//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

བད་ཀན་མགུལ་འགགས་ཀྱི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 11:15:06 ཀློག་གྲངས། 34 

བད་ཀན་མགུལ་འགགས་སྨན་སྐོར་ལས། །སྤང་རྒྱན་དཀར་པོ་༠m༣m༠ཨར་ནག་༠m༠m༨སྙིང་ཞོ་ཤ༠m༡m༠། ཙནྡ་ཙནྡནདཀར་པོ༠m༥m༠ཛཱ་ཏི་༠m༡m༠ཅུ་གང་༠m༡m༠སྲོ་ལོ་དཀར༠m༡m༠། །གུར་གུམ་༠m༡m༡འབྲས་གསུམ་ཨར་༠m༡m༢ བར་༠m༡m༠སྐྱུར་༠m༡m༡སླེ་ཏྲེས་༠m༡m༡ཏིག་ཏ་༠m༠m༦དང་། །ལི་ཤི་༠m༠m༦ཤིང་མངར་༠m༠m༡སྤང་རྒྱན་བཅོ་ལྔ་འདིས། །གློ་ནད་གྲེ་བར་བབས་དང་མིག་མི་གསལ། །བད་ཀན་སྟོད་བརྒྱང་མིད་འཆུས་སེལ་བའི་མཆོག །

སྤང་རྒྱན་ཉེར་ལྔའི་སྦྱོར་བ་ནི། །སྤང་རྒྱན་དཀར་པོ་ཙནྡ་ཙནྡནགཉིས། །ཨ་རུ་སླེ་ཏྲེས་བ་ལེ་ཀ ཀཎྡྲི་ཀཱ་རི་འབྲས་བུ་གསུམ། །ཏིག་ཏ་ཧོང་ལེན་སྐྲ་བཟང་དང་། །བ་ཤ་ཀ་དང་གུར་གུམ་དང་། །ཤིང་མངར་སྲོ་ལོ་ཀྱི་ལྕེ་དང་། །བོང་དཀར་སྟང་ཟིལ་ཁྲག་རྐང་སེར། །གང་ཆུང་རྩི་དམར་རྐང་གཅིག་དམར་པོ་ཁྲག་རྐང་དང་། །བྲག་སྤོས་དཀར་པོ་ཡར་འདྲེན་སྦ་ཡག་རྩ་བརྣམས། །གཙོ་བོ་ཆ་གསུམ་འཁོར་ཆ་རེ། །མཁྲིས་པ་ཆེ་ན་ལྕི་སྐྱིའབྲུ་དང་། །ཟ་ཟྭབ་གཡའ་ཀྱི་ཟངས་རྩི་བསྡེབ། །རླུང་ལ་ཛཱ་ཏི་རུ་རྟ་བསྣན། །བད་ཀན་སྟར་བུ་འུ་སུ་སྦྱར། །ཚ་བ་འགྲམ་འགྲམསའཁྲུགས་རིམས་དུག་དང་། །ཁྲག་ནད་གྲེ་བ་འགགས་ལ་མཆོག གཏར་ག་མི་དགོས་ཁྱད་ཆོས་ཡིན། །

སྨན་མཆོག་མཁའ་འགྲོ་བཅུ་ཡི་སྦྱོར་བ་ནི། །ཅོང་ཞི་གསེར་མདོག་ཤིང་མངར་བྲག་ཞུན་དང་། །སྒ་སྐྱ་སེ་འབྲུ་སུག་སྨེལ་པི་པི་ལིང་། །བྱི་ཏང་རྒྱམ་ཚ་བུར་དཀར་རྟ་ལ་སྦྱར། །བོང་ང་ནས་ཙམ་གསང་སྨན་ཞལ་ཤེས་ཡིན། །རྒོད་གཡག་ཁྲག་འཕུལ་མགུལ་འགགས་འཇོམས་པའི་མཆོག

ཡང་གཅིག་མཁའ་འགྲོ་བཅུ་ཡི་སྦྱོར་བ་ནི། །འདི་ན་མཁའ་འགྲོའི་གསང་སྨན་ཁྱད་པར་ཅན། །དོམ་མཁྲིས་གླ་རྩི་རྒྱ་ཚ་གསེར་མདོག་དང་། །བཟང་དྲུག་གཡག་རྒོད་རཀྟ་ཆང་སྦྱར་འཕུལ། །ཐུན་གཉིས་ཀྱིས་ཀྱང་ནད་ལས་གྲོལ་ལོ་སྐད། །སྦྱར་ཐབས་བཏང་ཐབས་མན་ངག་གུད་དུ་བསྟན། །མན་ངག་གུད་སྦས་ནི། སྨན་ཀུན་བུངས་མཉམ་ཐུན་གསུམ་བཅད། གཅིག་གཡག་རོག་དར་མའི་ཁྲག་ཕུལ་གང་གིས་འཕུལ། གཅིག་ཆང་རྒན་སྙིང་ཁུས་འཕུལཕུལ གཅིག་ཆུ་བསྐོལ་ཚ་མོས་འཕུལ་ཕུལབ་མན་ངག་ཟབ་མོ་ཨི་ཐི།

མིད་འཆུས་སྤྱི་སྨན་རྡོ་ཐལ་བཟང་པོ་དྲུག །གསེར་མདོག་གླ་རྩི་དོམ་མཁྲིས་རྒྱ་ཚ་དང་། །ད་ལི་ལིསམ་ནུ་འུ་སུ་སྐྱུ་རུ་ར། །ཧོང་ལེན་བ་ཤ་ཀ་དང་ཙནྡ་ཙནྡནདམར། །ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང་། །ཅོང་ཞི་བུལ་ཏོག་གངས་ཏིག་ཐིགསཚྭ་ལ་དང་། །བྲག་ཞུན་གི་ཝང་རྒྱམ་ཚ་པི་པི་ལིང་། །སེ་འབྲུ་སྦྲང་སྦྱར་རིལ་བུ་སྲན་འཕོས་དྲིལ། །ཐོ་རངས་བཏང་བས་མིད་འཆུས་ཕོ་བར་བབས། །གྲེ་ཐོག་ཐོགསསྦུ་ཐོག་ཐོགསཕོ་ཐོག་ཐོགསཚ་འགགས་རྣམས། །འདི་ཡིས་མི་སེལ་ནད་ནི་ཡོད་མ་ཡིན། །ཉང་རལ་གཏེར་མ་ཕྱག་ལེན་མྱོང་བས་གྲུབ། །ཅེས་སོ། །

བེ་ཁྲག་ཉེར་ལྔ་ཉང་གཏེར་བེ་ཁྲག་བེ་རྒན་ཐང་ཁྲག་བྱ་ཁྱུང་ལྔ། །བཟང་དྲུག་རྒྱ་རུ་བསེ་རུ་ཤ་བའི་རྭ། །རྒྱ་ཚ་རྒྱམ་ཚ་ཁ་རུ་ཚ་དང་ནི། །ཚ་བ་གསུམ་དང་ཅོང་ཞི་སྤང་རྒྱན་དཀར། །བྱ་རྒོད་གོ་བོ་ལ་སོགས་ཨོལ་མདུད་ནི། །ཚོགས་ཚད་ལེགས་སྦྱར་རྒོད་གཡག་ཁྲག་རྟ་ལ་བསྐྱོན། །མགུལ་འགགས་གྲེ་ཐོག་ཐོགསཕོ་ནད་ངེས་པར་འཇོམས། །

མིད་འཆུས་ནད་ལ་འབྲོང་ཁྲག་དྲུག་པ་ནི། །གསེར་མདོག་གླ་རྩི་གུ་གུལ་དང་། །ལི་ཤི་དོམ་མཁྲིས་འབྲོང་ཁྲག་དྲུག བད་ཀན་མིད་འཆུས་ནད་ལ་བདུད་རྩི་ཡིན། །བརྒྱད་པ་དེ་སྟེང་ཅོང་ཞི་སྤང་རྒྱན་དཀར། །བསྣན་པ་ཡིན་ཞེས་སྒྲ་འཛིན་ཐོས་སྙམ་སེམས། །

འབྲོང་ཁྲག་ཨ་རུ་གསེར་མདོག་དོམ་གྱི་མཁྲིས། །གླ་རྩི་གུར་གུམ་པི་ལིང་ཕོ་བ་རིས། །གུ་གུལ་དཀར་ནག་སྦྱར་བའི་འབྲོང་ཁྲག་བརྒྱད། །ཅེས་སོ། །

གོ་གྲེ་མ་ནུ་འབྲི་རྟ་ས་འཛིན་དང་། །ཡུ་མོ་ཨོལ་ཀྲོང་ད་ལི་ལིསཅུ་གང་དང་། །གུར་གུམ་ལི་ཤི་ཤིང་མངར་སྤང་རྒྱན་དཀར། །རུ་རྟ་ཨ་རུ་རྒུན་འབྲུམ་ཙན་དན་དམར། །སེ་འབྲུ་ཨུཏྦལ་པི་ལིང་ཀ་ར་སྦྱར། །གོ་གྲེ་བཅུ་བདུན་བད་ཀན་སྐེ་ནད་དང་། །ཕོ་བའི་ནད་སེལ་ལག་བླངས་ཤིན་ཏུ་ཟབ། །

ཡང་གཅིག་མན་ངག་གོ་གྲེ་བཅུ་གསུམ་ནི། །གོ་གྲེ་མ་ནུ་ད་ལི་ལིསདང་། །འུ་སུ་ཀོ་ལ་སུག་སྨེལ་དང་། །གུར་གུམ་གསེར་མེ་རེ་སྐོན་པ། །པྲི་ཡང་དངུལ་ཆུ་མཚལ་སྦལ་རྒྱབ། །ལེགས་སྦྱར་ཕྱེ་མས་བད་ཀན་མགུལ་འགགས་ནད། །མིད་དཀྱུས་འཆུསམིད་འབྱར་སྐེ་ནད་མ་ལུས་སེལ། །ཞེས་སོ། །

X