//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

བད་ཀན་སྨུག་པོའི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 11:11:50 ཀློག་གྲངས། 25 

པ་ཏྲ་དང་། །མ་ནུ་པུཥྲྀར་ཁམས་རུསཧོང་ལེན་ཏིག་ཏ་དང་། །ཀྱི་ལྕེ་བོང་དཀར་འུ་སུ་པཪྤ་ཏ། །རྒྱལ་བའི་སྤྱན་ཅན་ལུག་མིག་དང་འཁྲི་ཤིང་འོམ་བུ་པ་ཏོ་ལདངོས་སམ་གསེར་མེ་གང་རུང་། །ལྡུམ་བུ་རེ་རལ་རྒྱལ་པོ་ཕག་ཁྲག་གངྒཱ་ཆུང་། །ཨུཏྦལ་ཚེར་མ་དར་འཇོམས་བ་ལེ་ཀ་དང་པྲི་ཡང་ཀུ། །བྲག་ཞུན་སུག་སྨེལ་སེ་འབྲུ་བསེ་ཡབ་རྣམས། །སྦྱར་བས་ཐང་ཆེན་ཉི་ཤུ་རྩ་ལྔ་པས། །དུག་དང་སྨུག་པོ་ཚད་རྙིང་བྱེར་བ་བསྡུ། །འདུ་བ་ཆ་སྙོམས་ཚ་གྲང་དང་ག་འབྱེད། །རླུང་མི་སྐྱེ་ཞིང་བད་མཁྲིས་གཉིས་ཀ་སེལ། །དེས་ན་སྦྱོར་བ་ཀུན་གྱི་རྒྱལ་པོར་བཤད། །ཅེས་སོ། །

  སྐྱུ་རུ་ཉེར་ལྔ་འཁྲུལ་འཁོར་ཅན་ནི། །སྐྱུ་རུ་བ་ཤ་བ་ལེ་པྲི་ཡང་ཀུ། །འུ་སུ་ཧོང་ལེན་བྲག་ཞུན་ཨུཏྦལ་སྔོ། །སྤང་རྩི་གུར་གུམ་གི་ཝང་ཙནྡ་ཙནྡནགཉིས། །གཙོད་བཙོདཚོས་སྤུ་ཤེལ་འབྲི་མོག་ལི་ག་དུར། །ཏིག་ཏ་ཨ་བར་གསེར་མེ་རུ་རྟ་དང་། །མ་ནུ་ཀཎྡྲི་སླེ་ཏྲེས་སྟར་བུ་སྟེ། །ཀ་ར་སྦྱར་བའི་སྐྱུ་རུ་ཉེར་ལྔ་འདིས། །ཁྲག་ཤེད་མ་ལུས་གཅོག་པའི་སྤྱི་སྨན་ཡིན། །གཏར་དགོས་གཏར་མི་རུང་ལ་སྨན་འདི་བརྟེནབསྟེན། །གཏར་མི་དགོས་པ་དྲང་སྲོང་ཕྱག་ལེན་ཡིན། །ཕན་ཡོན་བརྗོད་འདས་བྱེ་བྲག་ཁ་བསྒྱུར་མཚུངས། །སྤྱི་ཡི་ཕན་ཡོན་མདོ་ཙམ་བརྗོད་པ་ནི། །སྟོད་གཟེར་ཁྲག་འཁྲུགས་ཚ་བ་སྟོད་རྒྱས་དང་། །སྨུག་པོ་ཁྲག་རྒྱས་མཆིན་ཁྲི་རོ་སྟོད་རྒྱས། །བྲང་ཚ་ཆུ་སྐྱུར་མཁྲིས་པ་རྒྱ་བཤལ་དང་། །ཁྲག་རུལ་དུད་ཁུ་སྐྱུགས་དང་ཕོ་མཆིན་ན། །རོ་རྒྱབ་རྩིབ་གཟེར་ཁྲག་མཁྲིས་ཕོ་བར་ལྷུང་། །སྨུག་པོ་རྒྱས་གབ་འཁྲུགས་དང་གནས་ཞེན་དང་། །བྱེར་འཐབ་རྙིང་སོགས་འདུས་ནད་སྨུག་པོའི་རིགས། །འཇོམས་པའི་མཆོག་ཡིན་ཁྱད་པར་ཁ་བསྒྱུར་ནི། །གྱེན་བརྡོལ་ཁྲག་སྐྱུགས་སྣ་ཁྲག་ལུད་རིགས་ལ། །མཁན་སྐྱ་དོམ་མཁྲིས་སྲན་མ་ས་རྫི་ཀ སྐྱེར་པ་རྡོ་དྲེག་མཚལ་དཀར་མཚེ་ཡི་ཐལ། །སྦྲུ་བའི་མའིའབྲུ་སྡེབ་བ་ཤ་གུར་གུམ་དང་། །རྒྱ་སྐྱེགས་སྤུ་ཤེལ་ཙན་དམར་བསྐྱེད་པས་འཆད། །ཐུར་རྡོལ་ཁྲག་འཁྲུ་དེ་སྟེང་རེ་ཀོན་སྐོནདང་། །ད་ཏྲིག་བྱ་རྐང་མོན་ཆ་རམ་པ་བསྡེབས། །རླུང་ཤས་ཆེ་ན་ཛཱ་ཏི་ཨ་གར་དང་། །ཤ་ཆེན་བུ་རོགས་གུ་གུལ་རུས་བཅུད་གསུམ་གྱིས་འཕུལ། །གློ་འཁྲུགས་ཆེ་ལ་ཅུ་གང་ཤིང་མངར་དང་། །ཨ་ཀྲོང་སྲོ་ལོ་རྒུན་འབྲུམ་བསྡེབས་པ་དང་། །སྟར་བུ་ག་དུར་རུ་རྟ་འབྲི་མོག་བསྐྱེད། །མཁྲིས་ཤས་ཆེ་ལ་དུག་ཉུང་གཡའ་ཀྱི་བསྡེབས། །ཏིག་ཏ་ཨ་རུ་གསེར་མདོག་བསྐྱེད་པ་གཅེས། །སྨུག་ཚད་ཆེ་ལ་བསེ་ཡབ་རེ་སྐོན་དང་། །ཙནྡ་ཙནྡནདཀར་བསྡེབས་གི་གུར་སྤང་རྩི་བསྐྱེད། །བད་གྲང་ཆེ་ལ་སེ་འབྲུ་བཞི་པ་དང་། །རྒྱམ་ཚ་སྒ་བསྡེབས་སྐྱུ་རུ་འུ་སུ་བསྐྱེད། །ཕོ་བར་འགྱིངས་ཤིང་དྭངས་མར་སྐྱུགས་པ་ལ། །སེ་འབྲུ་བཞི་པ་དང་ནི་ལ་ལ་ཕུད། །ནཱ་ག་པུཥྞཱི་གེ་སར་སྒ་ཤིང་མངར། །བུར་དཀར་བསྡེབ་ཅིང་གི་ཝང་གསེར་མེ་དང་། །བ་ལེ་པྲི་ཡང་འུ་སུ་བསྐྱེད་པར་བྱ། །ཚ་གྲང་འཐབ་ལ་སེ་འབྲུ་སུག་སྨེལ་དང་། །པི་ལིང་བྱི་ཏང་ཀ་དང་རེ་སྐོན་པ། །གོ་བྲུན་བསྡེབ་ཅིང་སྐྱུ་རུ་པྲི་ཡང་ཀུ། །འུ་སུ་བ་ཤ་རུ་རྟ་སྤུ་ཤེལ་བསྐྱེད། །སྨུག་སྐྲན་འགྱིངས་ན་རེ་ལྕགས་ལྕགཚྭ་ལ་དང་། །སྦྲུལ་ཤ་རྒྱ་ཚ་བྱང་བ་དུང་མགྲོན་ཐལ། །བསྡེབ་ཅིང་སྟར་བུ་རུ་རྟ་སྦྱར་བས་བསྐྱེདབཤིག སྟོད་གཟེར་ཆེ་ལ་ལི་ཤི་གེ་སར་གསུམ། །གུ་གུལ་ཨ་བྱག་གླ་རྩི་ཚེར་སྔོན་བསྡེབ། །ཨུཏྦལ་རུ་རྟ་མ་ནུ་འབྲས་གསུམ་བསྐྱེད། །སྲོག་སྙིང་གཟེར་ཞིང་འཕྱོས་ན་ཛཱ་ཏི་དང་། །ཨར་ནག་གུ་གུལ་གླ་རྩི་ལི་ཤི་སྒ། །སྤོས་དཀར་གེ་སར་རི་བོང་ཙིཏྟ་དང་། །ཤིང་ཀུན་ཞོ་ཤ་བསྡེབ་ཅིང་འབྲས་གསུམ་བསྐྱེད། །དེ་ལྟར་སྨན་ནོ་ཅོག་གི་ཡང་སྙིང་བཅུད། །སྐྱུ་རུ་ཉེར་ལྔའི་འཁྲུལ་འཁོར་ཚེ་ཡི་གསོས། །འཆི་མེད་བདུད་རྩི་མཁའ་འགྲོའི་ལུང་བསྟན་སྨན། །དྲང་སྲོང་སྙིང་ནོར་རིག་པ་རྩལ་གྱི་གཏེར། །ནད་དོ་ཅོག་གི་འདུས་ཆེན་སྨུག་པའི་པོའིགཤེད། །ཉེས་གསུམ་ལས་གྱུར་ཚ་གྲང་གང་ཡང་རུང་། །དོན་སྣོད་ཕྱི་ནང་དབང་པོའི་ནད་ཀྱི་རིགས། །རྒྱས་བཤད་སྟོང་ལྷག་བཅོས་དགོས་བརྒྱ་རྩ་སོགས། །ནད་གདོན་ཆེ་ཕྲ་སྤྱི་དང་བྱེ་བྲག་ཀུན། །སྐྱུ་རུའི་འཁྲུལ་འཁོར་རིག་པས་བསྐོར་ཤེས་ན། །མི་སེལ་འཆི་བའི་དུས་ལ་བབས་ལས་མེད། །ཅེས་པ་མཁའ་འགྲོའི་ལུང་བསྟན་རྒྱུད་འཛིན་བུ། །ཨ་ཙར་ཀ་རུ་ཌྷྜྷཱ་ཡི་ཕྱག་ལེན་ཡིན། །

  སྒ་ལོ་པ་ཡི་སྨན་དམར་ནི། །འབྲི་མོག་སུམ་གཉིས་ཅོང་ཞི་ཆ། །ཁྲག་གི་ནད་ལ་བ་ཤ་ཀ གཟེར་ལ་མ་ནུ་རུ་རྟ་བསྡེབས། །བད་ཁྲག་ནད་ལ་མཆོག་ཏུ་བསྔགས། །སྐྱུ་རུའི་ཁ་ཚར་བསྡེབས་པའང་ཟབ། །ཅེས་སོ། །

  མན་ངག་བསིལ་སྦྱོར་ཞེས་པ་ནི། །ཙནྡ་ཙནྡནདཀར་༠m༡m༠དམར་༠m༡m༠ཨ་གར་ནག༠m༡m༠། །བཟང་པོ་དྲུག་དང་སོ་སོར་༠m༠m༥གི་ཝང་༠m༢m༠དང་། །ཨུཏྦལ་༠m༡m༠རུ་རྟ་༠m༡m༠གསེར་མེ་ཏོག༠m༢m༠། །ཨ་རུ་༠m༡m༠བ་རུ་༠m༡m༠བ་ཤ་༠m༡m༠པི་པི་ལིང་༠m༣m༠། །ཏིག་ཏ་༠m༠m༡དུག་ཉུང་༠m༡m༠བོང་ང་དཀར་པོ་༠m༡m༠དང་། །སེ་འབྲུ་༠m༡m༠སྐྱུ་རུ་༠m༡m༠གླ་རྩི་དྲི་ཐོན་ཙམ། །གཅོང་ནད་ཀུན་ཞི་ཅོང་ཞི་མཛོ་འོས་འདམ་འཐག་སྨན་གྱི་རྒྱལ། །ཅོང་ཞི་ཀུན་དང་བོངས་མཉམ་རྩི་བཞིན་བཏགས་ཏེ་གསེར་འོད་གུར་གུམ་གི་ཝང་གཉིས་ཀྱིས་སེར་པོར་འོང་བའབར་བར་འགྱུར། །ཆང་ངམ་གཙོང་པོ་སིངས་པོདག་གིས་འཕུལ་ཕུལལ་གཏོང་། །མན་ངག་བསིལ་སྦྱོར་ཞེས་བྱའི་སྨན་མཆོག་འདིས། །དུག་སྨུག་མཁྲིས་པ་མཆིན་པར་ཞེན་པ་དང་། །གབ་ཚད་ཚད་རྙིང་རྩི་ལྟར་ཞེན་པ་དང་། །འཁྲུགས་དང་ཁྲག་རླུང་སྟོད་དུ་འཚང་བ་དང་། །མདོར་ན་མཆིན་མཁྲིས་བར་གྱི་བད་ཁྲག་སོགས། །འདི་ནི་སྟོད་ནད་ཀུན་ལ་ཐེངས་ཆོག་ཡིན། །གནད་ཀྱི་གདམས་པ་བླ་མའི་ཞལ་ལས་ཞུ། །ཞེས་ཅོང་ཞི་མཛོ་འོར་འདམ་འཐག་ཆ་གཉིས་སེ་འབྲུ་ཨ་རུ་སྐྱུ་རུ་གསུམ་སྨན་གཞན་ལས་མང་ཙམ་བྱ་གསུངས།

  བདུད་རྩི་སུམ་སྦྱོར་ནི། །རྡོ་ཡི་ཚིལ་བུ་ཅོང་ཞི་ཆ་གསུམ་ལ། །འཇིབ་རྩི་ཆ་གཉིས་མ་ནུ་གཅིག བདུད་རྩི་སུམ་སྦྱོར་ཞེས་བྱ་སྟེ། །ཞིབ་བཏགས་གར་ཆང་རྟ་ལ་བསྐྱོན། །སྟོད་དུ་བད་ཁྲག་རྒྱས་པ་དང་། །སྨད་དུ་མཆིན་ཁྲག་ལྷུང་བ་དང་། །བྲང་ཚ་ཆུ་སྐྱུར་སྐྱུགས་པ་དང་། །མགོ་དང་ཡན་ལག་ལ་སོགས་ཀྱི། །རུས་ཆག་ལུགས་སུ་འཛུད་པ་དང་། །བད་མཁྲིས་ཟག་ཟགསཁུ་གཅོད་པའི་མཆོག ཅེས་སོ། །

  སྨུག་པོའི་གཡུལ་ལས་རྣམ་རྒྱལ་ནི། །སྟོད་ལུགས་ཅོང་ཞི་ཉེར་གཅིག་ཅེས་གྲགས་པ། །ཅོང་ཞི་༠m༤m༠སེ་འབྲུ་༡m༠m༠སུག་སྨེལ་༠m༥m༠པི་པི་ལིང་༠m༣m༠། །མ་ནུ་༠m༣m༠འུ་སུ་༠m༤m༠ཨུཏྦལ་༠m༤m༠པྲི་ཡང་ཀུ༠m༣m༠། །བསེ་ཡབ་༠m༨m༠སྟར་བུ་༡m༠m༠སྐྱུ་རུ་༠m༧m༠བ་ཤ་ཀ༠m༤m༠། ཨ་རུ་༠m༧m༠གསེར་མེ་༠m༥m༠དུག་ཉུང་༠m༣m༠བོང་ང་དཀར༠m༢m༠། །གི་ཝང་༠m༥m༠ཏིག་ཏ་༠m༥m༠རུ་རྟ་༠m༨m༠ཙནྡ་ཙནྡནདམར༠m༨m༠། །བྲག་ཞུན་༡m༠m༠ལ་སོགས་སྦྱར་ཐབས་མཐོང་བརྒྱུད་དམ། །ཞལ་ཤེས་བཞིན་དུ་མ་ནོར་བསྟེན་གྱུར་ན། །བྲང་ཚ་ཆུ་སྐྱུར་མཁྲིས་པ་རྒྱ་བཤལ་སྐྱུགས། །ཕོ་མཆིན་རོ་རྒྱབ་སྦྲགས་ཤིང་ཚིགས་པ་ན། །ཁྲག་མཁྲིས་ཕོ་བར་ལྷུང་ངམ་སྟོད་དུ་གཟེར། །སྨུག་པོ་རྒྱས་དང་གབ་ཅིང་འཁྲུགས་པ་དང་། །རང་གཞན་གནས་སུ་ཞེན་ཅིང་རྙིང་པ་སོགས། །འདུས་ནད་སྨུག་པོའི་རིགས་ཀྱི་སྨན་གཅིག་ཡིན། །

  ཅོང་ཞི་སེ་འབྲུ་སུག་སྨེལ་པི་པི་ལིང་། །མ་ནུ་གུར་གུམ་ཀ་ར་ཅོང་ཞི་དྲུག བད་ཀན་བྲང་ཚ་ཆུ་སྐྱུར་སྐྱུགས་པ་འཇོམས། །

  གོང་གསལ་བདུད་རྩི་སུམ་སྦྱོར་ཚད་ལྡན་སྟེང་། །ཨ་སྐྱུར་བསྡེབས་པས་བདུད་རྩི་ལྔ་སྦྱོར་འདིས། །རོ་རྒྱབ་ཕོ་མཆིན་རྩིབས་རྩིབཁྲོད་གཟེར་བ་དང་། །དང་ག་འགགས་དང་ཁ་མངར་སྒྱིད་པ་སྐྱུར། །ཆུ་སྐྱུར་ཆུ་ཚན་སྐྱུགས་སོགས་འཕྲལ་དུ་འཇོམས། །ཞེས་གསུངས།

  ཅོང་ཞི་ཉེར་ལྔའི་སྦྱོར་བ་ནི། །ཅོང་ཞི་བཟང་པོ་དྲུག་དང་ཙནྡ་ཙནྡནགཉིས། །གི་ཝཾ་རུ་རྟ་གླ་རྩི་པི་པི་ལིང་། །ཨ་རུ་སྐྱུ་རུ་ལྕགས་ཕྱེ་གསེར་མེ་ཏོག ཏིག་ཏ་ཨུཏྦལ་སྔོན་པོ་དུག་མོ་ཉུང་། །མ་ནུ་འུ་སུ་བསེ་ཡབ་སྟར་བུ་དང་། །བ་ཤ་བོང་དཀར་ཨ་ག་རུ་དང་སྦྱར། །རིལ་བུ་ལེགས་དྲིལ་ཆུ་བསྐོལ་འཕུལ་ལ་བཏང་། །སྨན་མཆོག་འདི་ཡི་ཕན་ཡོན་བསྟན་པ་ནི། །བད་ཀན་སྐྱ་སྨུག་སེར་གསུམ་མ་ཞུ་བ། །ཚ་བ་བྱེར་བ་རྣམས་ལ་མཆོག་ཏུ་ཕན། །ཟབ་དང་རྣོ་བ་ཕྱག་ལེན་མཛོད་དང་གསལ། །ཞེས་སོ། །

  ཅོང་ཞི་དགུ་པའི་སྦྱོར་བ་ནི། །རྒྱལ་དབང་པདྨ་མཆོག་གི་བཀའ། །ལྷ་བཙུན་བྱང་འོད་གཏེར་བྱོན་པ། །འགྲོ་མགོན་ཕག་གྲུའི་གྲུབགཏན་ཕབ་ནི། །གཞི་མ་ཅོང་ཞི་བཟང་པོ་ལ། །དུག་གི་ཁ་འཛིན་ཨ་རུ་ར། །མཆིན་པའི་ཁ་འཛིན་གུར་གུམ་དང་། །ཤིང་ཚ་མཁལ་མའི་ཁ་འཛིན་ནི། །སུག་སྨེལ་ཕོ་བར་སེ་འབྲུ་བཏང་། །གྲང་བའི་ཁ་འཛིན་པི་ཕོ་གཉིས། །མ་ཞུ་རྒྱམ་ཚ་ཁྲག་རླུང་ལ། །སྒ་སྐྱ་རུ་རྟ་ཚད་བཞིན་སྦྱར། །ཚ་གྲང་རྟ་ཡིས་བསྒྱུར་ཏེ་འཕུལ། །ཕན་ཡོན་ལྷེན་སྐྲན་མ་ཞུ་དང་། །བད་ཀན་སྐྱ་སྨུག་སྦོས་འགྲིལ་སྐྱུགས། །མདོར་ན་ཚ་རིམས་གསར་མ་གཏོགས། །མ་ལུས་བ་མོ་ཉི་ཤར་བཞིན། །སྟོབས་འཕེལ་མདངས་རྒྱས་བཅུད་ལེན་འགྱུར། །མྱོས་བྱེད་ཆང་གི་གཉེན་པོ་བསྔགས། །ཞེས་སོ། །

  མན་རྒྱུད་རྩ་རྩྭརྩི་རྡོ་གསུམ་སྦྱོར་བ་ནི། །རྩི་སྦྱོར་ཨ་རུ་བྲག་ཞུན་འདུ་བ་སྙོམས། །ཅུ་གང་གུར་གུམ་གློ་མཆིན་ཁ་གནོན་ཡིན། །སེ་འབྲུ་བསེ་ཡབ་སྟར་བུ་འུ་སུ་དང་། །མ་ནུ་ཨུཏྦལ་པི་པི་ལིང་དང་བདུན། །བད་ཀན་ཚ་བ་འཇོམས་པའི་གཉེན་པོ་ཡིན། །ཏིག་ཏ་བ་ཤ་ཀ་ཡིས་ཁྲག་མཁྲིས་གསོད། །ཚ་སྟོབས་ཆེ་ན་གི་ཝང་ཙནྡ་ཙནྡནབསྣན། །གྲང་བ་ཆེ་ན་ད་ལི་ལིསསྒ་སྒེགཤེར་བསྣན། །སྟོད་སྨད་བར་གསུམ་བུར་དཀར་སྦྲང་རྩིས་བསྒྱུར། །སྨུག་པོ་མ་ལུས་འཇོམས་པའི་སྤྱི་སྨན་ཡིན། །ཁྱད་པར་སྨུག་པོ་ཚ་བ་རྒྱས་ལ་བསྔགས། །རྡོ་སྦྱོར་གངས་ཐིག་ཐིགསཨ་རུ་བྲག་ཞུན་རྒྱལ། །བཙུན་མོ་བ་ཤ་ཀ་དང་རེ་སྐོན་པ། །ཅོང་ཞི་སྲས་ལ་བློན་པོ་གཉན་གཉེནཔོ་མ་ནུ་འུ་སུ་སྟར་བུ་གསུམ། །སྨུག་པོ་མ་ལུས་སེལ་བའི་སྤྱི་སྨན་ཡིན། །ཛཱ་ཏི་ཨ་ག་རུ་དང་ཙནྡ་ཙནྡནབསྣན། །སྨུག་པོ་སྙིང་དང་སྲོག་རྩར་བྱེར་བ་འཇོམས། །གི་ཝང་ཙནྡ་ཙནྡནདཀར་པོ་བསིལ་གསུམ་བསྣན། །སྨུག་པོ་གསར་དུ་ཚ་བ་རྒྱས་པ་སེལ། །ཅུ་གང་རྒུན་འབྲུམ་ཤིང་མངར་དོམ་མཁྲིས་བསྣན། །སྨུག་པོ་གློ་ལ་བྱེར་བ་འཇོམས་པར་བྱེད། །བོང་ང་དོམ་མཁྲིས་གསེར་གྱི་མེ་ཏོག་བསྣན། །སྨུག་པོ་ཚ་བ་སྣོད་དུ་གབ་པ་འཇོམས། །ལྡུམ་བུ་རེ་རལ་ཕག་ཁྲག་སྐྱེར་པའི་བར་ཤུན་བསྣན། །རྩ་ཚིག་ཚིགསབྱེར་བ་དུག་དང་འདྲ་བ་འཇོམས། །རྒྱ་སྐྱེགས་སྤུ་ཤེལ་འབྲས་ཡོས་གྱེན་བརྡོལ་གཅོད། །ད་ཏྲིག་བྱ་རྐང་དུག་ཉུང་ཐུར་རལ་བསྡམས། །སྟར་བུ་རྒྱམ་ཚ་སྦྲུལ་ཤས་འགྲིལ་བ་བཤིགས། །ད་ལི་ལིསསེ་འབྲུ་དྲོད་སྨན་གབ་པ་སེལ། །སྨན་རྟ་ཀ་ར་བུ་རམ་སྦྲང་རྩིས་བསྒྱུར། །འདུས་ནད་གསོ་དཀའ་སྨུག་པོ་འཇོམས་པའི་མཆོག སྔོ་སྦྱོར་པྲི་ཡང་ཀུ་དང་ཁུར་མང་དང་། །སེ་རྒོད་བར་ཤུན་སྟར་བུ་ཡུང་བ་ལྔ། །གོང་མ་ཆ་བསྐྱེད་གཙོ་ཡིན་དེ་ཡི་འཁོར། །ད་ལི་ལིསསུག་སྨེལ་ཤིང་ཚ་ར་མཉེ་བ། །སླེ་ཏྲེས་ཞིབ་བརྟགས་བཏགསཀ་ར་རྟ་བྱས་ལ། །ཚ་གྲང་ཆུ་བསིལ་བསྐོལ་བས་འཕུལ་ལ་བཏང་། །སྨུག་པོ་ཀུན་འཇོམས་ཁྱད་པར་འཐབ་པ་སེལ། །ཙནྡ་ཙནྡནཅུ་གང་གུར་གུམ་མ་ནུ་དང་། །འུ་སུ་ཀ་ར་སྦྱར་བ་ལྟག་པ་སྤྲད། །སྨུག་པོ་ཁྲག་ཚད་རྒྱས་པ་སེལ་བར་བྱེད། །

  གླང་ཆེན་བཅོ་བརྒྱད་སྦྱོར་བ་ནི། །རྒྱུད་ཀྱི་གི་ཝཾ་༠m༣m༠དགུ་གུར་གུམ་༠m༥m༠ ཨུཏྦལ་༠m༡m༠ བ་ལེ་ཀ་༠m༥m༠ རུ་རྟ་༠m༡m༠བ་ཤ་༠m༡m༠ གསེར་མེ་༠m༠m༡ བྲག་ཞུན་༠m༣m༠ ཏིག་ཏ༠m༥m༠སྟེང་དུ། །མ་ནུ་༠m༡m༠འུ་སུ་༠m༡m༠སྐྱུ་རུ་ར༡m༧m༠། །ཅུ་གང་༠m༢m༧ལི་ཤི་ཨ་གར་ནག ཙནྡ་ཙནྡནདམར༡m༨m༠རེ་སྐོན་༠m༡m༠སྦྱར་བ་ཡིས། །སྨུག་པོ་ཀུན་སེལ་འབམ་ནད་འཇོམས། །ཞེས་གསུངས། །

  གི་ཝང་༠m༣m༠ཙནྡ་ཙནྡནདཀར་༠m༡m༣དམར་༠m༡m༨གཉིས། །ཨར་ནག་སུམ་ཏིག་༠m༥m༠ཤ་ཆེན་༠m༠m༥བ་ལེ་བ་ཤ་ཀ་རེ་སྐོན་པ་༠m༡m༠པ། །སྐྱུ་རུ་༠m༡m༧ཨུཏྦལ་༠m༡m༠གསེར་གྱི་མེ་ཏོག་༠m༠m༡དང་། །མ་ནུ་༠m༡m༠འུ་སུ་༠m༡m༠པྲི་ཡང་༠m༡m༠བྲག་ཞུན་པ༠m༣m༠། །རུ་རྟ་༠m༡m༠ཅུ་གང་༠m༣m༤གུར་གུམ་༠m༥m༠སྦྱར་བ་ཡིས། །གླང་ཆེན་མེ་ཏོག་བཅོ་བརྒྱད་ཅེས་གྲགས་པ། །མཆིན་ཁྲག་སྨུག་པོ་རྒྱས་པ་སེལ་བའི་མཆོག

  རུ་རྟ་སྐྱུ་རུ་སེ་འབྲུ་བ་ཤ་ཀ སུག་སྨེལ་པི་པི་ལིང་དྲུག་སྟེང་ཉིད་དུ། །པྲི་ཡང་འུ་སུ་ཨུཏྦལ་རེ་སྐོན་པ། །སྒ་དང་གོ་ཐལ་བྱི་ཐང་བཅུ་གསུམ་པོ། །འདི་ལ་བར་སྨན་རྒྱལ་བོའི་སྦྱོར་བ་སྟེ། །གཡུ་དྲིལ་བཅུ་གསུམ་སྨུག་པོ་སྤྱི་སྨན་ཡིན། །ཁྱད་པར་ཚ་གྲང་འཐབ་པའི་གཉེན་པོའོ། །

  སེ་འབྲུ་ལྔ་སྟེང་བྲེ་ག་པྲི་ཡང་ཀུ། །འུ་སུ་བྲག་ཞུན་ཧོང་ལེན་བ་ཤ་ཀ ཏིག་ཏ་སྤང་རྩི་གུར་གུམ་སྐྱུ་རུ་ར། །སྡིག་སྲིན་འབུ་སུག་ཀ་རའི་རྟ་ལ་བསྐྱོན། །སེ་འབྲུའི་སྦྱོར་བ་བདེ་བྱེད་ཀུན་ཕན་ཞེས། །གཞན་ལ་མེད་པའི་ཁྱད་ཆོས་དམ་པ་འདིས། །མེ་དྲོད་སྟོབས་འཕེལ་ཟས་ལེན་ཤེད་ཆེ་ཞིང་། །མ་ཞུའི་ནད་དང་ཤ་ལྤགས་སྦོས་པ་དང་། །བྱེར་ཆུ་ཟག་ཟགསཆུ་ལ་སོགས་ཆུ་འགགས་དང་། །ཆུ་སྐྲན་ལ་སོགས་སྐྲན་གྱི་ནད་རྣམས་ཀུན། །སེལ་ཞིང་མཁལ་རླུང་མཁལ་གཅོང་ནད་ལ་བསྔགས། །ཞེས་སོ། །

  ཕོ་ནད་ཚ་གྲང་མ་ལུས་པ། །སྤྱི་འཇོམས་བདེ་བའི་མྱུ་གུ་ནི། །ཨ་རུ་གསེར་མདོག་བྲག་ཞུན་མཉམ། །དེ་གཉིས་དང་ནི་སྟར་ཞུན་མཉམ། །པི་ལིང་གུར་གུམ་ཨུཏྦལ་ལ། །སླེ་ཏྲེས་སྐྱུ་རུ་བ་ཤ་ཀ རུ་རྟ་རྒྱ་ཚ་མ་ནུ་དང་། །ཅོང་ཞི་ལྕགས་ཕྱེ་པུཥྞཱི་ལཾ་ད་ལིལིསདང་། །སྦྲུལ་ལྕགས་སྦྲུལ་གྱི་ཤ་རྣམས་ཐུན་བཟང་རེ། །རིལ་བུ་སྲན་ཙམ་ཆུ་བསྐོལ་འཕུལ། །ཁྲག་མཁྲིས་ཕོ་བར་ལྷུང་བ་དང་། །སྨུག་པོའི་ཁྲག་སྐྲན་འགྲིལ་བ་དང་། །མེ་ཉམས་མ་ཞུ་གསར་རྙིང་སོགས། །ཕོ་ནད་ཚ་གྲང་མཐའ་དག་སེལ། །ཞེས་སོ། །

ཀ་རུ་ཁ་སྦྱོར་ཞེས་པ་ནི། །དཀར་པོ་དྲུག་སྦྱོར་དང་རུ་རྟ་དྲུག་པ་ལྟག་པ་སྤྲད་པའོ། །འགའ་ཞིག་གིས་ཞི་རུ་ཁ་སྦྱོར་ཡང་བྱེད་པར་སྣང་།

  གླང་ཆེན་བཅུ་གསུམ་སྦྱོར་བ་ནི། །གི་ཝཾ་དགུ་སྟེང་འུ་སུ་པྲི་ཡང་ཀུ། སྐྱུ་རུ་མ་ནུ་གླང་ཆེན་བཅུ་གསུམ་སྟེ། །གྱེན་ཐུར་གཉིས་སུ་སྨུག་པོའི་མཚོ་བརྡོལ་ནས། །ཟླ་རེ་ཟླ་གཉིས་ཁྲག་ལམ་མ་ཆོད་ཅིང་། །སྨན་དཔྱད་གཞན་གྱིས་གསོ་བར་མ་ནུས་ན། །ཆུ་གྲང་གིས་འཕུལ་སྨན་ཐུན་ལྔ་ཡིས་ཆོག ཅེས་གླེང་།

  ཉམས་ཡིག་གླང་ཆེན་བཅུ་གཅིག་ནི། །གི་ཝང་གུར་གུམ་ཙནྡ་ཙནྡནཅུ་གང་དང་། །བ་ཤ་རེ་སྐོན་བྲག་ཞུན་ཏིག་ཏ་དང་། །མ་ནུ་འུ་སུ་ཨུཏྦལ་རྣམས། །ཀ་ར་སྦྱར་བ་ཆུ་བསྐོལ་འཕུལ། །འདི་ནི་གི་ཝང་བཅུ་གཅིག་སྦྱོར། །སྨུག་པོ་ཚ་བ་རྒྱས་ལ་བསྔགས། །

  མན་རྒྱུད་གངས་ཏིག་ཐིགསབཅུ་དྲུག་ནི། །ཡང་ན་གངས་ཏིག་ཐིགསཨ་རུ་བྲག་ཞུན་དང་། །གི་ཝང་ཙནྡ་ཙནྡནམི་རུས་བཙའ་མ་བསྲེགས་ཐལདང་། །དོམ་མཁྲིས་ཡུང་བ་ཁུར་རྩ་དྲི་ཆེན་ཕག་བྲུན་ནུས་སྲེགདང་། །བཟང་དྲུག་ཀར་སྦྱར་རིམ་པས་བསྐྱེད་དེ་བཏང་། །འཁྲོག་གྱུར་འཁྲུ་སྙམ་བྱེད་ན་ཁ་ཟས་དབྲི། །སྨན་ཐུན་བསྐྱེད་ལ་ཆུ་བསྐོལ་ཚན་མོས་འཕུལ། །ནད་འགྱིངས་ཞོ་ལྟར་ཆགས་པ་ཐུར་དུ་སྦྱངས། །འཁྲུར་མ་འདོད་ཀྱང་གང་གིས་གནས་སུ་འཇོམས། །ཞེས་གསུངས་སོ། །

  སྨུག་པོའི་གཉེན་པོ་བདུན་སྦྱོར་ནི། །སེ་འབྲུ་བསེ་ཡབ་སྟར་བུ་འུ་སུ་དང་། །མ་ནུ་ཨུཏྦལ་པི་པི་ལིང་དང་བདུན། །སྨུག་པོ་མ་ལུས་འཇོམས་པའི་སྤྱི་སྨན་ཡིན། །ཁྱད་པར་སྨུག་པོ་ཚ་བ་རྒྱས་ལ་བསྔགས། །

མན་རྒྱུད་སེ་འབྲུ་བཞི་པའི་ཁ་བསྒྱུར་ནི། །ཕྱེ་མ་ཕྱི་རྒྱུདསེ་འབྲུ་བཞི་སྟེང་ཕོ་བ་རིས། །མ་ནུ་འུ་སུ་སྒ་དང་ཀ་ར་སྦྱར། །ཡང་ན་མ་ནུ་འུ་སུ་རྒྱམ་ཚ་བསྣན། །བུ་རམ་སྦྱར་བ་ཆུ་ཚན་འཕུལ་ལ་བཏང་། །ཞེས་སོ། །

གསེར་རྩི་བཅོ་བརྒྱད་སྦྱོར་བ་ནི། །གི་ཝང་དགུ་སྟེང་ཆུ་སྲིན་སྡེར་མོ་དང་། །ལི་ཤི་ཅུ་གང་རྡོ་དྲེག་ལི་ག་དུར། །དོམ་མཁྲིས་མ་ནུ་འུ་སུ་པི་པི་ལིང་། །ཀ་ར་སྦྱར་བཏང་སྨུག་པོ་ཕོ་མཆིན་ནད། །རྒྱུ་ལོང་ཁྲག་མཁྲིས་ལྕེ་མཆུ་སོ་དྲེག་ཆགས། །མིག་ཆུ་སེར་ཞིང་སྟོད་གཟེར་རྔམས་རྔམཔ་ཐུང་། །འབམ་རིགས་གྱེན་ལོག་ཁྲག་གི་ནད་རྣམས་ཀུན། །སེལ་བྱེད་གསེར་རྩི་བཅོ་བརྒྱད་སྦྱོར་བར་གྲགས། །

ཕྱི་རྒྱུད་ཨུཏྦལ་བརྒྱད་པ་ནི། །ཨུཏྦལ་ཅུ་གང་གུར་གུམ་བ་ལེ་ཀ སྟར་བུ་ཤིང་མངར་རྒུན་འབྲུམ་སྐྱུ་རུ་ར། །ཀ་ར་སྦྱར་བས་ཨུཏྦལ་བརྒྱད་པ་སྟེ། །མཆིན་ཁྲག་ཕོ་ཁར་རྒྱས་པ་སེལ་བར་བྱེད། །ཅེས་གསུངས་སོ། །

སྨུག་པོ་སྤྱི་སྨན་ཟླ་ཤེལ་སྦྱོར་བ་ནི། །ༀ་ཨ་ཐཱ། འབྱུང་བ་ལུས་འཁྲུགས་འདུས་ནད་གསོ་བ་ནི། །ཅོང་ཞི་དང་པོ་ཁྲོབ་བརྡུང་ཆུ་གཙང་དུ་བསྐོལ་ནས་རྡོ་དུག་བཏོནམཛོ་འོར་འདམ་འཐག་གྲིབ་སྐམ་བྱ༣m༢m༠། །གི་ཝང་༠m༠m༤བཟང་དྲུག་སོ་སོར་༠m༠m༥གུར་གུམ་༠m༡m༠ཨུཏྦལ་༠m༢m༥ཙནྡ་ཙནྡནདཀར༠m༠m༤། དམར་༠m༠m༤གཉིས། །གླ་རྩི་༠m༠m༢གསེར་གྱི་མེ་ཏོག་༠m༠m༡དུག་མོ་ཉུང་༠m༡m༠། །ཏིག་ཏ་༠m༠m༤བོང་ང་བོང་དཀར་རྩ་བ་༠m༡m༤ཨ་རུ་༠m༡m༨བ་ཤ་ཀ༠m༠m༦། རུ་རྟ་༠m༢m༠སྐྱུ་རུ་༠m༡m༠སེ་འབྲུ་༠m༧m༠པི་པི་ལིང་༠m༠m༣། །བྲག་ཞུན་༠m༢m༨དོམ་མཁྲིས་༠m༡m༢ལྕགས་ཕྱེ་༠m༣m༤པྲི་ཡང་ཀུ༠m༠m༩། །གངས་ཏིག་ཐིགས༠m༡m༤ཁུར་རྩ་༠m༠m༤ཆུ་རྩ་༠m༠m༤མིའི་སོག་དུར་རུསཐལ༠m༥m༣། །དངུལ་ཆུ་༠m༤m༤མུ་ཟི་༠m༤m༡དྲི་ཆེན་༠m༤m༤ཀོ་བྱི་ལདུག་བཏོན༠m༡m༠། །ཧོང་ལེན་༠m༠m༨མ་ནུ་༠m༡m༠ལུག་རུ་དམར་པོ་སྨུག་པོ༠m༡m༠སྟེ། །ཀ་ར་བཞི་འགྱུར་རང་རང་སྨན་རྟས་འཕུལ། །དུག་དང་སྨུག་པོ་ཁྲག་ཏུ་འཁྲུ་སྐྱུགས་དང་། །གབ་ཚད་ཚད་རྙིང་འགྲམ་འགྲམསའཁྲུགས་འཐབ་པ་དང་། །མ་ཞུ་གླང་ཐབས་སྲིན་དང་ཆུ་སེར་སྐྲན། །ལྡན་འདུས་ནད་རྣམས་འཇོམས་པའི་རྡོ་རྗེ་སྟེ། །ཟླ་ཤེལ་མྱུ་གུའི་སྦྱོར་བ་ཞེས་བྱ་བ། །དྲང་སྲོང་རྒྱུན་ཤེས་དྷརྨ་སཽ་མིས་བྲིས། །དགེ་བའི་རྒྱུ་འབྲས་ནད་ལས་གྲོལ་བར་ཤོག

X