//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

བད་ཀན་སྐྱ་བོའི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 11:09:56 ཀློག་གྲངས། 21 

བད་ཀན་སྐྱ་བོའི་སྨན་སྐོར་ལས། །བདེ་བྱེད་སྙོམས་ལྡན་ཞེས་བྱའི་སྨན་མཆོག་ནི། །སེ་འབྲུ་༠m༦m༠བཟང་དྲུག་ཅུ་གུར་གཉིས་༠m༡m༨ལི་སུག་ཛཱ་ཀོ་༠m༡m༠རེ་ཨ་རུ་བཟང་པོ་གསུམ། །ཤིང་ཚ་༠m༤m༢ད་ལི་ལིས༠m༦m༠ཚ་བ་གསུམ་༠m༠m༦དང་གངས་ཀྱི་ཐིགས་༠m༦m༠ཚྭ་ལ་ཆུ་བཅད༠m༡m༠། །ལ་ཕུག་ཐལ་བ་༠m༡m༠མ་ནུ་པ་ཏྲ་རུ་རྟ་༠m༡m༠དང་། །མ་ནུ་པུཎྜྷ་དཀརདངོས་༠m༡m༠ཧོང་ལེན་༠m༡m༠ཏིག་ཏ་༠m༡m༨དང་། །ཅོང་ཞི་༢m༠m༠རྣམས་ནི་ཞིབ་པར་བཏགས་པའི་ཕྱེ། །སྨན་རྟ་གཙོ་བོ་བཞི་འགྱུར་སྦྱར་ནས་ནི། །ཐོ་རངས་དུས་སུ་སིང་པོ་གསར་འཇམ་འཕུལ། །ཤ་གསར་ཆང་འཇམ་མལ་གོས་དྲོ་བར་བྱ། །སྨན་ཡུན་བསྲིང་ཞིང་བཏང་བའི་ཕན་ཡོན་ནི། །བད་ཀན་སྐྱ་སྨུག་ལ་སོགས་བད་ཀན་རིགས། །ཀྵ་ཡ་མིག་སེར་ལ་སོགས་མཁྲིས་པའི་རིགས། །ལྷེན་དང་ལྕགས་དྲེག་མ་ཞུ་བ་རྣམས་དང་། །དུག་རོ་ལ་སོགས་ཕོ་བ་མཆིན་པའི་ནད། །སྨུག་པོ་གབ་འགྱིང་ཆུ་སེར་ལྤགས་པགསནད་རིགས། །ཟ་འཕྲུག་སྐྱིགས་བུ་ལ་སོགས་གོང་བཤད་ནད། །ཕྱི་ཡི་ནད་རྣམས་སྦྲུལ་ལྤགས་བཤུས་པ་ལྟར། །ནང་གི་ནད་རྣམས་བ་མོར་ཉི་ཤར་འདྲ། །ཀུན་ལ་ཕན་པའི་སྨན་མཆོག་དམ་པ་ཡིན། །

ཕག་མོ་གྲུབ་པའི་སྦྱོར་བ་ནི། །བདུད་རྩི་ཅོང་ཞི་ཕུལ་གང་གཞི་ཅོང་ཞི་བཟང་པོ་ནས་ཙམ་བརྡུངས་ལ་སླ་ངར་བརྔོས་རྗེས་ཆང་གར་མ་བྲེ་ཕྱེད་བླུག་ལ་ཁུ་བ་རང་ཐིམ་དྲོད་འཇམ་ཙམ་ལ་ཕོག་བྱས་ལ། །ཧ་ལིའི་ལའིཁ་འཛིན་རྣམ་པར་རྒྱལ་བ༡m༠m༠། །མཆིན་པའི་ཁ་འཛིན་གུར་གུམ་m༡m༠ཤིང་ཚ༠m༡m༠། །མཁལ་མའི་ཁ་འཛིན་མདངས་བསྐྱེད་སུག་སྨེལ༠m༡m༠། །ཕོ་བའི་ཁ་འཛིན་དྲོད་བསྐྱེད་སེ་འབྲུ༠m༢m༠། །གྲང་བའི་ཁ་འཛིན་ནལ་ཤམ་པི་ལིང་གཉིས༠m༡m༠། །རླུང་གི་ཁ་འཛིན་སྒ་སྐྱ་སྒ་སྐྱ་རུ་རྟ་གཉིས་བསྡོམས་མཐེབ་ཙམ་མཐེབ་ཙམ། །རླུང་ཁྲག་ཁ་འཛིན་ཤ་ཕོ་རུ་རྟ། །མ་ཞུ་སྤྱིའི་ཁ་འཛིན་རྒྱ་ཚ་ཤྭོཤོཙམ། །འདུ་བ་ཆ་སྙོམས་བྲག་ཞུན་ཉིད་བཅས། །བུར་དཀར་རྟ་ལ་བསྐྱོན་པའི་ཕྱེ་མས། །མ་ཞུ་བ་དང་བད་ཀན་སྐྱ་སྨུག ལྷེན་དང་ལྕགས་དྲེག་མཆིན་པའི་ནད་གཞི། །སྐྲན་དང་དུག་རོ་རྩ་ལ་ཞེན་དང་། །ཁོང་སྒྲེག་བད་ཀན་ཕོ་བ་འཁྲེན་པ། །ཡར་ལ་སྐྱུགས་དང་མར་ལ་འབྱམས་པ། །ཁྱད་པར་བད་ཀན་སྨུག་པོའི་ནད་ལ། །རྡོ་ཚན་ཁ་བ་བབ་ལྟར་འཇོམས་ཤིང་། །སྟོབས་འཕེལ་ལུས་ཀྱི་གཟི་མདངས་རྒྱས་བྱེད། །གོང་སྨོས་ཀུན་ལ་བ་མོར་ཉི་བཞིན། །སེལ་བྱེད་མན་ངག་ཀུན་གྱི་ཡང་སྙིང་། །དབང་གསལ་རྒས་སྲ་བཅུད་ལེན་མཆོག་ཡིན། །བདུད་རྩི་ཆང་གི་གཉེན་པོ་བྱེད་ན། །བག་མེད་འཐུང་ཡང་འདི་ཉིད་ཐུན་རེས། །མོད་ལ་འཐུང་ཞིང་མྱོས་པར་མི་འགྱུར། །སྨན་ནུས་འཛིན་ཕྱིར་གསང་བའི་སྨན་མཆོག ཀཪྴ་པ་ནི་སྦྲུམ་མ་འཇུག་ཅིང་། །སོ་སྐྱེས་བརྗོད་དཀའ་གདམས་པའི་ནུས་མཐུ། །ལྕེ་བརྒྱས་བསྐལ་པ་སྟོང་ཕྲག་དུ་མར། །སྨྲས་ཀྱང་ཟད་པར་ནུས་པ་མ་ཡིན། །ཐམས་ཅད་མཁྱེན་ཉིད་བརྗོད་པའི་གནས་ཡིན། །དེ་སྟེང་ཁ་ཆེ་ཨུཏྦལ་སྐྱུ་རུ། །པྲི་ཡངྐུ་དང་བ་ཤ་ཀ་བསྣན། །བད་སྨུག་ནད་ལ་བདུད་རྩིར་མཚུངས་སོ། །ཞེས་གསུངས་སོ། །

ཅོང་ཞི་སེ་འབྲུ་བཞི་ཤིང་ཚ་སུག་སྨེལ་པི་པི་ལིང་དང་ཨ་རུ་ར། །ཛཱ་ཏི་མ་ནུ་འུ་སུ་སྐྱུ་རུ་ར། །རྒྱམ་ཚ་སྒ་དང་བུར་དཀར་སྦྱར་བ་ཡི། །ཅོང་ཞིའི་ཅུར་ནིས་སྨུག་པོ་འཐབ་པ་དང་། །མ་ཞུ་བད་ཀན་དང་ག་མི་བདེ་སེལ། །ཞེས་སོ། །

ཅོང་ཞི་འོ་མར་འདམ་འཐག་གྲིབ་སྐམ་བྱ། །གི་ཝཾ་བཟང་དྲུག་ཨུཏྦལ་ཙནྡ་ཙནྡནགཉིས། །གླ་རྩི་གསེར་གྱི་མེ་ཏོག་དུག་མོ་ཉུང་། །ཏིག་ཏ་བོང་དཀར་ཨ་རུ་བ་ཤ་ཀ རུ་རྟ་པི་པི་ལིང་དང་ཀ་ར་སྦྱར། །ཅོང་ཞི་བསིལ་སྦྱོར་དུག་དང་སྨུག་པོ་དང་། །གབ་ཚད་ཚད་རྙིང་མ་ལུས་སེལ་བར་བྱེད། །

སེ་འབྲུ་༡m༠m༠༠m༨m༠ཤིང་ཚ་༠m༡m༠སུག་སྨེལ་༠m༨m༠པི་པི་ལིང་༠m༡m༠། །བུར་དཀར་སྦྱར་བས་སེ་འབྲུ་བཞི་པ་སྟེ། །ཕོ་བའི་གཞི་འཛིན་མེ་དྲོད་གསོ་བར་བྱེད། །ནད་གཞི་ཅི་ལས་གྱུར་ཀྱང་དང་ག་འབྱེད། །དེ་སྟེང་དོང་གྲ་བསྣན་པས་ཚད་ལྡན་སྦྱོར། །སེ་འབྲུ་ལྔ་པས་བད་ཀན་ཟས་མི་འཇུ། །ཕོ་བའི་གྲང་སྐྲན་སྐྱུགས་དང་ཡི་ག་འཆུས། །སྙིང་རླུང་མཁལ་སྐེད་ནད་ལ་མཆོག་ཏུ་ཕན། །ཡང་ན་གུར་གུམ་བསྣན་པའི་སེ་འབྲུ་ལྔ། །ཚ་གྲང་འཐབ་པའི་ཚ་ན་གུར་གུམ་གྲང་ན་དོང་འདྲ་གྲཞོ་༠m༤mབསྣན་ཁ་འཛིན་མེ་དྲོད་གསོ། །

སེ་འབྲུ་ཁ་རུ་ཚ་དང་ཚ་བ་གསུམ། །རྒྱམ་ཚ་དྲུག་པས་ཕོ་བའི་མེ་དྲོད་བསྐྱེད། །ཁ་ཟས་མ་ཞུ་འཇུ་ཞིང་བད་སྣབས་སྦྱང་། །སེ་འབྲུ་བཞི་སེ་སུག་ཤིང་གསུམ་༠mm༦པི་སྒ་གཉིས་༠mmསྟེང་བརྒྱད་པའི་ཁ་བསྒྱུར་ནི། །སྒ་དང་ཛཱ་ཏི་༠m༡m༠གུར་གུམ་༠m༡m༠ཀ་ཀོ་ལ༠m༡m༠། །ཚད་ལྡན་སྦྱོར་བ་སེ་འབྲུ་བརྒྱད་པ་འདིས། །ཕོ་མཆིན་སྟོད་ཀྱི་བད་རླུང་སྙིང་སྐྲན་འཇོམས། །དེ་སོགས་སེ་འབྲུའི་སྦྱོར་སྡེ་རྒྱུད་གཞུང་ལོངས། །

རྒྱམ་ཚ་བཅའ་སྒ་ཨ་རུ་པི་པི་ལིང་། །རྒྱམ་ཚ་བཞིའམ་ཆ་སྙོམས་བཞི་ཐང་གྲགས། །གྲང་བ་ཀུན་སེལ་སྨན་མ་ཞུ་བ་འཇོམས། །ཞེས་སོ། །

X