//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་བདུད་རྩིའི་ཐིགས་པ། > ནང་དོན།

ལེའུ་ལྔ་པ། ཚ་བའི་ནད་གསོ་བའི་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 16:14:29 ཀློག་གྲངས། 38 

ཚ་བ་ཐོག་མར་ཕོག་སྐབས་ལུས་གྲང་ཤུམ་བྱེད། མེ་ཉི་ལ་དད། རྐང་ལག་བརྐྱང་བསྐུམ་དང་། རྨི་ལམ་ཟ་ཟི་མང་། མགོ་དང་རུས་ཚིགས་ཉྭ་གཞི་ལ་གཟེར་བྲེང་བྲེང་འཁྱུག རྩ་སྟོང་ལ་རྒྱུག ལྕེ་སྐྱ་བོར་རླུང་འབྲུམ་དམར་ཚེམ་ཙིམམང་བ་ནི་མ་སྨིན་པའི་ཚ་བ་ཡིན་པས། དེ་ལ་བསིལ་སྨན་གཏར་བཤལ་སོགས་ཀྱིས་ཚ་བ་བྱར་བྱེརའགྲོ་ཞིང་། དྲོད་བཅོས་བྱས་ན་ཚ་བའི་གྲོགས་སུ་འགྲོ་བས་སྤང་། ནོར་བུ་བདུན་ཐང་ངམ་མ་ནུ་བཞི་ཐང་ལན་ཁ་ཤས་བཏང་། སྨིན་དཀའ་ན་བསིལ་བཅུད་བཅོ་ལྔ། སྨན་སྤྲིན་བྲལ་ཟླ་ཟེར་ཡང་བཏང་བས་སྨིན་པའི་རྟགས་གྲང་ཤུམ་ཆད། ལྕེ་འབྲུམ་ཡལ། གཟེར་བབས་པའི་གནས་གཅིག་ཏུ་འདུས། རྩ་འཁྲང་ཞིང་འཕར་མྱུར། ཆུ་མདོག་དམར་སེར་དྲི་མ་དུགས། རླངས་པ་ཆེ་ཞིང་ཡུན་རིང་། ལྦུ་བ་ཕྲ་ཞིང་སང་སངསསྐྱེན། ཆུ་གར་ཉམས་ཡོད་ཅིང་ཀུ་ཡར་འཐུག ལུས་ལ་རྔུལ་དྲི་འབྱུང་བ་སོགས་བྱུང་ན། གཙོ་བརྒྱད། བེ་དོ་བཅུ་གསུམ། སྟོད་ལུགས་དང་ཟུར་ལུགས་སྤང་རྩི། གི་ཝཾ་དགུ་པ། མན་རྒྱུད་ཙནྡན་སྦྱོར་བའི་རིགས། ཐང་ཆེན་བརྒྱད་པ་སོགས་བཏང་། སྤང་རྩིའི་རིགས་འདི་དར་མ་ཁྲག་ཤེད་ཅན་མ་གཏོགས་རྒས་པ་དང་རླུང་ཅན་ལ་ཅུང་མི་ལེགས། ཁྱད་པར་རྟ་ཟི་རིལ་བུ་ཚད་ལྡན་ནོར་བུ་བདུན་ཐང་གིས་འཕུལ་ཕུལབ་ཟབ། འདིའི་སྦྱོར་ཚད་དར་ཕུག་ཨེམ་མཆིའི་ཆིའིདྲིས་ལན་ལྟར་དགོས། རྩ་བདུན་བརྒྱད་ཙམ་དྲག་ཏུ་འཕར་ནས་སྡོད། ཆུ་མདོག་ལྗང་ངམ་ནག་ཞད་བྱུང་ན་གཉན་དང་བསྡོངས་རྟགས་ཡིན་པས་གཙོ་ཁྱུང་ཁོ་ན་ཟབ། དེ་རྣམས་ཀྱིས་མ་ཐུབ་ན། སྲོ་མ་རྟ་རིའི་བཤལ་སྨན་གྱི་རིལ་བུ་དང་པོ་བདུན། བར་དུ་བཞི། ཐ་མ་གསུམ་རེ་བཏང་བས་ཉི་ཤར་དུས་ཐེབས། བཅད་རན་ནས་ཆུ་གྲོགས་གྲོགདང་། དེ་རྗེས་ཤ་གསར་བཙབས་པའི་ཁུ་བ་ཕྲན་བུ་བླུད། ཚད་རྟགས་སླར་འཕར་ན་སྔོན་གྱི་ཚ་སྨན་རྣམས་བཏང་། དེ་རྣམས་ཀྱིས་གཟེར་ཁ་ཆགབཅག རྩ་ཅུང་དལ་བའམ་རྒྱུག་ཀྱང་མནན་ན་སྟོང་། ཆུ་དྭངས་པའམ་དམར་ཡང་ཀུ་ཡ་སྲབ་ཅིང་སླ་ལ་ལྦུ་བ་ཆེ། དྲི་དང་བྲོ་བ་མེད། ལྕེ་དམར་སྐམ་རྩུབ། སྐྲ་རྩ་སེང་། ཁྱད་པར་རླུང་གསང་ཚིགས་པ་དང་པོ་མནན་མི་བཟོད་པ་བྱུང་ན་རི་ཐང་མཚམས་སུ་སླེབས་པ་ཡིན་པས་བཅོས་ཕྱི་ན་སྟོང་ཚད་སོགས་ཀྱིས་ལ་འདའ་བ་སྲིད་པས། ཕོ་ལོང་སོགས་སྣོད་ཚད་ལ་མན་ངག་བསིལ་སྦྱོར། ཅུ་གང་བདེ་བྱེད། གློ་སྙིང་སོགས་དོན་ཚད་ལ་ཨ་གར་བཅོ་ལྔ་དང་། སོ་ལྔ་གཉན་སྨན་ཅན་ཐུན་ཆུང་རེ་སད་མདའ་བཏང་བས་ཕྱིར་ཕྱིནངས་ལྕེ་རློན་ཞིང་། ཁམས་དྭངས་ཞད་ལས་ཐུ་སྐྱེན་སྐྱོནམེད་ཚེ་དེ་རྣམས་ཐུན་ཅུང་ཆེ་བ་དང་། ཚད་སྨན་ལྟག་སྤྲོད་ཞག་གཉིས་ཙམ་བཏང་། དེ་ནས་བ་འོ་ཕུལ་གང་དང་ཆུ་ཕུལ་གང་མཉམ་དུ་བསྐོལ་བ་བཏང་བས་སྔ་མ་ལས་ཚད་རྟགས་བྲི་ན།ནོར་གྱི་སྲེ་ལོང་གསར་པ་ལྤགས་པགསཔ་ཕུད། ཐལ་ཚན་དུ་ཧྲོག་ཙམ་བྱས་པ་ཆུ་ནང་དུ་ལྷོག་ཙམ་བསྐོལ་ཁུ་ཞག་བཅད་ནས་དགོང་མོར་ཇ་སུན་ཙམ་བཏང་བས་བདེ་ཉམས་ཡོད་ན།སྲེ་ལོང་བཅག་ནས་དུམ་བུ་གཉིས་སུ་བྱས་པའི་དུམ་བུ་རེ་རེའི་ཁུ་བ་ཞག་བཅད་ཉིན་གཉིས་སུ་བཏང་། དེས་ཇེ་བདེ་ཇེ་དྭངས་སོང་ན་ཤ་གསར་མཐེ་བོང་དྲག་ཙམ་བཙོས་ནས་བཏང་བ་སོགས་ཟས་ཆ་ཡིས་གློད། སྨན་ནངས་མོ་སྤྲིན་བྲལ་ཟླ་ཟེར། གཙོ་བརྒྱད་གཡུ་རལ། གི་ཝཾ་དགུ་པ། ཉིན་གུང་གཙོ་བརྒྱད་དམ་སྤྲིན་ཟླ། ནུབ་མོ་ཨ་གར་བཅོ་ལྔ། སོ་ལྔ། བསིལ་བཅུད་བདེ་བྱེད་ཆུང་ངུ་སོགས་བསྟེན།མདོར་ན་སད་མདའ་བཏང་བས་རི་ཐང་ངེས་པ་རྙེད་ཚེ་ནད་ཚབས་ཆེ་ན་གོང་བཤད་ལྟར་གཟབ་ནས་རིམ་བལྟས་དང་། ཆུང་ན་ཐོག་མ་ནས་ནུབ་སྨན་རྣམས་སྲེ་ལོང་ཐང་གིས་འཕུལ་བ་སོགས་སྐབས་བབས་བྱ། བསིལ་སྨན་ཐུན་རེ་ཉིན་གུང་བཏང་བས་ཚད་ལྷག་འདོན། རླུང་སྨན་དང་ཤ་གསར་སོགས་ཀྱིས་རླུང་ཁ་མནན་ཅིང་ལུས་ཟུངས་གསོ། སྨན་རྒྱུན་གཅོད་སྔ་མི་བྱ་བར་རིམ་པར་ཆ་འཕྲི་བ་ཐམས་ཅད་དུ་ཤེས་པར་བྱའོ། །

  ཚ་བ་སྨིན་ལོང་མེད་པ་ནད་ཕོག་མ་ཐག་ནས་གཟེར་ཆེ། ལུས་ཤེད་འཆོར། ཚད་རྟགས་སྟོན། ལུད་པ་དམར་སེར་སོགས་འབྱུང་བ་ནི་རྒྱས་ཚད་ཡིན་པས་འཕྲལ་དུ་གཉེན་པོ་མ་སླེབས་ན་སྲོག་ལ་རྒོལ་བས་གཙོ་བརྒྱད་སོགས་བསིལ་སྨན་བཏུད་བསྟུདནས་གཏོང་བ་སྨན་གྱི་ཆུ་བཞི་རྩལ་སྤྲུགས་བྱེད་པ་གསུངས་ཀྱང་། ནད་འདི་ལ་དེང་སང་དུས་དབང་གིས་གཉན་དང་མ་འདྲེས་པའི་ཚ་རྐྱང་ཆེར་མི་འབྱུང་། ག་བུར་དང་གཏར་ཁ་གཏན་ནས་འགྲོ་མི་ཕོད་པས་འོག་གཉན་རིམས་སྐབས་ལྟར་བཅོས།

  སྟོང་ཚད་ནི། གོང་གི་རི་ཐང་མཚམས་སུ་བཤད་པའི་རྟགས་རྣམས་འབྱུང་། ཁྱད་པར་བསིལ་སྨན་གྱིས་ཚད་རྟགས་ཆེར་སོང་ན་ངེས་པ་ཡིན་པས། སྤྲིན་ཟླ། ཨ་གར་རིགས་རྣམས་འཕྲོད། སྟོང་ཚད་སྲོག་རྩར་ཤོར་ན་སེམས་འཕྱོ། ཅལ་ཅོལ་སྨྲ། ཚབས་ཆེ་ན་རིག་པ་མ་ཟིན་སྨྱོ་བའང་འབྱུང་བས། རྒྱུད་ཀྱི་སྲོག་འཛིན་བརྒྱད་པ། དར་ཕུག་སྲོག་འཛིན་བཅུ་གཅིག སྲོག་རླུང་འཇོམས་རྡོར་སོགས་མྱོས་ཁུས་ཕུལ། ཀོ་བྱིའི་རིགས་ཀྱང་འཕྲོད། ཚིགས་པ་དང་པོ་དང་དྲུག་བདུན་མེས་མནན། འདི་ནི་རི་ཐང་ཕྱེ་ཚོད་མ་ཟིན་པ་དང་། རིམས་དང་འབྲེལ་བའི་ཚ་བ་ཕལ་ཆེར་ལ་འབྱུང་བས་ཟས་གསར་བཅུད་ཀྱིས་རླུང་སྣ་ལེན་པ་ཟབ།

  གབ་ཚད་ནི། རིམས་ཀྱིས་བསྐྱེད་པ་སོགས་ཚ་བ་ཕོག་པ་ཟས་སྤྱོད་རྐྱེན་གྱིས་བད་རླུང་འཕེལ་བའམ། མ་སྨིན་པའི་ཚ་བ་བསིལ་གྱིས་དེད་པ་སོགས་ཀྱིས་གཏིང་དུ་ཚ་བ་གབ་པ་ལ། བད་རླུང་གི་རྟགས་སྟོན། ཁྱད་པར་ཕོ་མཁལ་སྙིང་གསུམ་ལ་གབ་ན་ཁྲག་རླུང་དང་ནོར་ཉེན་ཡོད་པས་ཞིབ་ཏུ་བརྟག་པ་གལ་ཆེ། དེའི་རྟགས་ནི་རྩ་དལ་ཡང་གཏིང་གྲིམས། ཆུ་སྔོ་དཀར་ལ་ལྡོག་སྐྱེན་ཞིང་ཀུ་ཡ་ལིང་གིས་འདྲིལ། བསིལ་དྲོད་གང་ཡང་འཕྲལ་འཕྲོད་པ་ལྟར་སྣང་ཡང་བཏུད་བསྟུདན་གནོད་ན་ངེས་པ་ཡིན་པས། སྙིང་ལ་གབ་ན་ཨ་གར་རིགས། ཕོ་བར་གབ་ན་སེ་འབྲུའི་རིགས། མཁལ་མར་གབ་ན་ཨ་རུ་བཅུ་པ། གུར་གུམ་བཅུ་པ་སོགས་དྲོད་ལྡན་བསྟེན་པས་དང་པོ་བད་རླུང་ལ་སླེབས་པས་ཕན། བར་དུ་བད་རླུང་ཐལ་བས་ཕན་གནོད་མེད། མཐར་གཏིང་ཚད་ལ་སླེབས་པས་དྲོད་ཀྱིས་གནོད་ཅིང་ཚད་རྟགས་མངོན་གྱུར་བྱུང་དུས་ཚད་བཅོས་གོང་གསལ་བྱེད།

  རྙིང་ཚད་ཡུན་རིང་ལོན་ནས་ནད་མཇུག་མ་ཆོད་པ་སྟེ་ལུས་སེམས་ལྗིད། གཟེར་ཕྲན་ངེས་མེད་ལྡངསལྡང་ རྩ་རྒྱུད་ཕྲ་ལ་གཏིང་གྲིམས། ཆུ་མདོག་ངེས་པ་མེད་ཀྱང་དྲི་དང་བྲོ་བ་ཆེ། ལྡོག་དཀའ་ཞིང་ལོག་ན་ཀུ་ཡ་མཐུག སྟོད་ཁེངས་ཤིང་མགོ་དང་རུས་ཚིགས་སྐབས་སུ་ན། རླུང་དང་བསྡོངས་ན་རླུང་རྟགས་ཐོར་བུའང་འབྱུང་བ་ཡིན་ལ། སྨན་གཏིང་འདོན་ཉེར་ལྔ། མན་རྒྱུད་ཀྱི་ཤིང་སྣ་བརྒྱད་པ་ཟབ། སྤོས་དཀར་བཅུ་པའང་འཕྲོད། ནད་གཏིང་ཆེ་ན་སྨུག་པོའི་བཅོས་ཐབས་རྣམས་དང་འཕྲུལ་དགོས་སོ། །

  རྙོགས་ཚད་ནི། ཚ་བ་ཆུ་སེར་དང་བསྡོངས་པ་སྟེ། ཚད་རྟགས་སྤྱིའི་སྟེང་དུ་མིག་དང་རྐང་བོལ་གཡོ། སྙིང་འཕར་ཞིང་རྩེ་ཆུང་རྡེག དབུགས་རྒོད། རྩ་ཅུང་འདར། ཆུ་ལ་རྒྱ་བཤལ་འབྱུང་བ་ལ། གི་ཝཾ་དགུ་པ། ཅུ་གང་བདེ་བྱེད། འབོལ་སྨན་བདུན་པ། བདེ་བྱེད་ཀུན་ཕན། གླང་ཆེན་བཅུ་གསུམ་སོགས་ཟབ། ནད་འདིས་ཡུན་རིང་མནར་བ་ལ་སྲོ་མ་རྟ་རིའི་སྦྱོང་དང་། གཉན་ཤས་མེད་ན་ག་བུར་ཉེར་ལྔ་བཏང་། འདི་ཚ་གསོག་ལ་འགྱུར་ཉེན་ཆེ་བས་ཟས་སྤྱོད་སོགས་ཤིན་ཏུ་གཟབ།

  འགྲམ་འགྲམསཚད་འཁྲུགས་ཚད་སོགས་ཕལ་ཆེར་རྒྱས་ཚད་གཞིར་བཞག་ལ་སྡོང་ཟླ་གང་བྱུང་གི་གཉེན་པོ་དང་བསྡེབ། འཁྲུགས་སུ་ཤོར་བར་ག་བུར་ཉེར་ལྔ་ཟབ་ཀྱང་གཉན་ཤས་མ་ཆོགས་པར་མི་བཏང་། གཏོང་དུས་ཀྱང་གཙོ་བོ་ག་བུར་སྲན་མ་ཙམ་བྱས་ནས་སྟོང་རི་ཟིལ་བ་ཕོན་ཆེར་གཏོང་བ་ཕྱག་ལེན་ཡིན།

  ཚ་བ་དོན་སྣོད་དུ་བབས་པའི་རིགས་གོང་གི་རྒྱས་ཚད་བཅོས་གཞིར་བཞག་སྟེང་། སོ་སོའི་གཉེན་པོ་དང་ལྟག་སྤྲད་དུ་གཏོང་དགོས་ཏེ། སྙིང་ཚད་སྙིང་མི་བདེ། ཟ་ཟི་ཆལ་ཆོལ་བྱེད་པ་རྒྱུད་ཀྱི་སྲོག་འཛིན་བརྒྱད་པ་དང་། བསིལ་བཅུད་སོགས་ཨ་གར་རིགས་བཏང་།

  གློ་ཚད་ལུད་པ་ཁྲག་ཏུ་འོང་བ་ལ་ཨ་བྱག་དྲུག་ཐང་། རྟ་ཟི་དམར་པོ། ཕྱི་རྒྱུད་གུར་གུམ་བདུན་པ། གཙོ་བརྒྱད་བཅུ་གཉིས་ལྷག་པར་ཟབ། ཁྱུང་སྔོན་དགུ་པའང་ཟབ་ཅིང་གཉན་ཤས་ཆེ་ན་སྲོ་ལོ་བྲི། འཁྲུགས་གློ་ཚ་ཤས་ཅན་ལའང་ཁྱུང་དགུ་ལེགས་ཤིང་དེ་ལ་ཅུ་གང་བསྣན་པ་ཕྱག་ལེན་ཡིན། ཚད་མགོ་ཆོགས་ནས་ག་བུར་རིན་ཆེན་ཞགས་སྦྱོར། ཕྱི་རྒྱུད་ཙན་དན་བརྒྱད་པ་ཟབ། མཐར་གཙོ་བོ་ཉེར་ལྔ། ནོར་བདུན་གློ་སྨན། སྤྲིན་བྲལ་ཟླ་ཟེར་སོགས་བཏང་། འདི་དང་གློ་བ་ཁྲག་རྒྱས་གཉིས་རུལ་ཉེན་ཆེ་བས་མཐར་རྒྱབ་རྩ་དྲུག་འདུས་དང་དཔུང་རྩ་གང་རུང་གཏར།

  མཆིན་ཚད་ལ། གི་ཝཾ་དགུ་པ། གི་ཏིག ཨུཏྦལ་བརྒྱད་པ། ཉམས་ཡིག་གི་ཝཾ་བཅུ་གཅིག མན་རྒྱུད་ཙནྡན་སྦྱོར་བ། ཕྱི་རྒྱུད་གུར་གུམ་བདུན་པ། གཙོ་བརྒྱད་ལ་གི་ཝཾ་དངོས་ཡོད་ན་རབ། མེད་ན་བྲག་ཞུན་སྦྱར། གང་ཡང་ཆ་མཐོ་བྱས་པ་བཏང་། མཐར་མཁྲིས་བཤལ་ལམ་རུ་ཐུང་གཏར། མཆིན་མཁྲིས་འདོམས་རྩའང་ལེགས།

  མཆེར་ཚད་ལ། རྒྱུད་ཀྱི་གུར་གུམ་བདུན་པ། ཨ་རུ་བདུན་པ་བཏང་།

  མཁལ་ཚད་ལ་ཤུག་ཚེར་བདུན་སྦྱོར། ཕྱི་རྒྱུད་གུར་བདུན། གུར་གུམ་བཅུ་གསུམ་ཟབ། མཐར་བྱིན་གཞུག་ལོང་རྩ་གང་རུང་གཏར།

  གཉན་ཚད་མཁལ་མར་བབས་པའི་ཁ་མེད་ལ་བྱེ་རིང་རྣམ་རྒྱལ་དགུ་པ་བཏང་། འདི་རྣམས་ཀྱི་ནད་རྟགས་ནི་གང་ལ་བབས་པའི་ཐད་ཀྱི་རྩིབས་རྩིབམ་སོགས་གཟེར་བ་ལས་ཤེས་ཤིང་། ཆུ་མདོག་ཀྱང་དམར་ཤས་ཆེ་ན་གློ་བ། སྨུག་བཤད་ཤསཡོད་ན་མཆིན་པ། ལྗང་མདོག་ཡོད་པ་མཆེར་པ། དམར་སེར་བྱེ་ཞབས་ཅན་རྙོགས་ཞད་ཡོད་པ་མཁལ་མ་ལ་ནད་ཡོད་པའང་ཤེས་པར་བྱའོ། །

  ཕོ་བར་གཟེར་འདྲིལ་བའི་ཕོ་ཚད་ལ། བྲག་ཁྱུང་། སླེབ་ཆོག བྲག་ཞུན་དགུ་པ་ཁ་རྐྱང་སོགས་བཏང་། དཀར་པོ་དྲུག་སྦྱོར་སྟེང་རྒྱམ་ཚ། བསེ་སྦུར། གླ་རྩི། ཕུར་ནག་ཁཎྡྲི་རྣམས་སྦྱར་བས་གཉན་གླང་ཕོ་བར་བབས་པ་ལ་ཟབ་གསུངས།

  རྒྱུ་མར་བབས་ན་མཁྲིས་ཕྱེ་ཉེར་ལྔ་སོགས་ཕལ་ཆེར་རྒྱུ་རིམས་ལྟར་བཅོས། །

X