྱེན་དུར་བྱིད་གཉིས་མཉམ། །གུ་གུལ་ཆུ་ཡིས་འདམ་འཐག་བྱ། །ཆུ་བསྐོལ་ངད་ཡལ་གྱིས་འཕུལ་བས། །གག་ལྷོག་གཟེར་དང་གཉན་ཚད་ཀྱི། །སྤྱི་ཁྲུས་ཡང་དག་ཨེ་མ་ཧོ། །

  སེར་པོ་དགུ་ཡི་སྦྱོར་བ་ནི། །ཐར་ནུ་བྲ་བན་ཏི་ཐར་ནུ་བྲ་བན་ཏི་ཞེས་པ་རི་ཁ་བྱང་བསྟན་དུ་སྐྱེས་པ་མདུན་ནས་གངས་རི་མཐོང་བ། དེ་ཀ་ནས་ཆུ་ཚུར་བབ་ས་ཞིག་ནས་སྟོན་དུས་བཏུ། ཁཎྡྲི་སྨན་ཀུན་བསྡོམས། བུང་བུངསམཉམ་ཞེས་པ། །མེ་ཏོག་སེར་པོ་གསེར་གདུགས་ཅན། །སྟོན་དུས་རྩི་སྐམ་ཁཎྡྲི་བྱ། །རྒྱལ་པོ་ཡིན་པས་བུངས་ཆེར་༡m༠m༠བསྐྱེད། །ཧོང་ལེན་༠m༤m༠མ་སད་མ་རུལ་བ། །བཙུན་མོའི་ཚུལ་དུ་ཁ་དབང་བཙན། །ཟབ་ལྷག་སླགཆུ་རྩ་བཟོད་ཅན་༠m༢m༠བློན་པོའི་ཚུལ། །རེ་ལྕག་པ་༠m༡m༠ནི་འབངས་ཀྱི་ཚུལ། །གུ་གུལ་༠m༡m༠གླ་རྩི་༠m༢m༠སྟག་ཤ་བ༠m༡m༠། །ཤུ་དག་༠m༡m༠རྣམས་ནི་དམག་མིའི་ཚུལ། །ཀྱི་ལྕེ་༠m༡m༠བོང་དཀར་༠m༡m༠ཁ་ལོ་བསྒྱུར། །གསེར་མཛོད་གི་གུར་གཉིས་ནས་དགོས་འདོད་འབྱུང་། །ཐུབ་སྐྱེས་བུ་ཆེན་པོའི་ཤ་འམ་ཚབ་གྲི་ཤས་རུང་པ་༠m༡m༠ཆེན་པོ་དེ་མིན་ཕལ་པའི་དྲི་ཆེན་བཏང་ན་ནུས་བསྲེགས་དགོས་གཉེར་པའི་ཚུལ། །སྨན་ཆེན་༠m༡m༠ཨ་རུ་བཞི་འགྱུར་༠m༤m༠སྦྱར། །ཞིབ་པར་འདམ་འཐག་རིལ་བུ་ནི། །ཆེ་ཆུང་བྲ་བའི་རིལ་མ་ཙམ། །བདུན་དགུ་བཅུ་གཅིག་ལ་སོགས་པ། །དར་མ་རྒན་བྱིས་ལུས་ཟུངས་དཔག རིལ་བུ་བདུན་གྱིས་མི་རེ་གསོ། །མི་རེ་གསོས་ན་རྟ་རེ་རི། །མིང་ཡང་སྲོ་མ་རྟ་རི་ཟེར། །གོང་གི་སེར་པོ་འགོག་སྲུང་སེར་པོ་དགུ་སྦྱོར་རམ་དགུ་སྦྱོར་དང་། །དགུ་སྦྱོར་ནག་པོ་དགུ་སྦྱོར་གང་རུང་འདྲ་སྟེང་དུ་བསྣོན་སྣོནཔ་ཡང་། །བླ་མའི་སྙན་བརྒྱུད་ང་རང་ལུགས། །ཉམས་ཀྱི་ཡིག་ཆུང་བྲིས་པ་འདིས། །སྟོད་དུ་བབས་པའི་ཚ་གཟེར་དང་། །སྨད་དུ་བབས་པའི་རྒྱུ་གཟེར་དང་། །གག་པ་དང་ནི་ལྷོག་པ་དང་། །ཁྱད་པར་གཉན་ཚད་རིགས་ལ་བསྔགས། །ཆམས་ཆམཔའི་ནད་ལ་བདུད་རྩིར་མཚུངས། །འགོ་བའི་ནད་ལ་གནས་དགུར་བྱུགས། །ཁོང་དུ་གསུམ་གསུམ་བཏང་བ་ཡིས། །ལུས་ལ་རྡོ་རྗེའི་གོ་ཁྲབ་ཐེབས། །ཞེས་སོ། །

  དངུལ་ཆུ་བདུན་སྦྱོར། བདུན་སྦྱོར་དངུལ་ཆུ་མུ་ཟི་ལྡོང་རོས་དང་། །གླ་རྩི་གུ་གུལ་འཛིམ་དཀར་རྣམ་དྲུག་དང་། །རང་ཤིའི་ཐོད་རུས་ཆ་མཉམ་ཕག་རིལ་གྱི། །ཁུ་བས་འཕུལ་བཏང་ཁོང་ཤོར་འདྲེན་པའི་མཆོག

  དངུལ་ཆུ་ཉེར་ལྔ་དངུལ་ཆུ་གི་ཝང་དང་། །བཟང་དྲུག་སྨན་ཆེན་བགེགས་འདུལ་དང་། །གླ་རྩི་སྟག་ཤ་མུ་ཟི་སེར། །ཆུ་སེར་སྨན་གསུམ་གོ་ཡུ་རྒྱ་ཚ་དང་། །གསེར་བྱེ་རུ་རྟ་ཚ་ལ་ཉི་ཤུ་ལྔ། །བྲག་ཞུན་ཁུ་བས་རིལ་བུར་དྲིལ། །སླེ་ཏྲེས་སེང་ལྡེང་ཁུ་བས་འཕུལ། །མཛེ་ནད་འབྲས་དང་དམུ་སྐྲན་དང་། །དུག་ནད་གག་ལྷོག་གཟེར་ཆུ་སེར། །ལྤགས་པགསནད་ཡ་མ་དཀར་ནག་པ། །དྲེག་དང་གྲུམ་བུ་རྐང་འབམ་འདུལ། །ཁྱད་པར་མཁལ་འགྲམ་འགྲམསནད་ལ་བསྔགས། །ཆུ་སེར་ལས་གྱུར་ནད་ཀུན་སེལ། །

  ཁྲག་མཁྲིས་ཤས་ཆེ་འབྲས་གསུམ་གུ་གུལ་ཐང་། །མགོ་གཟེར་ཨ་བྱག་གསེར་མེ་མགོ་ཐང་གསུམ། །ཐེངས་འགའ་བཏང་ངམ་མ་ནུ་བཞི་ཐང་ཤིས། །

  བྱ་ཁྱུང་ལྔ་སྟེང་སྟག་ཤ་གུ་གུལ་ནག དངུལ་ཆུ་མུ་ཟི་ཀྱི་ལྕེ་ཧོང་ལེན་དང་། །གི་ཝང་སྤང་རྩི་བསྣན་པའི་སྦྱོར་སྡེ་ལ། །དཔའ་བོ་བཅུ་གསུམ་ཞེས་བྱ་བྱང་བའི་ལུགས། །གྲེ་བ་ཚ་ན་ཚར་བོང་ཐང་གིས་འཕུལ། །གཞན་དུ་ཆུ་བསྐོལ་ཚ་མོས་དབུལ་བར་བྱ། །

  གག་པའི་ཕན་པ་ཀུན་ལྡན་སྦྱོར་བ་ནི། །དཀར་པོ་གཅིག་ཐུབ་ཞོ་བཞི་ལ། །གུ་གུལ་འཛིན་པ་ཨ་རུ་ར། །ཡུང་བ་སྟག་ཤ་ཤུ་དག་དང་། །རྒྱ་ཚ་མེ་རུ་བྱི་ཏང་ཀ། སྨན་ཆེན་རྣམས་ནི་ཆ་རེ་རེ། །སྦྱོར་བ་རྣམ་རྒྱལ་དགུ་པ་ཟེར། །སེར་པོ་རྟ་སྡུད་གཉིས་ཀྱང་ཚང་། །འདི་ནི་གག་ལྷོག་ཆོམ་འཁྱམཔོ་སོགས། །ལོག་འཁྲེབ་ཁོང་ཤོར་ཁྱི་ཕྱིཆུ་ཐུབའཐབ། །ཡ་མ་ཁ་མེད་གཉན་དང་ནི། །ལྕེ་འབམ་འཇོམས་ཤིང་ཁྱད་པར་དུ། །སྨན་བཏང་གཉིད་ལོག་རྣག་ཏུ་ཁུག གག་པའི་སྐྲང་རོ་གཅོད་པའི་ཕྱིར། །སྒ་སྐྱ་ཤུ་དག་མཚུར་ནག་དང་། །མེ་ཏོག་གསུམ་གསེར་འདབ་ལྔ་པ་སྟེ་ལྕེ་ཚ་བ་ལ་ཟེར་པ་མུ་ཟིའི་ཕྱེ། །གྲེ་བར་འཕུལ་བཏབ་བདུད་རྩི་ཡིན། །

  སྤྱང་ལྕེ་བདུན་པའི་སྦྱོར་བ་ནི། །སྤྱང་ལྕེ་སྐྱི་འབྲུ་སྒ་སྐྱ་དང་། །སྒོག་གཅིག་རྒྱ་ཚ་ཤུ་དག་ནག གཡེར་མ་ཞིབ་བཏགས་ལྕེ་སྟེང་བྱུག དར་དམར་གྱིས་བཀབ་ཡུན་རིང་བཞག ལྕེ་སྐྲང་འཇོམས་པ་ལག་ལེན་ཡིན། །

  སྤྱང་ལྕེ་བརྒྱད་པའི་སྦྱོར་བ་ནི། །ཁྱུང་ལྔའི་སྟེང་དུ་གུ་གུལ་རྒྱ་ཚ་དང་། །སྤྱང་ལྕེ་སྦྱར་བཏང་གག་པ་ལྕེ་འབམ་དང་། །ལྕེ་སྐྲང་མ་ལུས་འཇོམས་པར་བྱེད་པའི་མཆོག ཤུ་དག་རྒྱ་ཚ་སྦལ་ནག་ཤ ཐར་ནུ་སྦྱར་བཏང་གག་པ་གཅོད། །

  སྤྱང་ལྕེ་སྐམ་པོ་ཆེ་ཆུང་གང་རིགས་ཤིག ར་ཁྲག་དྲོན་མོ་མ་རྙེད་ན་ཟངས་ཏེལ་མེར་བསྲོ་ནས་བསླན་ཆོག་དང་བཅས་དར་དམར་ནང་། །བསྟུམ་བཏུམསཏེ་མ་གྲང་བར་དུ་ལྕེ་ཐོག་བཞག གག་པའི་ལྕེ་དར་ཞེས་བྱ་མཁས་འགའ་བཞེད། །

  སྤྱང་ལྕེ་བཅུ་གསུམ་སྦྱོར་བ་ནི། །སྤྱང་ལྕེ་ཤུ་དག་ཨ་རུ་ར། །ཅུ་གང་འདྲེ་འཇིགས་གུ་གུལ་མ་གི་ཏ། །སྤང་རྒྱན་སྤང་རྩི་ངང་པ་གསེར་སྒང་སྒོང་། །ཡུང་བ་རུ་རྟ་ལྡོང་རོས་དང་། །ཆིག་ཐུབ་ཝ་རྟ་ཕྱེ་རིལ་གང་བྱུང་བྱ། །སྦྱོར་བ་འདི་ཡི་ཕན་ཡོན་ནི། །གཉན་ནད་གཟའ་དང་བསྡོངས་པ་དང་། །གག་པ་ལྷོག་པ་སྤུན་དགུ་དང་། །ཡ་མ་དཀར་ནག་ཨོལ་འགགས་ནད། །དེ་རིགས་ཀུན་འཇོམས་བདུད་རྩི་འདྲ། །འགྲོ་བ་སེམས་ཅན་ནད་གྲོལ་ཤོག ཅེས་གསུངས་འདུག་པ་ཞར་བྱུང་བྲིས། །

  དམར་ཆེན་རིལ་བུའི་སྦྱོར་བ་ནི། །དང་པོ་ཉུང་སྦྱོར་བདུད་རྩི་སུམ་སྦྱོར་ནི། །གླང་ཆེན་སྨྱོན་པ་ཐང་ཕྲོམ་དཀར་པོ་ཆ་བཞི་མིང་ཆེན་ནག་པོ་གཅིག སྟག་ཤ་ཆ་གཉིས་ལན་ཚྭ་ཐུར་མགོ་གང་། །འབྲིང་སྦྱོར་དེ་སྟེང་བ་ལ་ཆ་གླང་ཆེན་སྨྱོན་པ་ལོགས་སོགསསྨན་བཞི་པོ་སྟེ་གཉིས་དང་། །སྤང་སྤོས་དེ་བ་གཉིས་པོ་ཆ་གཉིས་བསྡོམས་ཆ་རེ་སྦྱར་རེ་སྦྱར། །མང་སྦྱོར་གླ་རྩི་གུ་གུལ་ཀྱི་ལྕེ་བ། །ལྕགས་ཀྱུ་སྤང་རྒྱན་དཀར་པོ་ཆ་གཅིག་སྦྱར། །གསེར་མདོག་དང་བཅས་ཞིབ་བཏགས་ཟར་ཁུའི་རྩི། །སྲན་སྦོས་ཙམ་དྲིལ་མཚལ་གྱི་ན་བཟའ་གསོལ། །ཟངས་ལྕགས་གའུ་ནང་དུ་བཅང་བར་བྱ། །རྨ་གསར་སྦྲུམ་མ་མཁྲིས་ནད་ཅན་མ་གཏོགས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་མ་ལུས་འཇོམས། །གཉན་དང་ལྷོག་པ་ལ་བཟང་། གྲང་རླུང་ལ་མི་བཏང་གཏོང་

  ལྷོག་པ་ཅིས་ཀྱང་མ་ཐུབ་ན། །དངུལ་ཆུ་བཤིག་པ་སྲན་མ་ཙམ། །སྨན་ཆེན་རུ་རྟ་ཨ་རུ་ར། །གུ་གུལ་གླ་རྩི་སྦྱར་བ་བཏང་། །གཉན་ནད་ཐམས་ཅད་འཇོམས་པར་བྱེད། །ཅེས་དང་། བྲག་སྐྱེས་རྒྱ་རྩི་དུག་ལོ་དང་དེ། །གནམ་གྱིས་མ་མཐོང་བཏུས་ལ་སྐམ། །དེ་ཉིད་ལ་ནི་ཆ་གཅིག་བྱ། །འཛིན་པའི་མྱུ་གུ་ཆ་གཅིག་བྱ། །ཨ་རུ་རུ་རྟ་གུ་གུལ་གསུམ་བཞི་ཆ། །ཤུ་དག་ཕུར་ནག་སྟག་ཤ་བ། །ཆ་གསུམ་ལྡན་པ་འདི་ཉིད་ནི། །སྔོན་མོ་ལྷོག་ཟན་ཞེས་བྱ་བ། །ལྷོག་རིགས་ཐམས་ཅད་འཇོམས་པའི་གཤེད། །བུ་མིན་གཞན་ལ་བཀའ་རྒྱས་གདབ། །ཆིག་བརྒྱུད་སྙིང་ཁྲག་ཨི་ཐི་ཐི་རྒྱ། །

  བྱུག་པ་རེག་པ་བདེ་སྐྱེད་ནི། །ཐར་ནུ་དུར་བྱིད་ཆུ་རྩ་གསུམ། །བཙན་དུག་ཤུ་དག་མུ་ཟི་གསུམ། །རུ་རྟ་རེ་ལྕགས་ལྕགསྤྲུ་ནག་གསུམ། །རྒྱ་ཚིལ་རྒྱ་ཁྱུག་གི་ལུད་དཀར་པོ། རི་རྟུག་རྒྱ་ཚིལ་སོགས་འདྲ་མིན་སྤྱང་བྲུན་སྟག་ཤ་གསུམ། །ར་དུག་འཛིན་པའི་ཁ་ཚར་གདབ། །བ་དམར་ཆུ་ལ་སྦྱར་བ་འདི། །བྲམ་ཟེ་གཅིག་པའི་ཕྱུག་མཛོད་ཡིན། །ཕྲ་མོའི་ནད་རིགས་སུམ་ཅུ་དྲུག བས་ལྡག་གླང་ཤུ་ཟ་ཕྲུག་འཕྲུགཤ་བཀྲ་ལ། །སྲབ་མཐུག་བ་ཀོ་ཙམ་དུ་བྱུག ནད་དེས་ཉིན་མཚན་དབྱར་དགུན་དུ། །འཆི་བའི་འཇིགས་པ་འབྱུང་མ་ཡིན། །

  ཡང་། གཉན་དང་ཚ་བའི་སྐྲང་རིགས་ལ། །བྱུག་པའི་གདམས་པ་བཤད་ཀྱིས་ཉོན། །སྦྱོང་སྨན་གསུམ་དང་འཛིན་པ་དང་། །མཁན་པ་ཤུ་དག་ཞིབ་བཏགས་ལ། །ཕྱེ་མ་ཆུས་སྦྲུས་རླངས་ཐོན་བསྲོས། །གཅིག་ཐུབ་ཕྱེ་མ་ཆ་གཅིག་བཏབ། །བྱུགས་པས་གཉན་རིགས་སྐྲང་རྣམས་འཇོམས། །གཉན་འཇོམས་གནམ་ལྕགས་ཐོག་ཟེར་རོ། །

  ཡང་། ཟབ་སླག་ཆུ་རྩ་ཅན་གྱི་རྟ་ཕོ་ལ། །ས་བཅུད་བསླད་མེད་མུ་ཟི་ཆས་སུ་སྤྲད། །སྟག་སྟག་ཤ་ཤམ་ཅན་གྱི་དཔའ་བོ་བསྐྱོན། །དབུ་ལ་དོམ་རུ་དོམ་མཁྲིས་མཆོག་མ་གསོལ། །ཤི་ལ་ཛཱ་རུའི་ཏུའིབྲག་ཞུན་མཚོན་ཆ་ཐོགས། །རི་དྭགས་ལྟེ་བའི་གླ་རྩི་རོལ་དུ་ཁྲིད། །ཁ་གཡེར་ཁྱི་ལ་བ་རི་ཅན་གྱི་འབངས་དང་བཅས། །ནི་ལ་ཐོ་ཋྡྷའི་མཚུར་སྔོན་ངར་དང་བཅས། །འབྲུག་སྒྲ་དན་ད་བྱུང་ན་བ་ཆུསདངོས་གྲབབྲབས། །བྱུགས་པས་ལྤགས་པགསནད་ཤུ་ཐོར་སེལ། །གློ་བུར་རྨ་རྒན་ཤའུ་གསོ། །ཁྱད་པར་རེག་དུག་ཚ་ཤས་ཀྱི། །ཟུག་གཟེར་ཕུར་པ་བཏབ་འདྲ་ཞི། །མི་བཟོད་ཀུ་ཅོ་འདོན་པ་ལ། །གཉན་གཉེནཔོ་འདི་འདྲ་ཡོད་མ་ཡིན། །རྣག་ཚོས་ཅན་ལ་སྐམ་འདེབས་བྱ། །ལྤགས་པགསནད་ཀུན་ལ་ལྡེ་གུ་བྱུགས། །རེག་དུག་ར་ཁྲག་སྦྱར་བས་འཇོམས། །ཁོངས་སུ་ཁོང་དུར་ཁྲག་ག་བུར་བཏང་། །རེག་པ་བདེ་བྱེད་ཅེས་བྱའོ། །

  གཉན་སྐྲང་ཆུང་ངུའི་སྨན་སྐོར་གོང་སོང་དང་། །གློ་ལུར་བར་དུ་འཁྲུགས་གློ་ཀུན་སེལ་ནི། །གཙོ་བོ་ཙནྡན་དམར་པོ་སུམ་ཆ་ལ། །གུར་གུམ་དེ་ཡི་ཕྱེད་དུ་བྱ། །རུ་རྟ་སུམ་གཉིས་སྟར་བུ་དེ་དང་མཉམ། །ཨ་རུ་སྲོ་ལོ་སྤ་ཡག་གསུམ། །ཤིང་མངར་སྤོས་དཀར་རྒུན་འབྲུམ་གསུམ། །སྐྱུ་རུ་ཅུ་གང་འབྲི་མོག་གསུམ། །ཧོང་ལེན་ཨུག་ཆོས་དམར་པོ་རྣམས། །རིམ་པ་བཞིན་དུ་ལེགས་བསྡེབས་ལ། །གློ་བའི་ནད་ལ་ཐེངས་པས་ཆོག གློ་འཁྲུགས་གློ་ཚད་བྱེར་རྒྱས་དང་། །གོང་བ་གང་རལ་རིགས་རྣམས་དང་། །སྨུག་པོ་གློ་བྱེར་ཟག་ཟགསབྱེད་ལ། །བདུད་རྩི་ལྟ་བུར་ཕན་པ་ཡིན། །

  ལུག་མུར་བདུན་གྱི་སྦྱོར་བ་ནི། །ལུག་མུར་ཨ་རུ་གསེར་མདོག་དང་། །ཅུ་གང་ཤིང་མངར་སྲོ་ལོ་དཀར། །ཙནྡན་དཀར་པོ་ལི་ཤི་སྦྱར། །ཆམས་ཆམཔའི་གཞུག་གི་གློ་བརྒྱལ་ལ། །སྨན་ཐུན་གསུམ་ལས་མི་དགོས་སོ། །

  ཙ་ནྡན་བཅོ་བརྒྱད་སྦྱོར་བ་ནི། །ཙནྡན་དཀར་པོ་བྲག་ཞུན་ཨ་གར་ནག ལི་ཤི་སྐྱུ་རུ་ཨ་རུ་བ་རུ་ར། །གསེར་གྱི་མེ་ཏོག་གུར་གུམ་སྲོ་ལོ་དཀར། །གི་ཝང་ཅུ་གང་ག་དུར་སྤང་རྒྱན་དཀར། །རྒུན་འབྲུམ་སྟར་བུ་ཤིང་མངར་རུ་རྟ་རྣམས། །ཆ་མཉམ་ཞིབ་བཏགས་ཆུ་བསྐོལ་འཕུལ་ལ་བཏང་། །གློ་ཚད་གསར་རྙིང་ཀུན་སེལ་དང་ག་འབྱེད། །གློ་འཁྲུགས་རིམས་དུག་ཚད་པ་གསར་རྙིང་དང་། །གློ་མང་སོར་ཞིང་གློ་འགོགས་དཀའ་བ་དང་། །ལུད་པ་དམར་སེར་དཀར་ནག་རྣག་ཁྲག་འགེགསའགགས། །བྱང་ཁོག་ཐིག་ཟག་ཟགསགཟེར་ནད་མ་ལུས་སེལ། །ཤིན་ཏུ་ཟབ་པའི་མན་ངག་ཞལ་གདམས་འདི། །མང་པོར་སྤེལ་ན་བཀའ་ལས་འགལ་བར་འགྱུར། །སྣོད་མིན་རྣམས་ལ་མང་དུ་བསྟན་པ་ན། །མཁའ་འགྲོ་གདུག་ཅན་སེང་གེའི་གདོང་ཅན་དང་། །བསེ་ཁྲབ་བགེགས་འདུལ་ནག་པོས་ཚོགས་སུ་རོལ། །

X