//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

བད་ཀན་ཕོ་ཐོགས་ཀྱི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 11:16:22 ཀློག་གྲངས། 36 

བད་ཀན་ཕོ་ཐོག་ཐོགསསྨན་སྐོར་ནི། །རྡོ་ཞུན་ཉེར་ལྔ་བད་ཀན་སྤྱི་འགྲོས་སྨན། །དེ་ཡང་སྨུག་པོའི་ནད་གཞི་གཅོང་ལ་ཕན། །དེ་ལ་དང་པོ་རྡོ་ཞུན་སྦྱར་བ་ནི། །རྡོ་རིགས་དཀར་པོ་སྐྱ་བོ་གོ་བོ་རྒྱབ། །དམར་པོ་རྟ་གློ་སྔོ་ནག་ཆར་སྤྲིན་མདོག། བརྡུང་ན་རྭ་གཞོབ་བྲོ་བ་དེ་ཉིད་ཡིན། །སོལ་མེས་བསྲེགས་པ་དཀར་པོར་སོང་བ་ན། །ཆུ་བསྐོལ་ནང་འཕང་ཞོ་ལྟར་འཇུ་བ་དེས། །སྙིགས་ཕྲལ་བྲལདྭངས་མ་སྐམ་ལེགས་སྨན་གཙོ་ལ། །ཀ་རཉྫ་དང་དོང་དྲ་གྲཔི་པི་ལིང་། །རྒྱམ་ཚ་ཕོ་རིལ་ལྕེ་ཚ་དབྱི་མང་དཀར། །དུར་ཐོད་ཐལ་བ་ཤ་རུའི་ཐལ་བ་རྣམ་གཉིས་དང་། །སེ་འབྲུ་ཤིང་ཚྭ་སྟར་ཞུན་པྲི་ཡང་ཀུ། །ཅོང་ཞི་འདམ་བཏགས་གོ་སྙོད་ལ་ལ་ཕུད། །མ་ནུ་ཟི་ར་འུ་སུ་སྤ་ཡག་འབྲུ། །རུ་རྟ་ཁ་རུ་ཚ་དང་རྩབ་རུ་ཚ། །སུག་སྨེལ་སྦྱང་སྦྱརབ་སྦྲང་གིས་རིལ་བུ་དྲིལ། །མ་ཞུ་བད་ཀན་དུག་ཐབས་སྐྱ་རྦབ་དང་། །མཆིན་རྒུད་ཕོ་བ་གླང་ཐབས་ཀུན་ལ་ཕན། །

སེ་འབྲུ་ཉེར་ལྔའི་སྦྱོར་བ་ནི། །སེ་འབྲུ་བཟང་པོ་དྲུག་དང་ཚ་བ་གསུམ། །རྒྱ་ཚ་རྒྱམ་ཚ་ཟེ་ཚ་མགྲོན་ཐལ་དང་། །ཀ་པེད་ཤིང་ཚྭ་མ་ནུ་ན་ལེ་ཤམ། །ཁ་རུ་ཚ་དང་ཏིག་ཏ་འབྲས་བུ་གསུམ། །ཧོང་ལེན་རུ་རྟ་ཀ་རའི་རྟ་ལ་བསྐྱོན། །ཕྱེ་མ་ཆུ་བསྐོལ་དག་གིས་འཕུལ་བས་ན། །མ་ཞུ་བད་ཀན་ཕོ་བའི་མེ་དྲོད་ཉམས། །གྲང་བའི་ནད་ལ་མེ་དཔུང་དག་དང་མཚུངས། །ཞེས་སོ། །

སེ་འབྲུ་དར་གདུགས་གཞུང་དུ་གསལ། །འདི་ལ་འདྲ་མིན་འདུག་པ་འདི་ལྟ་སྟེ། །ཕོ་བའི་གཞི་འཛིན་སྡེ་བཞི་རྒྱུད་ཀྱི་སེ་འབྲུ་བཞི་པ་དར་གདུགས་གུར་གུམ་ཅན། །ཨ་ཨ་རུ་ར་ལི་ལི་ཤི་ཅོང་ཅོང་ཞི་པའི་སྔགས་ཀྱི་རང་སྒྲ་ལ། །འུ་འུ་སུ་ཀ་ཀ་ཀོ་ལཕོ་ཕོ་རིལ་བར་སྐྱུགས་སོགས་སྡུམ་རལ་ཞི། །ཁྱད་འཕགས་འདི་འདྲ་གཞན་ལ་འདུག་གམ་ལྟོས། །ཞེས་སོ། །ན་ལེ་ཤམ་བསྡེབས་ལྷག་པར་མེ་དྲོད་བསྐྱེད། །རྒྱ་ཚ་རྒྱམ་ཚ་ཁ་རུ་ཚ་དང་བསྡེབ། །ཁྱད་པར་མ་ཞུ་འཇུ་བར་བྱེད་པ་ཡིན། །ཐལ་སྨན་ཐལ་སྨན་ལུགས་མང་ཡང་དུང་མགྲོན་གཉིས་ཧར་བསྲེགས་ཤ་རུ་རྩི་ཧྲོག་ཚ་ཚྭསྲེག དངུལ་ཆུའི་ཐལ་བ་སོགས་བསྡེབ་པར་བྱ་བསྡེབས་པས་སྐྲན་རྣམས་ཐལ་བར་རློག

ཞི་བྱེད་དྲུག་པའི་སྦྱོར་བ་ནི། །མ་ནུ་སྒ་སྐྱ་ཨ་རུ་ལྕུམ་རྩ་དང་། །ཅོང་ཞི་བུལ་ཏོག་རིམ་བཞིན་ཆ་རེ་བསྐྱེད། །མ་ཞུ་ཕོ་སྦོས་གླང་ཐབས་དང་། །ཐུར་སེལ་རླུང་ལོག་བུ་ཤ་འཐོག བཤང་འགགས་སོགས་ལ་ཕན་ཞེས་བཤད། །

དཀར་པོ་དྲུག་གི་སྦྱོར་བ་ནི། །བྱང་གི་བུལ་ཏོག་རྙིང་པ་ལ། །ཚད་ནི་བཞི་གསུམ་དག་དང་སྦྱར། །ཅོང་ཞི་ལ་ནི་བཞི་ཆ་སྟེ། །བྱ་རྒོད་ཐལ་བ་ཅོང་ཞིའི་ཕྱེད། །མ་ནུ་ཚ་ལ་སྒ་སྐྱ་གསུམ། །གོ་ཐལ་ཕྱེད་ཕྱེད་རེ་བཏང་ལ། །རྒྱམ་ཚ་ཟེག་ཟེགསཙམ་ཅི་འབྱོར་བཏང་། །བསེ་རུ་དག་དང་བསྲེས་པ་ན། །ཚད་པ་རྙིང་པ་ཐམས་ཅད་དང་། །ཁ་ཟས་དུག་ཐབས་ནད་ལ་བསྔགས། །གི་ཝང་གཙོ་ཆེར་བཏང་གྱུར་ན། །ཚད་པ་གསར་པ་ཀུན་ལ་ཕན། །ཀ་ར་དཀར་པོའི་མགོ་བསྡུས་ལ། །ཆུ་བསྐོལ་ཚ་མོས་འཕུལ་ལ་བཏང་། །མ་ཞུ་བ་དང་མིག་ལ་སྐྱ་རིབ་བྱུང་། །མེ་དྲོད་ཉམས་དང་བད་ཀན་སྨུག་པོ་ལ། །ཐེངས་པས་ཆོག་པའི་སྨན་མཆོག་རྒྱལ་པོའོ། །

རུ་རྟ་སྐྱུ་རུ་སེ་འབྲུ་བ་ཤ་ཀ སུག་སྨེལ་པི་པི་ལིང་དང་ཀ་ར་སྦྱར། །རུ་རྟ་དྲུག་པས་སྨུག་པོ་འཐབ་པའི་ནད། །གླང་ཐབས་སྒྲེག་སྐྱུགས་ཕོ་བར་ཟུག་པ་སེལ། །

  དུང་རུ་བཅོ་བརྒྱད་སྨན་བཞིའི་འདབ་འཕར་འཕྲི། །གསུངས་པས་སྦྱར་ཚེ་རེས་ཆད་རེས་ལྷག་གིས། །ཀུན་ཀྱང་མགོ་རྨོངས་འདི་ལ་འཁྲུལ་མེད་བྲི། །ཅོང་ཞི་བུལ་ཏོག་རྒོད་བྲུན་གོ་བོའི་ཐལ། །ཐལ་བ་གཉིས་བུལ་ཏོག་ཚྭ་ལ་བཅས་ལྕགས་སླང་དུ་ཅུང་ཟད་རྔོ་བརྔོདགོས།སྒ་དང་ཚྭ་ལ་རྒྱམ་ཚ་སེ་འབྲུ་དང་། །སུག་སྨེལ་པི་ལིང་མ་ནུ་གུར་གུམ་དང་། །རུ་རྟ་སྐྱུ་རུ་བ་ཤ་ཨ་རུ་ར། །ལྕུམ་རྩ་དེ་སྟེང་དུག་ལ་བསེ་རུ་དང་། །ཚད་པར་གི་ཝང་ཡང་ན་བུངས་ཆེར་བསྡེབ་པ་ཡི། །དུང་རུ་བཅོ་བརྒྱད་ཅེས་བྱའི་སྨན་མཆོག་འདིས། །སྨུག་པོ་གྲང་ཅན་དུག་ཐབས་ཡུལ་ནས་འདོན། །ཞེས་ཚེ་དཔལ་གྱིས་སོ། །

  རྣམ་རྒྱལ་རིལ་བུ་ཞེས་བྱ་བ། །ཨ་བར་སྐྱུར་གསུམ་སྤྱི་བཞུར་དང་། །ཅོང་ཞི་བྲག་ཞུན་ཀོ་བྱི་ལ། །དོམ་མཁྲིས་གངས་ཏིག་ཐིགསགླ་བའི་རྩི། །བཟང་དྲུག་དང་བཅས་ཞིབ་པར་བཏགས། །སེ་འབྲུའི་ཁུ་བས་རིལ་བུ་དྲིལ། །མན་ངག་གནད་དང་ལྡན་གྱུར་ན། །དུག་རིགས་ཕོ་མཆིན་ནད་ལ་བསྔགས། །ཞེས་སོ། །

བྱེ་རིང་མེ་མཉམ་ཆེན་པོ་ཆུང་ངུནི། །གཙོ་བོ་བྱང་ཚ་བཟང་པོ་ཕུལ་ཕྱེད་ལ། །བཙན་དུག་གིས་གཙོས་དུག་སྣ་ཝ་རྟ ར་དུག རེ་ལྕག་སོགས་ཚོགས་ཚད་དང་། །ཐར་ནུ་གཙོར་བྱས་དན་ཁྲ། སྐྱེར་ཁན། དུར་བྱིད། ཁྲོན་བུ།ཆུ་རྩ་སོགས་བཤལ་སྨན་གང་འཚོགས་དང་། །དབྱི་མང་འབྲས་བུའི་ལྕེ་ཚ། སྲུབ་ཀ ཕོ་རིལ། ཙི་ཏྲ་ཀ་གཙོར་བྱས་ཚ་བའི་སྔོ། །འཚོགས་ཚད་གཙོ་རྣམས་ཐུན་ཚད་རེ་རེ་དང་། །གཞན་རྣམས་ཐུན་ཕྲན་རེ་སྦྱར་ཞིབ་ཏུ་བཏགས། །བ་ཞོས་སྦྲུས་པའི་འདག་པ་རྫའི་ནང་དུ། །གླང་སྲུབ་རླངས་སྲུབསགཙོས་བཙོསཔའི་ཆུ་ཚོད་ཆོདཕོར་བ་རེ། །བོང་མེས་དུ་བ་མ་ཤོར་བསྲེགས་ཐལ་ལ། །ཐལ་བ་གསུམ་ཅོང་ཞི་རྒོད་བཏུལ། རྡོ་ཐལ། གོ་ཐལ་དང་སྟར་བུ་སྦྲུལ་ཤ་དང་། །པི་པི་ལིང་རྣམས་ཁ་ཚར་བཏབ་པ་ཡིས། །མེ་དངོས་སྙིགས་མ་མ་ཞུ་བ་མོ་ལ། །ཚ་ཟེར་བྱེ་བའི་དཀྱིལ་འཁོར་རྒྱས་པ་སྟེ། །ཡུན་རིང་བཅོས་རྡུགས་གྲང་ནད་རྒྱ་མཚོ་ཡང་། །མོད་འཕྲལ་གནས་སུ་སྐེམ་བྱེད་རྣོ་བའི་མེ། །ཁྲག་སྐྲན་ཁྲག་འགྲིལ་སོགས་ཀྱི་གྱེན་ཕྱུར་འཕྱུརཀུན། །ཐོགས་མེད་བཤིག་བཤིགསཔའི་གནམ་ལྕགས་ལྕེ་འབབ་འབེབསཡིན། །མདོར་ན་ཁྲག་མཁྲིས་ཚ་བ་མ་གཏོགས་པའི། །གྲང་ནད་མ་ལུས་གསོ་བའི་སྨན་མཆོག་ཡིན། །

X