//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

མ་ཞུ་བའི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 11:13:51 ཀློག་གྲངས། 48 

སྨུག་པོ་གྲང་རྐྱེན་མ་ཞུའི་སྨན་སྐོར་ནི། །མན་རྒྱུད་སེ་འབྲུའི་རིགས་ཞེས་པ། །སེ་འབྲུ་ཚ་བ་ལྔ་དང་ཚྭ་སྣ་གསུམ། །བུར་དཀར་སྦྱར་ཕྱེ་ཐུན་ཆུང་ཆུ་ཚན་འཕུལ། །ཞེས་དང་། བྱེ་བྲག་བཅོས་པ་སྙིགས་མ་མ་ཞུ་ན། །ཕོ་བའི་དྲོད་བསྐྱེད་སེ་འབྲུ་ཚ་བ་གསུམ། །མ་ཞུ་འཇུ་བྱེད་རྒྱམ་ཚ་ཁ་རུ་ཚ། །རྒྱ་ཚ་བུར་དཀར་སྦྱར་བའི་ཕྱེ་མ་ལ། །རྩམ་པ་མ་ཞུ་ཕབས་དང་བུལ་ཏོག་བསྣན། །ཤ་མ་ཞུ་ན་སྤྱང་ཀིའི་ཕོ་བའམ། །སོ་བྱ་རྒོད་ཀྱི་གྲེ་བ་བསྣན་ལ་བཏང་། །ཤ་ཁུའི་སོག་ཡུའི་ཐང་དང་ལྟག་པ་སྤྲད། །སྔོ་ངད་མ་ཞུ་ཟྭ་དང་དབྱི་མང་བསྣན། །ཡང་ན་སོག་ཚིག་ཚིགསཐང་གིས་འཇུ་བར་བྱེད། །ཇ་ཆུ་མ་ཞུ་ཚྭ་བསྣན་དྲི་ཆུ་བཏུང་། །ཞོ་དར་འོ་མ་མ་ཞུ་ཕྱུར་ཁུས་འཇུ། །མར་ཚིལ་མ་ཞུ་ཅོང་ཞི་མེས་བཏུལ་བསྣན། །འབྲུ་མར་མ་ཞུ་སྲན་ཕྱེ་ལྟག་སྤྲད་བསྣན། །རྡོ་མ་ཞུ་ན་མཚུར་དང་ཟེ་ཚ་བསྣན། །སྨན་མ་ཞུ་ན་དུག་རིལ་སྨན་ཆེན་རིལ་བུ་ལྟག་པ་སྤྲད། །སྨན་རྗེས་སོ་ཆ་ཤུ་དག་པི་པི་ལིང་། །སྒ་སྐྱ་ར་ཡི་འོ་མས་གྱེན་དུ་དྲོངས། །ཞེས་གསུངས།

ཕྱི་རྒྱུད་སེ་འབྲུའི་སྦྱོར་བ་ནི། །སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང་། །འདི་བཞི་གཞིར་བཞག་བརྒྱད་པའི་ཁ་བསྒྱུར་ནི། །རྒྱམ་ཚ་ཁ་རུ་ཚ་དང་ཕོ་བ་རིས། །བཅའ་སྒ་བསྡེབས་བས་མ་ཞུ་གསར་རྙིང་འཇུ། །བཅའ་སྒ་བྱི་ཏང་ཀ་དང་ཙི་ཏྲ་ཀ འཇམ་འབྲས་བསྡེབས་པས་ཕོ་བའི་མེ་ཉམས་གསོ། །རྒྱམ་ཚ་གསེར་གྱི་མེ་ཏོག་ཨ་རུ་ར། །དོམ་མཁྲིས་བསྡེབས་པས་མ་ཞུ་མིག་སེར་འཇོམས། །ཅོང་ཞི་རྒོད་བཏུལ་རྒྱམ་ཚ་ཨ་རུ་ར། །བྱ་ཐལ་བསྡེབས་པས་ལྷེན་སྐྲན་ཐལ་བར་རློག ཅེས་དེ་ཙམ་མོ། །

ཕྱི་རྒྱུད་ད་ལིའི་ལིསསྦྱོར་བ་ནི། །ད་ལི་ལིས༡m༢m༠ན་ལེ་ཤམ་༠m༢m༠དང་ཤིང་ཚ་༠m༢m༠དང་། །སུག་སྨེལ་བཅའ་སྒ་པི་པི་ལིངགསུམ་པོ་༠m༥m༠རེདང་དྲུག ། ཚད་ལྡན་སྦྱོར་བས་འཁྲུ་སྐྱུགས་དབུགས་མི་བདེ། །གཞང་འབྲུམ་སྐྲན་དང་སྐྱ་རྦབ་གློ་ནད་སེལ། །ཞེས་དང་། ད་ལི་ལིས༡m༠m༠སུག་སྨེལ་༠m༦m༠ཤིང་ཚྭ་༠m༣m༠ཀ་ཀོ་ལ༠m༥m༠། །པི་པི་ལིང་༠m༦m༠དང་ན་ལེ་ཤམ༠m༢m༠། །འཁྲུ་སྐྱུགས་མ་ཞུ་ལྕགས་དྲེག་ལྷེན་སྐྲན་འཇོམས། །ཕོ་བའི་ཟུག་གཟེར་འཇོམས་ཤིང་ཡི་ག་འབྱེད། །ཅེས་སོ། །

སེ་འབྲུ་ཁ་རུ་ཚ་དང་ཚྭ་བ་གསུམ། །རྒྱམ་ཚ་དྲུག་གིས་ཕོ་བའི་མེ་དྲོད་བསྐྱེད། །

མངོན་སུམ་མེ་འདྲའི་སྦྱོར་བ་ནི། །རྒྱམ་ཚ་༠m༥m༠ལ་ལ་ཕུད་དང་༠m༥m༠ཨ་ཟ་མོདབྱི་མང་༠m༥m༠། །པི་པི་ལིང་༠m༡m༠དང་སྒ་༠m༡m༠རྣམས་ཆ་རིམ་བསྐྱེད། །ཀུན་དང་མཉམ་པའི་ཨ་རུ་བསྲེགས་པའི་ཐལ། །སྨན་སྣ་ལྔ་པོ་སྤྱི་ཁྱབ་དང་མཉམ།བུ་རམ་སྦྱར་བ་མངོན་སུམ་མེ་དང་འདྲ། །མ་ཞུ་ལྷེན་སྐྲན་གྲང་ནད་ཐལ་བར་རློག

སེ་འབྲུའི་ཅུར་ནིས་སེ་འབྲུ་བཞི་པའི་སྟེང་། །ཤུ་དག་འུ་སུ་དབྱི་མོང་ཙི་ཏྲ་ཀ རྒྱ་ཚ་ཡ་བཀྵ་ར་ཁ་རུ་ཚ། །སེ་འབྲུའི་ཅུར་ནིས་མ་ཞུ་ལྕགས་དྲེག་ལྷེན། །མེ་ཉམས་སྦོས་སྒྲེག་དམུ་སྐྲན་འཁྲུ་སྐྱུགས་དང་། །མཁལ་སྐེད་ཆུ་སྲི་གྲང་ནད་སྟོང་ལ་ཕན། །ཞེས་གསུངས།

བཅོ་ལྔ་དྲག་པོའི་སྦྱོར་བ་ནི། །ཅོང་ཞི་བསླད་མེད་ཕུལ་དོ་དང་། །ལན་ཚྭ་བསླད་མེད་ཕུལ་གང་གཉིས། །སླ་ངའི་ནང་དུ་ལེགས་པར་བརྔོས། །ཚོས་ཚད་འབྲུ་གསུམ་ནས་དང་སྦྱར། །ཆང་རྒན་སྙིང་ཁུའི་ཁ་ཕྲུ་འདེབས། །རླངས་པ་མི་འཆོར་དགབ་པར་བྱ། །སུར་དཀར་གཞོན་ནུ་ཆགས་ཆགཔ་དོ། །བྲག་སྐྱེས་དབྱི་མང་སྤར་པ་དོ། །དེ་གཉིས་དུ་བ་མ་ཤོར་བསྲེགས། །འདི་བཞི་རྩ་བའི་སྨན་ནག་ཡིན། །པི་ལིང་སྨན་ནག་ཁ་བདེ་གང་ཙམ་ལ་ཕོ་རིལ་བདུན་ནམ་དགུ། །ཛཱ་ཏི་ཕ་ལ་བཞི་གཤགས་གཅིག རྒྱ་ཚ་རྒྱམ་ཚ་སྲན་མ་ཙམ། །ཁ་རུ་ཚ་ནི་ནས་འབྲུ་ཙམ། །བཅའ་སྒ་སྐྱེས་པའི་སེན་མོ་ཙམ། །འུ་སུ་ཐུན་ཚད་ཁྱད་པར་མེད། །མ་ནུ་ལུག་གི་རིལ་མ་ཙམ། །ཟེ་ཚ་ཐུར་མགོ་སུམ་རུ་གཅིག མང་སྦྱོར་བཅོ་ལྔ་དྲག་པོ་ཞེས། །འབྲིང་སྦྱོར་རྩ་བའི་སྨན་བཞིའི་སྟེང་། །ཛཱ་ཏི་འུ་སུ་ཟེ་ཚ་དང་། །ཚྭ་སྣ་གསུམ་དང་བོང་ང་དཀར། །པི་པི་ལིང་བཅས་གོང་ཚད་བྱ། །ཉུང་སྦྱོར་རྩ་བཞིའི་སྨན་གྱི་སྟེང་། །དྲོད་སྨན་པི་ལིངརྡོག་བདུན་སྦྱར་བའོ། །གོང་སྨན་སྟེང་དུ་དུག་མཁྲིས་ཀྱི། །ཁ་ནོན་དཔའ་བོ་དཀར་པོ་སྡེབ་སྲོལ་བཅས། །ཐལ་སྨན་རྒྱལ་བློན་འབངས་གསུམ་གྱི། །ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། །ཁྱད་པར་ཕོ་གཅོང་ནད་ལ་ཤིས། །བད་ཀན་སྨུག་པོ་ཁྲག་སྐྱུགས་དང་། །རྒྱུ་ནད་རྟག་ཏུ་འཁྲུ་བ་དང་། །སྒྲེག་པ་མང་ཞིང་ཟས་མི་འཇུ། །ཕོ་བ་སྟོང་སྡེབ་བྱེད་པ་དང་། །ཕོ་ལོག་ཕོ་བ་སྤུ་བྱི་དང་། །ཕོ་སུལ་ལྕགས་ཀྱི་དྲེག་ཆགས་དང་། །ཕོ་བ་དུག་ཐབས་མཆིན་ནད་དང་། །མཆིན་པ་རྒྱས་དང་འཕྱོང་བ་དང་། །མཆིན་ཆུ་བླུགས་དང་སྒྲིག་སྒྲེགཔ་བཅས། །རྒྱུ་གཟེར་གྲོལ་མ་དུག་ཐབས་རིགས། །འགྲིལ་བཅས་གྲུ་གུ་བསྒང་པ་དང་། །མདོར་ན་ཕོ་གཅོང་རྒྱུ་གཅོང་ལ། །སྨན་སྦྱོར་འདི་ལས་ལྷག་པ་མེད། །རྣོ་བ་སྤུ་གྲིས་གཅོད་དང་མཚུངས། །སྨན་ནག་ཐུགས་ཀྱི་དཀྱིལ་དུ་འཆོང་ཆོངས། །མཉམ་མེད་དྭགས་པོའི་དགོངས་པ་ཡིན། །འགྲོ་དྲུག་སེམས་ཅན་སྤྱི་ནོར་ལགས། །

ཅོང་ཞི་འཕྲུལ་ཐལ་སྦྱོར་བ་ནི། །ཕོ་ཅོང་རྟ་སོ་སྲང་གང་ལ། །ཨ་རུ་གསེར་མདོག་ཚ་ལ་དང་། །རྒྱམ་ཚ་བོང་དཀར་རྒྱ་གར་བོང་དཀར་དགོསཔི་པི་ལིང་། །འདི་ལྔ་ཞོ་ནི་རེ་རེ་ལ། །མུ་ཟི་བསླད་མེད་ཞོ་ཕྱེད་སྦྱར། །འདི་རྣམས་ཐང་ཙམ་བརྡུང་བར་བྱ། །འདི་ནི་འཕྲུལ་ཐལ་ཆུང་ངུ་ཡིན། །མ་ཞུ་བད་ཀན་ལྷེན་ཚད་དང་། །ལྕགས་དྲེག་རྡོ་དུག་དབྱིག་དུག་སོགས། །བད་མཁྲིས་དང་ནི་སྨུག་པོའི་སྐྲན། །ཕོ་ནད་ཚ་གྲང་མེད་པ་འཇོམས། །དེ་སྟེང་བཟང་དྲུག་རྒྱ་ཚ་པྲི་ཡང་ཀུ། །བསྣན་པ་ཅོང་ཞིའི་ཐལ་སྨན་འབྲིང་པོ་སྟེ། །མ་ཞུ་ལ་སོགས་སྟོབས་རྒྱས་ནད་ཚད་འཇོམས། །ཆེན་པོ་གོང་སྟེང་ཨ་རུ་ཚ་བ་ལྔ། །རྒྱ་ཚ་རྒྱམ་ཚ་ཐལ་ཚ་ཁ་རུ་ཚ། །མཛེ་ཚ་ཟེ་ཚ་ལན་ཚྭ་མགྲོན་བུ་དང་། །བྱ་རྒོད་གྲེ་བ་སྲམ་དང་ཆུ་བྱ་དང་། །ཉ་རུས་ཀུན་གྱི་ཉིས་འགྱུར་ཅོང་ཞི་སྦྱར། །གོང་བཞིན་བསྲེགས་ཐལ་གྲང་སྐྲན་ཐལ་བར་རློག ཞི་ཀ་ཀོང་རྫ་སྣོད་དཀར་པོ། ཞི་ཀའི་བུར་བླུགས་ལ་འདམ་གྱིས་སྦྱར། །སོལ་བའི་མེ་དབུས་བཅུག་ལ་ཚོས་པར་བྱས། །མུ་ཟིའི་དྲི་སོང་ཚོས་པའི་ཚད་ཡིན་ནོ། །ཐལ་བ་ཞིབ་པར་བཏགས་ལ་ཀ་ར་སྦྱར། །ལག་ལེན་མཐོང་རྒྱུད་གཞན་ནས་ལོངས། །སྦྱོར་བ་འདི་ཡི་ཕན་ཡོན་ནི། །མ་ཞུ་ལྷེན་དང་ལྕགས་དྲེག་དང་། །ཕོ་མཆིན་མེ་ཉམས་དབྱིག་དུག་དང་། །བད་ཀན་སྐྱ་སྨུག་སྐྲན་ལ་སོགས། །མཆིན་པའི་ཁྲག་སྐྲན་རྙིང་པ་དང་། །ཕོ་ནད་ཚ་གྲང་མེད་པར་འཇོམས། །ནད་ཚབ་ཚབསཤིན་ཏུ་ཆེ་བ་ལ། །དང་པོ་འཕྲུལ་ཐལ་བསྲིང་འབྲིངབ་བརྟེན་བསྟེན། །ནད་རྣམས་བརྐོ་ཞིང་བཤིགས་པར་བྱེད། །ཞིག་ནས་ནད་རོ་བཤལ་གྱིས་སྦྱངས། །འདི་ཡང་དྷརྨ་སཽ་མིའི་ལུགས། །

རྡོ་ཞུན་ཕྱེ་མ་ཞོ་གསུམ་ལ། །ཅོང་ཞི་རྒོད་བཏུལ་ཞོ་དོ་དང་། །ཚ་ཚྭབསྲེག་ཟེ་ཚ་གོ་བོའི་བྲུན། །ཚ་བ་གསུམ་དང་ཚྭ་སྣ་གསུམ། །ཐུན་རེ་སྦྱར་བས་ལྷེན་སྐྲན་བཤིགས། །

ཚྭ་སྲེག་སྦྱོར་བ་བ་ཚ་མེད་པའི་ཚྭ། །སྔོ་ཞིང་རོ་མངར་ལྡན་པ་ཁྱོར་བ་དོ། །བ་ཞོ་བྲེ་གང་རྒོད་ཤ་མཐེབ་ཙམ་སྦྱར། །བཙོས་བཀྲུས་དཀྲུགསཆུ་ཆོད་ཕྲུལ་པོར་སོང་བ་དེ། །རྫར་བླུག་དུ་བ་མི་འཆོར་ཁ་བཅད་ལ། །བོང་མེས་ཚོས་པར་བསྲེགས་པའི་ཐལ་བ་དེ། །སྟར་བུ་པི་པི་ལིང་དང་བུ་རམ་སྦྱར། །མ་ཞུ་ལྷེན་དང་ལྕགས་དྲེག་ཁྲག་སྐྲན་བཤིག།

བད་ཀན་ཚྭ་ལའི་འཕྲུལ་བཤལ་ནི། །ཚྭ་ལ་ཐུན་བདུན་དན་རོག་ལེགས་པ་བདུན། །བུལ་ཏོག་ཐུན་གསུམ་དུར་བྱིད་མཐེབ་ཙམ་གཅིག རྒྱམ་ཚ་སྦྲུལ་ཤ་པི་ལིང་དུང་ཐལ་རྣམས། །ཐུན་རེ་སྟར་བུའི་ཆུ་ཡིས་འདམ་འཐག་བྱ། །རིལ་བུ་སྲན་མ་སྦོས་པ་ཙམ་དུ་དྲིལ། །བདུན་དགུ་ལ་སོགས་ལུས་ཟུངས་ནད་སྟོབས་སྦྱར། །སྔོན་འགྲོ་རྗེས་གཅོད་ལྟོ་སྦྱོང་སྤྱི་དང་མཐུན། །ཕན་ཡོན་མ་ཞུ་ལྷེན་དང་ལྕགས་དྲེག་དང་། །མཆིན་ཁྲག་ཕོ་བར་ལྷུང་དང་ཕོ་ལྷུང་ལོངསྦོས། །འོར་དང་གྲང་སྐྲན་རིགས་རྣམས་གང་ལ་ཡང་། །ཚྭ་ལའི་འཕྲུལ་བཤལ་གདམས་པ་འདི་ཉིད་མཆོག ཅེས་སོ། །

X