//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་བདུད་རྩིའི་ཐིགས་པ། > ནང་དོན།

ལེའུ་བཅུ་གཅིག་པ། ཐོར་བུའི་ནད་གསོ་བའི་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 16:23:49 ཀློག་གྲངས། 29 

ཐོར་ནད་ཀྱི་སྐད་འགགས་གོང་དུ་བཤད་པའི་གྲེ་སྨན་རྣམས་དང་། ཅུ་གང་ཙན་དཀར་ཨ་ཀྲོང་སྲོ་ལོ་སྤང་རྒྱན་བོང་དཀར་སྦྱར་བའི་དཀར་པོ་དྲུག་སྦྱོར་བུ་བུརདཀར་གྱིས་ལུག་རིལ་ཙམ་བསྒྲིལ་བ་དར་དཀར་གྱིས་དྲིལ་བ་ལྕེ་འོག་ཏུ་མུར། ཡང་ན་ཕྱེ་མ་ཆུ་བསྐོལ་གྱིས་ཕུལ། མན་རྒྱུད་ཀྱི་འབྲས་རྒྱུད་བདུན་པ་དང་། བྱེ་རིང་སྐད་སྨན་འཛམ་གླིང་འབྲུག་སྒྲ་སོགས་ལེགས།

ཡི་ག་འཆུས་ནས་བཟའ་བཏུང་མི་འདོད་པ་ལ་མན་རྒྱུད་ལ་ཕུད་བཅུ་གསུམ་པའམ། ཚ་བ་གསུམ་ཕྱེ་བསྟེན། ཚ་ཤས་ཆེ་བ་ལ་ཅུ་གང་བདེ་བྱེད་སོགས་རྒྱུད་ལྟར་བྱ། སྐྱུ་རུ་ར་དང་པི་པི་ལིང་ཞོ་ལ་བཏབ་ནས་བཏུང་བས་ཡི་ག་འབྱེད་པ་ལ་ཕན།

སྐོམ་དད་ཆེ་བའི་ནད་ནི་གྱེན་རྒྱུའི་རླུང་དང་མཁྲིས་པ་འཁྲུགས་པ་སོགས་ཀྱིས་བསྐྱེད་པས། སོ་ཕག་སུམ་ཐང་། ཁྲག་ཤས་ཆེ་ན་ཙན་དན་བཅོ་བརྒྱད། རླུང་ཤས་ཆེ་ན་ཨ་གར་རིགས་སྤྱི་ལ་སྤང་རྒྱན་བཅོ་ལྔ་སོགས་ཟབ།

སྐྱིགས་བུ་ཚ་བའི་རྗེས་སུ་རླུང་ཞུགས་པ་དང་། བད་ཀན་གྱེན་རྒྱུའི་རླུང་འཁྲུགས་པ་ལས་འབྱུང་། གློ་རྡོལ་ཟུངས་ཟད་སོགས་ལ་ཉེན་ཆེ་བས་གཡས་ཆུང་མི་བྱ་བར་འཕྲལ་དུ་བཅོས་དགོས། ཡུན་རིང་ན་ཕོ་ཐོག་ཐོགསསུ་འགྱུར་བའང་ཡོད། དེ་ལ་ཐོག་མར་འབྲུ་མར་གྱིས་བཀུ་བསྐུམཉེ་བྱ། ཟས་ཀྱིས་སྐྱིགས་ན་གང་ཟོས་དེ་མནམ་ནས་བར་རླུང་བཟུང་། སྐྱིགས་བུ་ཆུང་བ་ལ་རྒྱ་ཡུངས་བ་ཚ་ཅན་སྐྱེ་གདན་ལེབ་མོ་དེ་བདུན་ཙམ་གྱི་ཐང་བཏང་བས་ཕན། ཨ་གར་མར་སྦྱར་གྱི་དུ་བ་བརྔུབ། ཡང་ན་སྤོས་དཀར་དང་སྡོང་ལྡོངརོས་ཀྱི་དུ་བ་བརྔུབ། འབྲིང་པོ་ལ་དེ་དང་མཚུངས་ཤིང་། རླུང་ལ་ཨ་གར་བཅོ་ལྔ། ཚ་གཞུག་ལ་ཨ་གར་སོ་ལྔ།བད་ཀན་ལ་གོ་གྲེ་བཅུ་གསུམ་ཟབ། མ་ཐུབ་ན་རྐེ་ལྟོང་སྐེ་སྟོངདང་། དཀར་ནག་མཚམས་སུ་མེ་བཙའ་བསྲེག ཆེ་བ་བཅོས་དཀའ་བས་རིམ་གྲོ་སོགས་ལ་འབད། སྐྱིགས་བུ་ཕལ་ཆེར་གློ་བུར་སྐྲག་སྔངས་བཏོན་པས་ཀྱང་ཕན།

དབུགས་མི་བདེ་བ་མ་ཞུ་བས་བད་ཀན་འཕེལ་བ་དང་། ལུད་པས་དབུགས་ལམ་བཀག་པས་སྙིང་ག་དང་རྩིབ་ལོགས་རྒྱང་བརྒྱངས སྦོ་ཞིང་དབུགས་རྒོད་པའམ་ཞན་པ་ལ། མན་ངག་བསིལ་སྦྱོར། བདུད་རྩི་བཅུ་གསུམ། སྲོག་འཛིན་བརྒྱད་པ། མ་ནུ་བཞི་ཐང་སོགས་བད་རླུང་གཙོ་བོར་བཅོས། མ་ཐུབ་ན་རླུང་དང་བད་ཀན་གསང་ལ་མེ་གདབ།

གླང་ཐབས་ནི། ཕོ་ལོང་གི་སྲིན་བུ་ཚ་གྲང་གི་རྐྱེན་དང་ཁ་ཟས་མ་འཕྲོད་པས་བསླང་བ་ལས་འབྱུང་། དབྱེ་བ་མང་ཡང་ཚ་གླང་། གྲང་གླང་། སྲིན་གླང་། གཉན་གླང་བཞིར་འདུས། གང་ཡང་ལྷེན་སྣའི་འོག་ན་བ་ཕོ་བའི་གླང་ཐབས། ལྟེ་འོག་ན་བ་རྒྱུ་མའི་གླང་ཐབས། ལྟེ་སྐོར་ན་བ་ལོང་གླང་སྟེ་དེའང་གཡས་ངོས་ཁྲག་གླང་། གཡོན་ངོས་སྲིན་གླང་། དབུས་རྩམ་གླང་ཟེར། རྒྱུ་རྐྱེན་ཚ་བས་བསླངས། ལུས་རྔུལ་ལྡང་དུབ་མྱུར་བ་ཚ་གླང་། རྒྱུ་རྐྱེན་གྲང་འཁྱག་ལས་བྱུང་། ལྡང་དུབ་མེད་པ་གྲང་གླང་། དཀར་མངར་སོགས་ཀྱིས་བསྐྱེད་ནས་དྲུ་བུར་འདྲིལ་བའམ་ཚ་ཞིང་ཕུག་འོང་བ་ལྟ་བུར་ན། ལྡང་དུབ་ཆེ། ལངས་ན་སྲན་བསྲནགླགས་མེད་པ་སྲིན་གླང་། ཕོ་བའམ་རྒྱུ་མ་གྲིས་དཀྲུགས་པ་ལྟར་གཟེར་བ་སོགས་གཉན་གླང་ཡིན། གླང་ཐབས་སྤྱི་ལ་ཕན་པ་ཀུན་ལྡན་ཟབ། དཔའ་བོ་ཉེར་ལྔའང་འཕྲོད། ཚ་གྲང་དང་སྨུག་པོ་དུག་ཐབས་ཀྱིས་སྦོས་ནས་རྔུལ་ཆུ་འཛག་པ་ལ། ཟླ་ཤེལ། རུ་རྟ་དྲུག་པའམ་བཅུ་བཞི། གྲང་གླང་ལ། བཅོ་ལྔ་དྲག་སྦྱོར། གཡུ་དྲིལ་བཅུ་གསུམ། ཞི་དྲུག རྒྱམ་ཚ་དྲུག་ཐང་། དོང་གྲ་བསྣན་པའི་སེ་འབྲུ་བཞི་པ་ཟབ། མ་ཐུབ་ན་ཕོ་བ་༡༢རྒྱུ་མ་༡༦གང་བབས་ཀྱི་རང་གསང་ངམ་ལྷེན་སྣ་ནས་ཐུར་དུ་ཚོན་གསུམ་འཇལ་བའི་མེ་མཉམ་གསང་ཁ་གསུམ་ལ་མེ་བཙའ་བྱ། སྲིན་གླང་ལ་དང་པོ་ཀ་ར་ཆུ་བསྐོལ་ནང་བཏབ་པ་བཏང་ལ་སྲིན་བསྒངས་བསྒོངསཔ་བཤིགས། དེ་ནས་འཆི་མེད་སྲིན་སེལ་བྱི་ཏང་ག་བུངས་མཉམ་ཅན་དང་། སྤྱི་སྨན་གཉིས་བཏང་། ལྟེ་བའི་གཡོན་ནས་ཚོན་གང་གཞལ་བ་ལོང་གི་ཐེར་དང་དེ་ནས་ཚོན་གང་གཞལ་བའི་ལོང་ཕུག་ཕུགསགསང་གཉིས་བསྲེག ཞར་བྱུང་ཁྲག་གླང་ལ། སྤྱི་སྨན་གཉིས། རུ་རྟ་བཅུ་བཞི། བྲག་ཞུན་དགུ་པ་བཏང་། ལོང་རྩ་གཡས་པ་གཏར། རྩམ་གླང་ལ་སྤྱི་སྨན་དང་། ལྟེ་འོག་ཚོན་གང་ཁ་གསུམ་རྒྱུ་སྟོད། དེ་འོག་ཚོན་གང་ཁ་གསུམ་རྒྱུ་སྨད་ལ་མེ་གདབ། གཉན་གླང་ལ། ལྷ་ལུང་ལུགས་སྨན་ནག་སྦྱོར་བར་གུར་གུལནག་ཆ་མཐོ། གཞན་ཐལ་སྨན་བཞི་ཆ་སྙོམས། ཁ་ཚར་གཞན་ཐུན་ཕྲན་རེ། ཕོ་བའི་ཁ་འཛིན་བཞི་ཐུན་ཆེ་ཙམ་སྦྱར་ནས་བ་ཆུར་འདམ་ཐག་འཐགབྱས་པ་དེ་ཐེངས་ཆོག་ཡིན། ཡང་བྲག་ཁྱུང་། རུས་རུཁྱུང་། ཕན་པ་ཀུན་ལྡན། འཆི་མེད་སྲིན་སེལ། བྱེ་རིང་རྒྱལ་བློན་བཅུ་བདུན། འཕུར་སླེབ་བཞི་སྦྱོར་རྣམས་ཟབ། སྤྱིར་གླང་ཐབས་ཀྱི་རིགས་འདི་ཁོང་ལྷོག་དང་ནོར་སོ་ཆེ་བས་ཁྱུང་ལྔ་གཤོག་རྫོགས་ཀྱིས་གཟེར་རྩེ་བཅིལ་ན་ཁོང་ལྷོག་ཡིན། རྟགས་རྩ་གྲིམས། ཆུ་མདོག་ལྗང་ན་གོང་གི་གཉན་རིམས་ལྟར་བཅོས། གླང་ཐབས་སྤྱི་ལ་དམར་མོ་སྤྱི་འཇོམས་བཟི་མེད་ཀྱི་བཤལ་ཡང་ཟབ། སྐྱུགས་ནས་སྨན་མ་བླངས་ན་བུ་རམ་སེན་མོ་ཙམ་གྱི་རྗེས་སུ་སྨན་བཏང་། བཤལ་མ་ཐུབ་ན་ནི་རུ་ཧས་དྲང་། སྤྱིའི་ནད་མཐའ་མ་ཆོད་ན་རིན་ཆེན་མང་སྦྱོར་ཟབ།

སྲིན་ནད་སྤྱི་ལ་རྒྱུད་ཀྱི་བྱི་ཏང་བདུན་པ། གར་ནག་དགུ་པ་བཟི་ཡོད། གསེར་མདོག་བཅུ་གཅིག རྩ་རྩི་རྡོ་སྦྱོར། གར་ནག་བཅོ་ལྔ། གུར་གུམ་བཅུ་གསུམ་བྱི་ཏང་ག མ་རུ་རྩེ། ལང་ཐང་རྩེ་བཅས་རྩེ་གསུམ་བསྡེབས་པ་རྣམས་ཟབ། སོ་སྲིན་ནི་འགྲམ་སྲིན་མགོ་སྲིན་གདོང་སྲིན་རྣམས་ལ་ཚངས་པ་དབུལ་སེལ་ལ་རྩེ་གསུམ་བསྡེབས་པའི་དུ་བ་བརྔུབ། ཤ་བའི་མིག་སྐྱག་གམ་མིག་ཚིལ་བདུག་པས་ཀྱང་ཕན། བདུག་པ་ཡ་མ་འཇོམས་པའི་རྡོ་རྗེ་ལེགས། མགོ་གཟེར་ཚབས་ཆེ་ན་མགོ་ཐང་བཅུ་གསུམ་དང་། གར་ནག་བཅུ་གསུམ་བཏང་། གཉན་དང་བསྡོངས་པ་ལ་ཟུར་ལུགས་གནམ་ལྕགས་ཐོག་མདའ་ཟབ། སོ་སྲིན་ལ་ཤིང་རྟ་དྲུག་པ་ཟབ། ཁྱུང་ལྔ་བཟང་པོ་སོ་བར་བཟུང་། གཉན་བསྡོངས་པ་དང་། རྨ་སྲིན་ལ་གུར་ཁྱུང་། ཁྱུང་ལྔ། རྒྱ་ནག་མའང་འཕྲོད་ཅིང་དེ་ལ་ཙེ་རྩེགསུམ་བསྡེབས་ན་ལེགས། རྨ་སྲིན་ལ་ཁྱད་པར་དངུལ་ཁྱུང་ཟབ། སྣ་སྲིན་ལ་གླ་རྩི་ལྔ་སྦྱོར། སྣ་སྨན་གསར་བྱུང་ཉེས་པ་ཀུན་སེལ་ལམ། སྣ་ཐ་འཐེན་མཁན་ལ་དེ་རང་དྲག་ཆེ། ལྤགས་པགསསྲིན་ལ་སྒྲོན་ཤིང་དང་སྤོས་དཀར་དུད་པས་ཕན་ངེས། མིག་ལྤགས་སྐྲངས་ཤིང་གཟེར་མེད་པའི་ལྤགས་པགསསྲིན་དེ་རིགས་ལ་བྱེའུ་མཆིལ་པའི་བྲུན་དྲོན་མོ་བྱུགས་པ་ཁོ་ནས་ཆོག ཡང་ཕུར་ནག་ལོ་མ་རྒྱས་པའི་སྐབས་སུ་ཁཎྡྲི་བྱས་པ་ར་རིལ་ཆུང་ངུ་ཙམ་ཆུར་གདུས་པ་དང་། སྟག་མའི་ལོ་མ་ཁཎྡྲི་བྱས་པ་ལ་གླ་རྩི་ཤུ་དག་ཁ་ཚར་བཏབ་པ་ཆུ་བསྐོལ་གྱིས་ཕུལ་ནས་གཉིད་ལོག་པ་དང་། ཤུ་དག་ནག་པོའི་ཆིག་ཐང་མང་དུ་བསྐྱར་བ་དང་། ནཱ་གི་གླ་རྩི་མར་དཀར་སྦྱར་བའི་རིལ་བུ་དང་། སྤྲུ་བ་དཀར་ནག་གང་རྙེད་ཀྱི་རྩ་བའི་ཐང་ཚན་ཆེ་ན་ཆེརབཏང་བ་རྣམས་རེ་རེས་ཀྱང་སྲིན་རིགས་ཀུན་ལ་ཕན་པར་བཤད། ཡང་བྱང་ཚ་དང་བྱང་བུལ་བཟང་པོ་བསླད་མེད་པ། ཟེ་ཚ་བསླད་མེད་གསུམ་ཕུལ་གསུམ་སླ་ངར་བླུགས་པ་དང་མཉམ་དུ་ནས་འབྲུ་གཅིག་འཕངས་པས་དེ་ནག་ཚིག་ཏུ་སོང་བ་དང་། ཡང་ནས་འབྲུ་གཅིག་འཕངས་པས་ཚིག ཡང་གཅིག་སོགས་བསྐྱར་ནས་ནས་འབྲུ་བཅོ་ལྔ་སོལ་བར་སོང་བའི་བར་བརྔོས། དེ་ནས་ལི་སྡེར་ནང་དུ་བྱོས་བྱོལ་ངད་མ་ཡལ་བའི་སྟེང་དེ་ཉིད་དུ་བྱིས་པ་ལོ་བརྒྱད་ཀྱི་ཆུ་ཅུང་ཟད་བླུགས་ཏེ་གར་སླ་ཞོ་ཙམ་བྱས་པའི་སྟེང་དུ་ཐར་ནུ་བཟང་པོ་མཐེབ་ཆེན་ཕྱེད་གཉིས་ཙམ་ཞིབ་པར་བཏགས་པ་བསྲེས་ནས་མ་སྐམས་བར་དུ་འཐག དེ་ཉིད་སྣོད་བཟང་པོར་བཅངས་ནས་ནམ་དགོས་དུས་ཐུར་མགོ་འགོརེ་ཆུ་བསྐོལ་གྱིས་ཕུལ་ན་སྲིན་དང་གླང་ཐབས་མ་ཞུ་དུག་ཐབས་རིགས་ཐེ་ཚོམ་མེད་པར་འཇོམས་པའི་མན་ངག་ཤིན་ཏུ་ཟབ་པའོ། །ཡང་ཁྱུང་ལྔའི་སྟེང་བྱི་ཏང་ག་ཀུན་གྱི་བུངས་མཉམ་བསྡེབས་པ་དེ་སྲིན་སྨན་གཅིག་ཆོག་ཡིན། སྲིན་སྨན་གང་ཡང་ཐོག་མར་ཐུན་གཅིག་གཉིས་ཀྱིས་ཅུང་ཕན་པ་ལྟར་སྣང་ཡང་བཏུད་བསྟུདན་མི་ཕན་པར་འགྲོ་བ་ནི་སྲིན་གབ་པ་ཡིན་པས། སྨན་ཐུན་རྗེས་མ་རྣམས་ཀྱི་སྔོན་དུ་ཀ་ར་སོགས་ཅུང་ཟད་རེ་བཏང་ནས་བསླངས། དེ་རྗེས་སྨན་བཏང་བ་ཟབ་གསུངས། སྲིན་རིགས་ཕལ་ཆེར་ལ་དུད་པ་དང་དཔྱད་སྔ་ན་ཁྲོས་ནས་བཅོས་སུ་མེད་པར་འགྲོ་བས་གཟབ་དགོས་ཤིང་། ནད་འདི་གདོན་རྒྱབ་ཆེ་བས་རིམ་གྲོ་དང་སྔགས་སོགས་གལ་ཆེ་བར་སྣང་ངོ་། །སྲིན་བུ་བུད་སླ་བའི་ཐབས་ནི་གཟེར་སར་བུ་རམ་བྱུག མཐའ་བསྐོར་དུ་འབྱར་སྣ་ཚོགས་བྱ། རྨ་ཁུངས་སུ་མུ་ཟིན་ཟིནག་པོ་བཏང་བས་ཆོག་གོ ཡང་སྲིན་ནད་ཀྱིས་རྣག་དང་ཆུ་སེར་སོགས་འཛག་པའི་བུག་པ་བརྡོལ་ན། གྲོ་ཟན་སྲབ་མོ་མར་གོར་འདྲ་བ་གཉིས་ཀྱི་བར་དུ་བུ་རམ་གྱི་ལྡེ་གུ་བྱུགས་ནས་རྨ་ཁར་ཞག་གཅིག་སྦྱར་ནས་བཞག སྲིན་བུ་ཡོད་ན་ཟན་ཁྲོལ་བུར་ཕུག་ཡོད་པས་འབུ་ཡོད་ཐག་ཆོད་དུས། དུག་འབྱར་ནི། གྲོ་ཟན་གོར་མོ་སྔར་ལྟར་གསུམ་བཅོས་པའི་ཞབས་མའི་སྟེང་དུ་བོང་ནག བར་མའི་སྟེང་འོག་གཉིས་ཀར་བུ་རམ། སྟེང་མའི་ཞབས་སུ་བོང་ནག་གི་ལྡེ་གུ་བྱུགས་ནས་སྦྱར་གསུམ་བརྩེགས་བྱས་པ་དེ་རྨ་ཁར་ཡང་ཡང་བཞག འབུ་མེད་དུས་རུས་པ་བསྣད་མེད་ན་རང་སོས་འགྲོ་བས་གང་ཡང་མི་དགོས། རུས་པ་བསྣད་ཡོད་ན་རྨ་ཁུང་དུ་རྒྱ་ཚ་ལྡོང་རོས་ཆ་མཉམ་གྱི་ཕྱེ་མ་ཡང་ཡང་བླུགས་ནས་རྨ་དེའི་ཁར་ཤོག་གུ་སྦྱར་བས་རུས་ཕྱེ་དོན་རྗེས་རྨ་སྨན་འདེབས་དགོས་སོ། །

སྐྱུགས་ནད་མ་ཞུ་བ་དང་བད་སྨུག་གྱེན་རྒྱུ་འཁྲུགས་པ་སོགས་ལས་འབྱུང་བས་རིགས་མང་ཡང་། སྤྱི་སྨན་ཤུ་དག་དཀར་པོ་ཆ་གཅིག སོག་ཀ་བ་ཆ་ཕྱེད། འོམ་བུ་དེའི་ཕྱེད། ཀུན་དང་མཉམ་པའི་སྐྱེར་དཀར་འབྲུ། འབྲས་ཕྱེ་ཕབ་ཕབསཙམ་བཏབ་པ་ཐུན་ཆུང་ངུ་ལན་མང་དུ་བཏང་བས་ཆོད། ཤིང་མངར་དྲུག་པའང་ལེགས། ཡང་ན་སོག་ཀ་བའི་འབྲས་བུ་ལ་རྒྱ་ཚ་བུ་རམ་སྦྱར་བའམ། འབྲས་ཀྱི་ཁུ་བར་སྤུ་ཤེལ་རྩེ་དང་སྦྲང་རྩི་བཏབ་པའམ། འབྲས་ཡོད་ཡོསའཁྱོར་ཁྱོརགང་ཞིབ་པར་བཏགས་པ་ལ་སེ་འབྲུ་པི་ལིང་སྒ་སྐྱ་རྣམས་ཀྱི་ཕྱེ་མ་ཐུན་རེ་ལ་སྦྲང་རྩི་ཐུར་མགོ་འགོབཏབ་ནས་ཆུ་བསྐོལ་གྱིས་ཕུལ། རྐེ་སྐེསོགས་ལ་རྡོ་འཁྱག་པ་གླན་ཞིང་གདོང་དུ་ཆུ་གྲང་གཏོར། མ་ཐུབ་ན་རྐེ་ལྟོང་སྐེ་སྟོངདང་ལྷེན་གསང་ལ་མེ་བཙའ་བྱ། མ་ཞུ་བ་ལས་བྱུང་བ་སོགས་བྱེ་བྲག་པ་རྣམས་སོ་སོ་ལྟར་བཅོས།

འཁྲུ་ནད་མ་ཞུ་བ་ལས་ཟས་སྐོམ་སྤྱི་དང་ཁྱད་པར་གང་མ་ཞུ་བ་དེ་སྤངས་ཤིང་དེའི་གཉེན་པོ་སྦྱར། ཕོ་བའི་མེ་དྲོད་ཉམས་པ། རྒྱུ་ལོང་ལ་གྲང་བ་སྐྱེས་པ། མཁྲིས་པ་སྣོད་ལྷུང་། མཆིན་ཚད་ཐུར་བབས་རྣམས་སོ་སོར་ལྟར་བཅོས། ཚ་འཁྲུ་མདོག་དམར་རམ་སེར་བ། གྲང་འཁྲུ་མདོག་སྐྱ་བོ་ཟས་མདོག ཡང་ཆུ་གཅང་གཙངདུ་བླུགས་པ་ལ་འཁྲུ་བའི་དྲི་མ་ཐུར་མགོ་འགོགང་དལ་བུས་བཞག་པས་ཆུའི་གཏིང་དུ་འགྲོ་ན་ཚ་འཁྲུ། ཆུ་ཁར་ལིང་ངེར་སྡོད་ན་གྲང་འཁྲུ་ཡིན། ཚ་འཁྲུ་ལ་ཨིནྡྲ་བཞི་ཐང་། གི་ཝཾ་དགུ་པ། གུར་གུམ་བདུན་པ། གཙོ་བརྒྱད་སོགས་ཀྱིས་ཚད་པ་བཅག་ནས། གཙོ་བརྒྱད་སྟེང་ད་ཏྲིག ཐ་རམ། སྨག མོན་ཆ་ར་སོགས་ཁ་ཚར་བཏང་བའམ། ཨིནྡྲ་བཅོ་ལྔ། མཁྲིས་ཕྱེ་བདུན་པ་སོགས་ཀྱིས་འཁྲུ་བ་གཅོད། གྲང་འཁྲུ་ལ་རྒྱམ་ཚ་དྲུག་པ། རུ་རྟ་དྲུག་པ་སོགས་སྐབས་སྦྱར་བཏང་། བྱི་ཏང་བདུན་སྟེང་སྒ་སྐྱ་གོ་ཐལ་དོམ་མཁྲིས་སོགས་བསྡེབས་པའམ། ད་ཏྲིག་བདུན་པ་དང་དགུ་པ། གུ་ལིང་འབྲས་ཀྱི་རིལ་བུ་སོགས་ཀྱིས་བཅད། བཅད་སྔ་ན་གཟེར་ཆེ་བར་འགྱུར་བས་མཚམས་ཕྱེད་དགོས། གྲང་འཁྲུ་མ་ཆོད་ན་མདུན་རྒྱབ་ཀྱི་རྒྱུ་ལོང་གསང་བསྲེག འཁྲུ་ནད་ཚབས་ཆུང་བ་ལ་བྲག་སྐྱ་ཧ་བོའི་རྩ་བའམ་མེ་ཏོག་གི་ཐང་གཅིག་པུས་ཀྱང་ཆོག ལོ་བཙན་པའི་ཐང་ངམ། འབྲས་ཐང་ལ་ཚྭ་ཅུང་ཟད་བཏབ་པའམ། དེ་སྟེང་གཙོད་ཁྲག་ཐུན་གཅིག་ཞིབ་བཏགས་བཏབ་པ་དྲོ་འཇམ་ཉུང་ཙམ་ཡང་ཡང་བྱིན་པས་ཆོད་དོ། །

དྲི་མ་འགགས་ནས་མ་ཐོན་པ་ལ་དཀར་པོ་དྲུག་སྦྱོར། ཞི་དྲུག་སྟེང་ཨུག་ཆོས་སམ་ལྕུམ་རྩ་བཏབ་པ། རྩ་ལྟོ་བདེ་བྱེད། ཆང་དང་ཞོ་ཁ་ཆུ་གང་རུང་ནང་ལན་ཚྭ་བཏབ་ནས་ཅུང་དྲོས་པ་དང་། ཡང་ཨ་རུ་ལྕུམ་རྩ་བུལ་ཏོག་འདུས་པའི་ཐང་རྣམས་ཀྱིས་ཕན། ཚབས་ཆེ་ན་ནི་རུ་ཧས་དྲང་།

གཅིན་འགགས་ཚབས་ཆུང་བ་ལ་རྒྱ་ཚའི་ཆིག་ཐང་ཁོ་ནས་ཆོག སྤྱིར་བདེ་བྱེད་ཀུན་ཕན་ནང་དྲོད་སྨན་རིགས་ཆ་འཕྲི། གསེར་ཕྱེ་བསྣན་པས་ཆུ་འགགས་ཚ་གྲང་ཕལ་ཆེར་ལ་ཟབ། ཡང་སེ་འབྲུ་ཉི་དཀྱིལ་སྟེང་རྒྱ་སྡིག་གསེར་གསུམ་ཆ་མཐོར་བསྣན་པའང་ཕན་ཆེ། བད་ཀན་གྲང་རླུང་གིས་འགགས་པ་ལ། སུག་སྨེལ་བཅུ་པ། ཚ་སྦྱོར་ཆེན་མོ། གཡེར་དྲུག་ཆུ་འདྲེན། རིམས་ཚད་ཀྱིས་འགགས་པ་ལ་གུ་གུལ་བཅུ་གཅིག མོ་ནད་ཀྱིས་འགགས་པ་ལ་རྡོ་རྗེ་ཅན་སྦྱོར་བཏང་། རྡེའུས་འགགས་པ་ཉེན་ཆེ་བས་རྒྱུད་མན་ངག་རྣམས་ཞིབ་མོ་དགོས།

གཅིན་སྙི་ཚ་ཤས་ཆེ་ན་ཨ་རུ་བཅོ་བརྒྱད། གྲང་ཤས་ཆེ་ན་སེ་འབྲུ་ཉི་དཀྱིལ་ལམ། སེ་འབྲུ་ཀུན་ཕན་གང་རིགས་བཅས། ཡུང་བ།སྐྱེར་པ། སྐྱུ་རུ། གཟེ་མ་བཞི་པོ་གདུས་ཐང་གིས་ཕུལ། ཚིགས་པ་བཅོ་བརྒྱད་པའམ་བཅུ་དགུ་པ་ཁ་གསུམ་བསྲེག ཆུ་མི་ཐུབ་ཅིང་ཆུ་ཁ་སྙི་བའི་རིགས་ལ་ཤིན་ཏུ་ཟབ་པའི་ཆིག་ཐུབ་ནི། སུག་སྨེལ། དོམ་མཁྲིས། མཚེའི་ཁཎྡྲི་གསུམ་ཆང་ངམ་བུ་རམ་ལ་སྦྱར་ནས་བཏང་ན་ཟབ། ཆུ་ཁ་སྲ་སྙི་བྱེད་པ་ལ་ཉི་དཀྱིལ། ཨ་རུ་བཅུ་པ། བཅོ་བརྒྱད་རྣམས་ཟབ།

ཚད་འཁྲུ་ཞེས་པ་རྒྱུ་རིམས་རང་ཡང་མིན་པར་ཕྱི་ཡུལ་དྲོད་རླངས་ཆེ་བ་དང་། ཟས་ཚོད་མ་ཟིན་པ་དང་བཅུད་མེད་ཟས་སོགས་ཀྱིས་མེ་དྲོད་ཕྱིར་བཏོན་པས་སྙིང་ག་རྩིབ་ལོགས་བཤང་ལམ་རྣམས་གཟེར། ཁོང་པ་སྦོ། ཟས་མི་དུཞུ ཐོག་མར་ཆུ་རྐྱང་འཁྲུ། སྨིན་ནས་རླུང་མཁྲིས་རང་མདོག་འཁྲུ་བ་དེ་སྟོབས་ཆུང་ན་ཟས་སྤྱོད་གཟབ་ཅིང་རང་གར་གཞག་པས་འཐུས། མ་ཞི་ན་དམར་གསུམ་འཁྲུ་གཅོད། མཁྲིས་ཕྱེ་བདུན་པའམ་ཉེར་ལྔ། ད་ཏྲིག་བདུན་པ་དང་དགུ་པ་སྐབས་སྦྱར་བཏང་། རབ་ར་རྒོད་ཀྱི་ཁྲག་དྲོན་མོ། འབྲིང་ཤ་ཁྲག་ཚིལ་གསུམ་གང་རུང་གི་ཁུ་བ་ཆིག་རྒྱུག་ཆོག་པའི་གསང་སྨན་ཡིན། ནད་འདི་རྒྱའི་ཚད་རིམས་འདར་བུ་ཡེར་བུ་དང་དོན་གཅིག་པར་ཕོ་བར་རེག་ན་འཁྱག་ཏིང་ངེ་ཡོད་པས་བསིལ་སྨན་གྱིས་བཅོས་ན་ཐུ་རུ་འགྲོ་བས་གོས་དྲོ་ཞིང་ཨ་རག་བཟང་པོ་ཐིགས་ཙམ་འཐུང་ཡང་ཕན།

དྲེག་ནད་ཁྲག་ངན་ཆུ་སེར་རྩ་ལ་བབས་པས་རྐང་པའི་མཐེ་བོང་དང་། ལག་པའི་གྲུ་མོ་ལ་གཟེར་ཆེ་ཞིང་སྐྲང་སྲ་ལ་སྔོ་ཐིག་ཡོད། རྙིངས་ནས་མཆེད་པ་ཡིན་པས། སླེ་ཏྲེས་སུམ་ཐང་། བོང་ཁྲག་ཉེར་ལྔ། དངུལ་ཁྱུང་། གྲང་ཤས་ཆེ་ན་སང་སེངལྡེང་ཉེར་ལྔ་སོགས་དང་། ཀླུ་བདུད་བཅོ་བརྒྱད་ཀྱིས་ཀྱང་ཕན། སླེ་ཏྲེས་སྲན་ཆུང་བ་ལྕི་རྣམས་ཀྱི་ཕྱེ་མའམ། མཛོའི་གཅིན་དང་ལྕི་བས་འབྱར་བྱེད། ཁྱད་པར་སྤོས་ཁྱུང་དང་དངུལ་ཆུ་ཉེར་ལྔ་བཏང་བ་དང་། བྱ་ཁྱུང་སྔོན་པོས་བྱུགས་པ་བྱེད་པ་ཟབ། གཉན་ཁ་ཆོགས་ནས་དྲེག་རྩ་གཏར།

གྲུམ་བུ་ནི་ན་ཚུལ་དྲེག་དང་ཆ་འདྲ་བ་ལས་ཁྱད་པར་ཚིགས་སྤྱི་དང་ལག་ཚིགས་ལ་བབས། མཚན་གྱི་རིགས་ལ་གཟེར་ཆེ། སྤྱི་སྨན་བོང་ཁྲག་ཉེར་ལྔ་དང་བཅུ་གཅིག སེང་ལྡེང་ཉེར་ལྔ། སྤོས་ཁྱུང་བཅུ་དགུ། ཀླུ་བདུད་བཅོ་བརྒྱད། ཁྱུང་ལྔ་ཚད་ལྡན། དངུལ་ཁྱུང་རྣམས་དང་། ཚ་ཤས་ཟུག་གཟེར་ཆེ་བ་ལ་གྲུམ་བུའི་ཟུག་གཅོག་ཆེན་མོ་ཟབ། ཐོག་མར་གཉའ་བའི་རྩ་རྒྱུད་ནས་ན་བ་རྩ་དཀར་དང་བསྡོངས་པ་ཡིན་པས་བསམ་འཕེལ་ནོར་བུ་དང་ལྟག་པ་སྤྲད། གྲུམ་བུ་སྤྱིར་མེ་གདབ་པ་ཡིན་ཀྱང་ཁྲག་ཤས་ཆེ་བ་ལ་ཐོག་མར་གཏར་ག་འགྲོ་དགོས། མཁལ་གྲུམ་ལ་ཁྱད་པར་བོང་ཁྲག་ཉེར་ལྔ་ཟབ། ཚད་གཞུག་ཏུ་བྱུང་ན་རྒྱུད་ཀྱི་ག་པུར་ཉེར་ལྔའང་འཕྲོད། ཐུ་བ་ཚབས་ཆེ་བའི་རིགས་ལ་བོང་ཁྲག་གིས་སྨན་ཕུལ་བ་ཤིན་ཏུ་ཟབ། མ་འབྱོར་ན་སྨན་ནང་བོང་ཁྲག་བུངས་བསྐྱེད་བཏང་བས་ཀྱང་ཕན། དཔྱད་རྔབས་རྭ་གཙོ་ཆེ་བར་བྱེད་ཀྱང་གནད་དུ་མ་སོང་ན་ཡག་ཉེས་ཀྱང་སྣང་། རྗེས་གཅོད་དྲེག་རྩའམ་ཆུ་སེར་གདོང་རྩ་ཅུང་ཟད་གཏར་ཡང་རུང་ལ་ཁྲག་གྲུམ་ཤས་མི་ཆེ་བ་རྣམས་ལ་མེ་བཙའ་རང་ལེགས་པས་ཕྱག་རྒྱུན་མ་ནོར་གདབ་ཤེས་ན་ནད་འདི་རྩད་ནས་འབྱིན་ནུས། མདོར་བསྡུས་དཀྱུས་མཐུན་ཙམ་ལ་གང་ན་བའི་ཚིགས་ཐམས་ཅད་དུ་མེ་གདབ། རྐང་ལག་འཛུབ་མཛུབམོ་གར་བབས་ཀྱི་གཡས་ཟུར་གཡོན་ཟུར་གཉིས་སུ་སྤྲ་བ་སྲན་མ་ཙམ་དྲིལ་བ་དེ་ཕྱེད་མར་བཤགས་གཤགཔ་སོ་སོར་བཞག་ནས་མེ་གདབ། ཆུ་སེར་ནི་ཤ་ལྤགས་སྦོས། ཆུ་ཐོར་དང་ཟ་འཕྲུགས་བྱེད་པའི་རིགས་ཡིན་ཅིང་དབྱེ་བ་མང་ཡང་གྲང་བ་དང་བསྡོངས་པའི་ཆུ་སེར་དཀར་པོ། ཚ་བ་དང་བསྡོངས་པའི་ནག་པོ་གཉིས་སུ་འདུས། གདོན་རྒྱབ་ཀླུ་ས་བདག་གིས་བྱེད་པས་ཚབས་ཆེ་བ་མཛེ། འབྲིང་པོས་དྲེག་གྲུམ། ཐ་མས་མེ་དབལ། གླང་ཤུ། བས་ལྡག མགོ་ལུས་ཀྱི་རྨ་རྣམས་བསྐྱེད། དེ་རྣམས་ཀྱི་གཉེན་པོ་རབ་ཏུ་འབྱོར་ལྡན་ཡིན་ན་རིན་པོ་ཆེ་དང་དངུལ་ཆུའི་སྦྱོར་བ་རྣམས་ལ་བསྟེན་པ་ཟབ། དེ་དག་མི་འབྱོར་བ་རྣམས་དཀར་པོ་གྲང་བ་དང་། ནག་པོ་ཚ་བ་ལྟར་བཅོས། སྤྱི་ལ་སྤོས་ཁྱུང་ངམ་སྤོས་དཀར་བཅུ་པ་དང་ཁྱུང་ལྔ་གང་འཕྲོད། སེང་ལྡེང་ཉེར་ལྔ། དངུལ་ཁྱུང་ངམ། མན་རྒྱུད་ཀྱི་དངུལ་ཆུ་རིལ་བུ། བྱུག་པ་རེག་པ་བདེ་བྱེད། བྱ་ཁྱུང་ཤེལ་རལ་ཅན་རྣམས་དང་། སེང་ལྡེང་སྨན་མར་ཟབ། རུས་ལ་ཞེན་ན་པུཥྞཱིའི་སྦྲང་ཆང་བཏང་དགོས། རྐང་ལག་ཆུ་སེར་གྱི་རིགས་ལ་ཤུག་འབྲུའི་ཁཎྡྲི་དང་བུ་རམ་སྦྱར་བ་བཏང་བས་ཕན།

རྩ་དཀར་ནད་ནི་བརྡབ་འགྲམ་འགྲམསརླུང་འཁྲུགས་གྲིབ་རྐྱེན་སོགས་ལས་འབྱུང་ཞིང་། རྒྱུད་ལས་མ་ངེས་པའི་ནད་རྟགས་དུ་མ་སྟོན་པར་གསུངས་པ་ལྟར་བརྟག་དཀའ་ཞིང་། ཚབས་ཆེ་ན་གཟའ་གྲིབ་རྒྱལ་བརྒྱལགྲིབ་སོགས་དང་ཡང་འཁྲུལ་སོ་ཆེ། ཚབས་ཆུང་གཉའ་ལྟག སོག་པ། དཔུང་པ། གྲུ་མོ། སོར་ཚིགས་རྣམས་ན་ཞིང་གཟེར་བ་ཡིན། སྤྱི་སྨན་ཨ་གར་ཉི་ཤུ། བསམ་འཕེལ་ནོར་བུ། ས་འཛིན་ཉེར་ལྔ་རྣམས་མྱོས་ཁུས་ཕུལ་བ་ཟབ། བྱུག་པ་རྩ་དཀར་ཀུན་སེལ་དང་། རྡོ་བྱུག་སོགས་ཕག་ཚིལ་ལམ་མར་རྙིང་ལ་སྦྱར་བ་བྱུགས་ནས་ཉི་མར་བསྲོ། དྭ་ལི་ད་ལིསབཅོ་བརྒྱད། སེང་ལྡེང་ཉེར་ལྔའང་འཕྲོད། ཚབས་ཆེ་ན་སྭོ་རའི་བྱ་ཁྱུང་རིན་ཆེན་གཤོག་རྫོགས། རཏྣ་བསམ་འཕེལ་ཟབ། མཐིལ་བཞི་བསྲེག ཟངས་སེར་གྱི་ཏེལ་བ་བརྒྱག གྲིབ་གཞི་དང་བསྡོངས་ན་བསམ་འཕེལ་ནོར་བུ་བཀྲ་འབུམ་ཞལ་ཤེས་ལྟར་བཏང་། གུལ་རྒོད་ཀྱི་ཐང་གཏོང་། ལ་ཆའི་བདུག་པ་བྱེད། རྩ་དཀར་རིགས་གང་ལའང་མེ་བཙའ་བཙསབསྡམ་པ་གནད་ཆེ་བས་སྤྱི་གཙུག ལྟག་པའི་སྡུད་སྒོ། ལྟག་ཟུར་སྤུ་འཁྱིལ་གཉིས། རྣ་ཤལ་གཉིས་འོག་ནས་ཚོན་རེ་འཇལ་བ། སྒྲོ་གཤོང་གོང་འོག དཔུང་པའི་ཕྱི་མཆན་ནང་མཆན་གཉིས། གཞུ་མཆོག་ཕྱི་དང་རུས་འབུར་སྟེང་བཅས། དཔུང་པ་དང་གྲུ་མོའི་གསང་བཞི་གཟེར་མིག་ཡོད་པ། རྒྱབ་ཀྱི་ཚིགས་པ་དང་པོའི་གཡས་གཡོན་སོར་རེའི་མཚམས། དཔུང་སོག་གཡས་གཡོན་མཚམས་གཉིས། ཚིགས་པ་བཞི་པ་བཅུ་བཞི་པ། སྤྱིའི་དཔྱིའིཁོར་འཁོརམིག་གཉིས། ཐུ་ཚབས་ཆེ་ན་འདིར་ལྔ་སྒྲོམ་དགོས། བརླའི་ཕྱི་ཟུར་གཉིས་རྒྱུས་རྩ་སྦིར་པིརམགོའམ་རྐང་མཐེབ་སྤུ་སྐྱེས་གཉིས་རྣམས་བསྲེག རླུང་ཤས་ཆེ་ན་ཚིགས་པ་དང་པོ་དང་། པུས་མོ་འཁྲོལ་ན་པུས་མོའི་སྒོ་བཞིའང་བསྡམ། ཁྲག་ཤས་ཆེ་ན་སྲིན་ལག་རྒྱབ་རྩ། རྐང་པའི་བྱིན་གཞུག བྱིན་ཀྱོག་རྣམས་ཉུང་ཙམ་གཏར། སྤྱིར་གསེར་ཚུགས རྭ་ཚུགསསེང་ལྡེང་ཚུགས་རྒྱག་པ་དང་མེ་བཞག་པ་གང་འོས་བྱ་ཆོག་ཅིང་། མེ་ཚུགས་གང་ཡང་ཚབས་ཆེ་ན་གྲིབ་གཞི་དང་བསྡོངས་པ་ལ་སྤྱི་གཙུག་དང་ལྟག་པ་འཕྲལ་དུ་བསྡམས་པ་མ་གཏོགས་གཞན་ལ་མ་སྔས་པ་དགོས། ཁྱད་པར་སྤྱི་གཙུག་དང་དཔུང་མགོ་སོགས་རིམ་པར་ཐུར་དུ་དེད་པ་ལས། ཐོག་མར་རྐང་པ་དང་། ལག་སོར་སྲེག་པ་སོགས་བྱས་ན་ཉེན་ཆེ་བས་མི་རུང་བའང་ཤེས་པར་བྱའོ། །

པགས་ནད་ཆུ་སེར་ཟ་འཕྲུག་ལ། སྤོས་དཀར་བཅུ་པ། སྤོས་ཁྱུང་། མན་ངག་འགམ་ཕྱེ་དམར་པོ་རྣམས་དང་། སེང་ལྡེང་ཆིག་ཐང་། པགས་བྱུག་འཇམ་པོའི་རིགས་ཕག་ཚིལ་དང་སྦྱར་བ་བྱུག ཚབས་ཆེ་ན་ཆུ་སེར་གདོང་རྩ་གཏར། མཛེར་པ་ཚབས་ཆེན་ལ་ཁྱུང་ཆེན་ཉེར་ལྔ་ཚད་ལྡན་ཟབ། མཛེར་པ་ཆུང་ངུ་ཁྲབ་བྱང་ལྟ་བུའི་མིག་ནས་དྲངས་ཏེ་བཙོད་མེའམ་ཤེལ་ཚ་མེས་བསྲེག

སྲིན་ཐོར་ལ་ཆེར་རྗེའི་ཁྱུང་དྲུག་གམ། ཁྱུང་ལྔའི་སྟེང་དངུལ་ཆུ་དྲག་འདུལ་མུ་མན་མེནབཅས་ཆ་མཉམ་སྦྱར་བ་ཆང་གིས་ཕུལ་བས་པགས་མཛེ་སྤྱི་ལ་ཟབ། རྒྱ་ཐོར་ལ་ཁོང་སྨན་བྱ་ཁྱུང་བཅུ་གསུམ་བཏང་། མུ་ཟི། ལྡོང་རོས། ལི་ཁྲི། བཙན་དུག་ནུས་བསྲེགས་ར་ཚིལ་ཕག་ཚིལ་ལ་སྦྱར་བ་བྱུག དྲེས་ཐལ་བསྡེབས་ཀྱང་རུང་། ཡང་ཞིང་ནང་ཡོད་པའི་དུག་སྤུ་སུ་དང་ར་མར་སྦྱར་བ་བྱུགས་ནས་ཉི་མར་བསྲོས་པ་ཐེངས་ཆོག་ཡིན། གླང་ཤུ་དང་ཤ་བཀྲ་ལ་ཕག་ཚིལ་དང་མུ་ཟི་སྦྱར་བ་བྱུག

ཕྲན་བུའི་ནད་གསོ་ཐབས་མན་ངག་རྒྱུད་དང་སྡེ་སྲིད་ལྷན་ཐབས་གཞལ་ཞལགསལ་ཞིང་ལེགས། ཁྱད་པར་གཉིད་སྲུང་འགུགས་ཀྱི་གདམས་པ་ལྷན་ཐབས་འདི་ཤིན་ཏུ་ཟབ། ཕྲ་མོ་ཀུན་གྱི་ལག་ལེན་ཤེས་པ་རྣམས་འདིར་མ་བྲིས།

X