//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་བདུད་རྩིའི་ཐིགས་པ། > ནང་དོན།

ལེའུ་བཅོ་བརྒྱད་པ། ཞར་བྱུང་རྟ་ཕྱུགས་ཀྱི་བཅོས་ཁ་ཤས།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 16:34:18 ཀློག་གྲངས། 18 

དེ་ནས་ཞར་བྱུང་དུ་ཤེས་པར་བྱ་བ། རྟ་རྣམས་ལ་འབྲི་གུང་བའི་ཡོ་མོ་ཁྱུ་འཚོ་རུ་གྲགས་པའི་སྲུང་སྨན་བཏང་རྒྱུ་བྱུང་ན་གནད་ཟབ་སྟེ། དེ་ནི་འདི་ལྟར། བཟང་དྲུག་ཨུཏྦལ་ག་བུར་མ་གི་ཏ། །རྟ་བོན་མི་དང་བྱ་རྒོད་ཏེ་ལོའི་ཤ གི་ཝཾ་ཤིང་ཀུན་མུ་ཟི་སེར་ནག་གཉིས། །བོང་ནག་སྟག་ཤ་གུ་གུལ་དཀར་ནག་གི ཕྱེ་མ་ཐུན་ཚད་རེ་ལ་དགུར་བགོས་ཏེ། །ཕོ་གཡས་མོ་གཡོན་སྣ་བུག་དག་ཏུ་བཏང་། །གུ་གུལ་དཀར་ནག་བོང་ནག་ཏེ་ལོའི་ཤ གླ་རྩི་བྱ་རྒོད་ཤ་རྣམས་ཞིབ་པར་བཏགས། །སྤྲ་ཚིལ་རིལ་བུར་དྲིལ་བ་སྲན་མ་ཙམ། །མེར་བསྲེགས་དུད་པ་སྣ་ལ་བདུག་པ་ཡིས། །རྟ་ནད་རིགས་ཀུན་སྲུང་བ་ཐེ་ཚོམས་ཚོམམེད། །རྟ་ནད་སྤྱི་ལ་སེར་མོ་མང་འཇོམས་ཟབ། །

རྟ་ངོ་མཚུལ་ནག ཉལ་ལངས་བྱེད། ཁོང་སྦོ། རོ་སྨད་འཁུམ་ཞིང་འདར། མིག་ཟླུམ་པོར་གྱུར་པའི་ཁོང་སྲིན་ནད་ལ་རྟ་བོང་སྲོག་གི་ཆད་མཐུད་དུ་གྲགས་པ། གླ་རྩི། ཐང་ཕྲོམ། དྭ་བ། བུལ་ཏོགརྒྱ་ཚ་རྣམས་ཆུར་སྦྱར་བཏང་བས་ཕན། སྦོ་བ་མང་ན་དེ་སྟེང་བོང་དམར་བསྡེབ། གླང་ཐབས་ན་བ་ལ། བྱང་ཁྲ། རྒྱ་ཚ། བསེ་སྦུར་གསུམ་སྦྱོར་བཏང་བས་ཕན།

རྟའི་དུག་སྨན། སྤྱིར་ཚྭ་རིལ་བུ་ཁ་ཚར་ཅན་ཟབ། དེའི་ལག་ལེན་ནི། བྱང་ཚ་ཆ་གཉིས། ཐར་ནུ་ཆ་གཅིག་བྱས་ལ་ཐར་ནུ་བ་ཆུར་བཙོས་པའི་ཁུ་བའི་ནང་དུ་དཀར་པོ་གཅིག་ཐུབ་རྡོག་གཅིག་གི་ཕྱེ་མ་འདེབས། བྱང་ཚ་བརྔོས་པ་ལ་ཆང་ངམ་ཨ་རག་གི་ཁ་ཕྲུ་བཏབ་པ་བཏགས་ནས་རིལ་བུར་དྲིལ། དིལ་དེའུདམར་ཉེར་ལྔ་ཤེལ་ཕྲེང་ནང་ཡོད་པའི་དཔའ་བོ་ཉེར་ལྔ་དེ་ཟབ། རྟ་ཕྱུགས་སེམས་ཅན་རིགས་སྦོས་པ་ལ་རྔ་སྙིང་བསྲེག སྒལ་རོ་སོགས་རྨ་རྒན་རྣམས་ལེགས་པར་བཀྲུས་ལ། མཁར་སྒོ་གོངསྲིན་ཅན། སྟག་ཤ ལྡོང་རོས། དོམ་མཁྲིས། ད་ཆུ་སྟེ་མཚལ། ཡུ་གུ་ཤིང་། ཁུར་མང་། ཆུ་རྩ། ཡུང་བ་རྣམས་ཀྱི་ཕྱེ་མ་བཏབ་པས་སོས།

རྟའི་གཅིན་འགགས་ཤིང་ཆུ་ལམ་རྒྱས་པ་ལ་ཁྱུང་ལྔ་ཟབ། རྟ་ཕྱུགས་ལ་གཉན་ནད་སྐྲངས་པ་སོགས་བྱུང་བ་ལ་མཉམ་སྦྱོར་ཁྱུང་རྒོད་དྲག་པོ་བཏང་། རྟ་སྨན་ཚ་ཚྭརིལ་མ་འཛོམ་སྐབས་དུག་གནད་ནདཚབས་ཆུང་ལ་ཞི་དྲུག་དང་། བཅོ་ལྔ་དྲག་སྦྱོར་བསྲེས་པ་ཐུན་ཆེན་བཏང་བ་དང་། ཚབས་ཆེན་ལ་ཁྱུང་ལྔ་ཞི་དྲུག་བསྡེབས་པ་བཏང་བས་ཀྱང་ཕན།

རྟ་དྲེལ་རྔོ་ནད་རིགས་ལ་རྒྱ་ཚི་རྩིདུག་ལོའི་ཕྱེ་མ་མར་རྙིང་དང་སྦྱར་ནས་བྱུག་པ་ཟབ་ཀྱང་རྩུབས་རྩུབཔས་པགས་པ་གས་དོགས་ཡོད། འོལ་མོ་སེའི་འབྲུ་ནུས་སྲེག་བྱས་པའི་ཐལ་བ་མར་རྙིང་ལ་སྦྱར་བ་བྱུག་པས་རྟ་དྲེལ་བོང་བུ་ཀུན་གྱི་རྔོ་ནད་ལ་ཟབ། ཡང་དུག་སྲད་མེ་ཏོག་དམར་སེར་གཉིས་ཀའི་ཕྱེ་མ་མར་རྙིང་ལ་སྦྱར་བ་བྱུགས་པས་ཀྱང་ཕྱུགས་ཀྱི་རྔོ་གནུ་གཉིས་ཀར་ཕན།

རྟ་ལ་གདོན་ནད་ཀྱིས་མིག་རྭ་བབས་ན་ཉལ་ལངས་བྱེད། མིག་ཟླུམ་ཞིང་མཆི་མ་བབས། མགོ་ལག་པ་སོགས་ལ་སྤྲུགས་ཤིང་སྨད། མིག་ལ་བལྟས་པས་མིག་ལྤགས་ལ་རྭ་ལྟ་བུ་ཡོད་པ་དེ། བྱུང་འཕྲལ་ཡིན་ན་སྣ་ཐ་དུལ་མ་སྨྱུག་གམ་སོག་སྦུབས་ལྟ་བུར་བུསགཞུག་ལ་རྭ་ཐོག་ཏུ་ཕུས་དེད་ནའང་ཕན། མིག་གི་རྭ་དེ་ཁབ་སྦོམ་ལ་རྟ་རྔའི་སྐུད་པ་བརྒྱུས་པས་ཕུག་ནས་ཚུར་འཐེན། པགས་པ་གཙག་བུ་ལྟ་བུས་གཤག ཚིལ་གྱི་མཚམས་ནས་བཅད། རྭ་ཁྲུམ་དེ་རྟ་རྐུབ་ནས་ཡར་བརྫངས་པས་རྗེས་སུ་མི་འཕར། བཏོན་ཤུལ་དུ་སྣ་དུད་བླུག སྣ་ལའང་སྣ་རུ་འབྱུང་བ་དེ་ལྟར་བྱས་པས་ཐུབ།

རྟ་ནད་ལ་གར་སོགས་ཀྱང་མ་རྒས་གོང་དུ་ཁྱུང་རྒོད་ཡང་ཡང་བླུད་པས་ཐུབ། འདིར་རྒྱུན་མཁོ་ཕྲན་བུ་ཙམ་ཡིན། སྤྱིར་རྟ་ལ་ནད་རིགས་སུམ་ཅུ་སྐོར་དང་གཏར་མེའི་སྲང་གསངསོགས་རྟ་བཅོས་རྒྱས་པ་ཟུར་དུ་ཤེས་དགོས་

ནོར་གྱི་གློ་ནད་ལ། འབྲས་གསུམ་བསྣན་པའི་ག་བུར་ཉེར་ལྔའི་སྟེང་། སྲོ་ལོ། སྤང་རྒྱན། ཨ་ཀྲོང་། ཤུ་དག གླ་རྩི་རྣམས་བསྣན་པ་འདི་རང་ལེགས། སྐྱ་རྩི་ལ་ནག་པོ་དགུ་སྦྱོར་ཚང་བར་བྱ། དམར་རྩི་སོགས་བྱེད་ཐབས་འཆི་མེད་ནོར་ཕྲེང་ལྟར་ལས་སྨོས་མ་དགོས། ཆུ་དུག་ན་བ་ལ། ཆུ་སྲིན་སྡེར་མོ། ཁ་ཁྭཏའི་ཤ ཉ་ཤ ཤུ་དག ཆུ་མ་རྩི་རྣམས་ཆང་དང་སྦྱར་ནས་བཏང་བས་ཕན། ར་ཕོའི་ཁྲག་བླུད་ན་གཅིག་ཆོག་ཏུ་བཤད། རྐང་ལག་སོགས་ཆག་ན་སྤྱི་བཞུར་ཁུ་བ་བླུད། །

X