//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་བདུད་རྩིའི་ཐིགས་པ། > ནང་དོན།

༤༣ བདུད་རྩི་ལྔ་ལུམས་ཀྱི་ལག་ལེན།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-31 9:58:43 ཀློག་གྲངས། 150 

བདུད་རྩི་ལྔ་ལུམས་ནི། བྲག་མཚེ། ཤུག་པ་ཚེར་མ་ཅན། མཁན་པ་གསེར་མགོ། སུར་དཀར། འོམ་བུ་བཅས་རློན་བཏུས་བྱས་པ་སོ་སོར་ཁྲོལ་བུར་བརྡུངས་པ་རེ་རེ་ནས་ཕུལ་གྱིས་འཇལ་བའི་བྲེ་གང་རེ་བྱས། རྩ་བ་ལྔ་དེ་ལས་ཉུང་ཙམ་བྱ། གཟེ་མ་ཞིབ་མོར་བརྡུང་། གཞན་ཡང་བཤལ་སྐྱུགས་དུག་རིགས་མིན་པའི་སྨན་གང་འཛོམ་དང་། བྲག་ཞུན་ཅོང་ཞི་ཆུ་སེར་སྨན་གསུམ་གང་མང་བཅས་ཁྲོལ་ཙམ་བརྡུངས་པ་ཐམས་ཅད་སྣོད་ཆེན་པོར་ཆུ་མང་ཙམ་བླུགས་པའི་ནང་དུ་བུལ་ཏོག་བྲེ་ཕྱེད་ཙམ་བཏབ་པ་དང་ལྷན་ཅིག་ཇ་ཡུན་ལྷག་ཙམ་བསྐོལ། ཁུ་བ་བཏོན་ནས་ཅུང་ཟད་གྲང་བ་དང་ཕབ་ཕྱེ་བྲེ་ཕྱེད་བཏབ། སྟན་དང་ཁེབ་བཅས་དྲོ་སར་ཞག་གསུམ་བསྙལ་ལ་བཏོན། ལོགས་སུ་ཆུ་ཚན་ཁྲོ་སྣོད་ཆེ་བར་བསྐོལ་བ་ལ་ཉུང་ཙམ་བསྣན་པ་དེ་གྲོ་དྲོདའཇམ་ཙམ་ལ་ཞུགས། མགོ་མ་གཏོགས་སྣོད་བཅས་རས་ཀྱིས་དཀྲིས་ལ་རླངས་པ་མ་ཤོར་བར་བྱས་ནས་མཚན་བརྗོད་ཚར་གཅིག་རིང་འདུག དེ་ནས་རས་ཕུད་ཆུ་ཕྱར། མཚན་མོ་ཆུ་ལ་ཁེབས་རྒྱག ཕྱིར་ཉིན་ནས་ཉིན་རེ་བཞིན་ཆུ་རིམ་པར་ཚྭ་རུ་བཏང་ནས་ལན་གཉིས་རེ་ཞུགཞུགས ཞག་བཅུ་ཙམ་ནས་འཕྲོ་བཅད་ལ་ཕྱེ་འཕུར་གྱི་བྱུག་པ་བྱ། སྤྱིར་ཆུ་འཐག་ན་ཆུ་བསྣན་མ་འཐག་པར་གྲང་ན་བདུད་རྩི་རང་གི་ཆུ་དྭངས་བསྐོལ་ནས་བསྣན། བར་ཐམས་ཅད་དུ་རླངས་པ་མ་ཤོར་བ་གལ་ཆེ། ཡང་ལག་ལེན་ལུགས་གཅིག་ལ། བདུད་རྩི་ལྔ་པོ་ཞིབ་བརྡུངས་ཕྱེ་མ་སོ་སོ་ཆ་མཉམ་པ་ཟངས་སྣོད་ཆེ་བ་ཞིག་ཏུ་བླུགས། དེ་མཉམ་ནས་སྔོན་ཕུལ་གང་ཙམ་དང་བུལ་ཏོག་བཏབ། ཆུ་རང་ནུབ་ཙམ་བླུགས་ལ་བསྐོལ། ཡང་ཡང་ཆུ་སབ་གསབཅིང་ཁུ་བ་རང་ཐིམ་སོང་དུས་ཕོག་ནས་གྲང་བཅུག དྲོད་རྔ་ཡོད་ཙམ་དུས་ཆང་ཕབ་ཕབསབཏབ་ཅིང་ཞག་གསུམ་ལ་ཆང་བསྙལ་བ་ལྟར་བྱ། དེའི་མཉམ་དུ་འབྲུ་ཆང་ཞིག་ཀྱང་བཙོས་ལ་བསྙལ། དེ་ནས་གཟའ་སྐར་བཟང་པོའི་ཉིན་བདུད་རྩིའི་སྨན་སོབ་སྒྲ་དང་ཆང་དྲི་བཅས་བྱུང་དུས་ཁ་ཕྱེས་ལ། ཁ་ཚར་གྱི་སྨན་སྤྱི་ལ་རྩ་བ་ལྔ་ཁྲོལ་བརྡུངས་བྱས་པ། རྩ་དཀར་ལ་གླ་རྩི་ཁྱོར་དོ་ཙམ། ཆུ་སེར་ཅན་ལ་མུ་ཟི་ཐུན་གཅིག་བཏབ། འབྲུ་ཆང་ལ་ཆུ་བརྒྱབ་ནས་བཅགས་བཙགསཔའི་ཆང་རང་ནུབ་ཙམ་བླུགས་ནས་བསྐོལ་ཕོག་སྟེ་ཁ་བཅད་ནས་ཅུང་ཟད་བཞག དེ་ནས་ཟངས་སྣོད་ཆེ་བར་བླུགས་ལ་ལྡེ་ཁུ་དང་ཆུ་ཡི་བུངས་བསྐྱེད་ལ་བསྐོལ། དེ་ནས་ས་ལ་ལུས་སྐྱིལ་ཀྲུང་གིས་སྡོད་ལོ་བའི་ཚད་ཀྱི་དོང་བྲུས་པའི་ནང་དུ་ཀོ་རློན་བཏིང་། ཟུར་རྣམས་དོང་ཁར་ཕུར་བས་བརྒྱང་། དེའི་ནང་དུ་སྨན་གྱི་ཆུ་ཁོལ་བླུགས་ལ་ཉལ་བའི་དང་པོ་ཆུ་ཚན་དེས་མགོ་དང་ཁོག་སྟོད་བཀྲུ། སླར་ཅུང་ཟད་རེ་གྲང་དུས་ཐབ་ཀྱི་སྨན་ཁུ་ཚན་མོ་རེ་དང་བརྗེ་རེས་བྱེད་ནས་ཡུན་ཇེ་རིང་ལ་གཏོང་བའི་ལན་གྲངས་ལྔ་དང་བདུན་དགུ་བཅོ་ལྔ་ཕྱིན་ཡང་ཡང་ཞུགཞུགས ཁྲག་ནད་བད་ཀན་སོགས་སྟོད་དུ་འཕྱུར་སྙམ་བྱུང་ན་གསེར་ཐང་བཅོ་བརྒྱད།ཨ་གར་སོ་ལྔ་སོགས་རིག་པས་དཔྱད་ལ་བཏང་། མཚམས་སུ་ཤ་གསར་དང་ཕྱེ་ཐུག་སོགས་དྲོད་བཅུད་ཅན་གྱི་ཟས་ཀྱང་ཁམས་དང་བསྟུན་ནས་བཏང་། ཉལ་ཚེ་རླངས་པ་ཕྱིར་མི་ཤོར་བ་གོས་སམ་རས་ཕྱར་གྱིས་སྟེང་ནས་བཀབ། ལུམས་འཇོག་མཐར་མར་དཀར་དང་ཕྱེ་བསྲེས་པས་ལུས་ལ་བྱུག་པ་བྱ། ཆང་བསྲེས་ཀྱི་ལུམས་འདི་རྩ་དཀར་དང་རླུང་ལ་ཁྱད་པར་བསྔགས། དུག་དང་དུག་ཐབས་ཀྱི་ནད་གཞུག་ཆུ་ཚན་མི་བྱེད་པར་བདུད་རྩི་ཆུ་ཚན་འདི་ལྟར་བསྟེན་པ་མཆོག་ཏུ་བསྔགས། རྩ་དཀར་དྲེག་གྲུམ་སོགས་ལ་བཅིངས་ལུམ་ལུམསདགོས་ཚེ་གོང་ལྟར་སྦྱར་བའི་རོ་མ་ཚ་མོ་ན་སར་བཅིངས། གཡོགས་ཀྱིས་བསྡམས་ལ་རེས་མོས་བརྗེ་བ་དང་། སྟེང་ནས་བདུད་རྩིའི་རྒྱུན་འབེབས་པ་སོགས་གང་འོས་བྱས་པས་ནད་སེལ་ཞིང་ཕན་བདེའི་ཡོན་ཏན་རྒྱས་པ་འགྱུར་རོ། །

X