//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་བདུད་རྩིའི་ཐིགས་པ། > ནང་དོན།

ལེའུ་གསུམ་པ། བད་ཀན་གྱི་ནད་གསོ་བའི་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 16:10:42 ཀློག་གྲངས། 34 

བད་ཀན་གྱི་ནད་སློང་བའི་རྐྱེན། ཧ་ཅང་དལ་བར་སྡོད་ཆེ་བ་དང་། ས་ཆུ་མ་འཕྲོད་པ། བཟའ་བཏུང་མ་ཞུ་བ། ལུས་ཟུངས་རྒས་པ་སོགས་ཀྱིས་སྐྱེད། ནད་རྟགས་ལུས་སེམས་ལྕི་བས་འགུལ་བསྐྱོད་མི་འདོད། ཟས་མི་འཇུ། དང་ག་ཞན། ཁ་མངལ། ཕོ་བ་དང་མཁལ་རྐེད་མི་བདེ། ཚིགས་མཚམས་ལྷོད། རྩ་བྱིང་ཞིང་གུད་ལ་དལ་བར་འཕར། ཆུ་དཀར་ལ་ཉོག་ཅིང་ལྦུ་བ་ཞིབ། ལྕེ་སྐྱ་ཞིང་གླེགས་གླེགལ་མདངས་མེད་པ་ནི་བད་ཀན་སྐྱ་བོ་རང་རྒྱུད་ཅན་ཡིན་པས། བདེ་བྱེད་སྙོམས་ལྡན། ཕག་གྲུའི་སྦྱོར་བ། རྒྱུད་ཀྱི་ཅོང་ཞིའི་ཅུར་ནིས། ཅོང་ཞི་བསིལ་སྦྱོར། སེ་འབྲུའི་སྦྱོར་བའི་རིགས་བཅས་ལེགས། སྒ་ཆུ་བསྐོལ། རྒྱམ་ཚ་བཞི་ཐང་། ནངས་མོ་ཆུ་བསྐོལ་རྒྱུན་འཐུང་བྱ། འབྲུ་རྙིང་གི་བཙོས་ཟན། ལུག་དང་གཡག་རྒོད་ཤ ཆང་ནར་སོན་རྣམས་འཕྲོད། ཧ་ཅང་དལ་བར་མི་སྡོད་པར་རྟེན་ལ་བསྐོར་བ་སོགས་རྩོལ་བས་གཅག་བཅགསཔ་ནི་བད་ཀན་སྤྱི་ལ་གཅེས། དཔྱད་ཀྱི་མཆོག་སྐྱུགས་ཡིན་ཀྱང་གཅོང་ཅན་དང་རྒན་པོ་སོགས་ལ་མི་འཕྲོད། བཅུ་གཉིས་པ་སོགས་བད་ཀན་གསང་མེས་བསྡམ།

མཁྲིས་པ་ཕོ་ཁར་འདྲིལ་ནས་ཕོ་ཐོག་ཐོགསརང་ཡང་མིན་པ། དང་ག་མི་བདེ། ཟས་སྐོམ་མི་ལེན། བད་རྟགས་ཀྱང་ཡོད་པ་དེ་བད་ཀན་སེར་པོ་ཡིན་པས། སེ་འབྲུ་པདྨ་འདབ་བརྒྱད་སོགས་བད་མཁྲིས་ཀྱི་སྨན་དང་། གོང་བཤད་རྣམས་ལྟག་པ་སྤྲད།

བད་ཀན་ཁྲག་མཁྲིས་དང་འདྲེས་པ་སྨུག་པོ་ཡིན་ཅིང་། ནད་རྟགས་ཕོ་མཆིན་དང་རོ་རྒྱབ་གཟེར། སྐབས་སུ་མགོ་བོ་སོགས་ངེས་མེད་ན། བྲང་ཚ་ཆུ་སྐྱུར་སྐྱུགས། ཁྲག་རུལ་དུད་ཁུ་འཁྲུ་སྐྱུགས་བྱེད། རྩ་སྦོམ་ལ་གུང་མོའི་འོག་གི་རྩ་གཉིས་ཞན། ཆུ་སྨུག་ལ་ཉོག་པ་འབྱུང་། རྒྱུད་ལས་རྣམ་འགྱུར་བཅུ་གསུམ་དུ་གསུངས་ཀྱང་མདོར་བསྡུ་བསྡུསན་དང་པོ་ཆུ་སྐྱུར་སྐྱུགས་པའི་ལོ་མ་ཤར་ཚེ་སྨུག་པོ་ཚ་བའི་དུས་ཡིན་པས་དྲོད་བཏང་མི་ཉན། ཐང་ཆེན་ཉེར་ལྔ་བཏང་། སྤྱིར་སྨུག་པོ་གྲང་རྐྱེན་མ་གཏོགས་སྟོད་སྨད་བར་གསུམ་ཐམས་ཅད་དུ་ཐང་ཆེན་ཉེར་ལྔ་ཁོ་ན་ཟབ་ཆེ་བས་རྒྱུན་དུ་བཏང་དགོས། སྨུག་པོའི་གཡུལ་རྒྱལ་ལམ་སྟོད་ལུགས་ཅོང་ཞི་ཉེར་གཅིག བདུད་རྩི་གསུམ་སྦྱོར་དང་ཨར་སྐྱུར་བསྡེབས་པའི་ལྔ་སྦྱོར། རྒྱུད་ཀྱི་ཅོང་ཞི་དྲུག་པ། ཅོང་ཞི་བསིལ་སྦྱོར། ཅོང་ཞི་ཉེར་ལྔ་དང་དགུ་པ། མན་རྒྱུད་རྡོ་རྩི་སྔོ་གསུམ། གསེར་མདོག་བཅོ་བརྒྱད་རྣམས་དང་། སྐབས་སུ་མ་ནུ་བཞི་ཐང་དྲོ་འཇམ་ཡང་བསྟེན། ཁྲག་སྟོབས་ཆེ་ན། སྐྱུ་རུ་ཉེར་ལྔ། གི་ཝཾ་དགུ་པ། མན་ངག་བསིལ་སྦྱོར། གླང་ཆེན་བཅོ་བརྒྱད་རྣམས་བཏང་། དེས་ཆུ་མདོག་དམར་སྨུག་དྭངས། ཟས་མི་ཞུ་ཞིང་སྦྲན་དུག་ལྟར་ན། བར་དུ་རྒྱ་བཤལ་སྐྱུགས་པའི་ལོ་མ་ཤར་ཚེ་ཚ་གྲང་འཐབ་པའི་དུས་ཡིན་པས་སྨན་སྔ་མ་རྣམས་དང་། ཁྱད་པར་གཡུ་དྲིལ་བཅུ་གསུམ། ཅོང་ཞིའི་ཅུར་ནིས། བདེ་བྱེད་སྙོམས་ལྡན། བདེ་བྱེད་ཀུན་ཕན། ཟླ་ཤེལ་ཆེན་མོ། བདེ་བའི་མྱུ་གུ། ཀ་རུ་ཁ་སྦྱོར་རྣམས་བཏང་། ཁྱད་པར་འོག་ཏུ་འབྱུང་བའི་དུང་རུ་བཅོ་བརྒྱད་ཟབ། མདོར་ན་བསིལ་དྲོད་སྙོམས་པའི་ལྟག་སྤྲོད་བསྟེན་དགོས། འདི་རྣམས་སྤྱི་འགྲོའི་སྨན་ཡིན་ཅིང་སྨུག་པོ་གཞིར་བཞག་གི་ནད་ལ་ཕོ་བ་མི་བདེ་བ་ཤས་ཆེ་ན་བད་ཀན་བཅོས། མཆིན་པ་ལ་ཁྲག་བཅོས། རྒྱུ་མ་ལ་མཁྲིས་བཅོས། ལོང་ལ་རླུང་བཅོས་ཤས་ཆེར་དགོས་པ་སོགས་རིག་པས་འཕྲུལ། དཔྱད་སེར་གསེརབཤལ་དང་མཁྲིས་བཤལ་སོགས་བཏང་། སྐབས་འདིའམ་གཞན་དུ་མ་ཞུ་དུག་ཐབས་སོགས་ཀྱིས་ཉི་དྲོས་ནས་གཟེར་ཞིང་གཡས་ངོས་མཆིན་པ་ལ་ཟུག་ཡོད་ན། གི་ཝཾ་དང་གངས་ཐིག་ཐིགསཆ་མཉམ་ཉི་ཟླ་ཁ་སྦྱོར་དུ་དྲག་གྲགསཔས་སེལ་ཞིང་། འདུས་ནད་སོགས་ཀྱི་བཞུག་གཞུགཏུ་མཆིན་གློ་ལུ་བ་ལའང་ཆེས་ཕན། ཐ་མ་དུད་ཁུ་སྐྱུགས་པའི་ལོ་མ་ཤར་ཚེ་ཐོག་མར་ཁྲག་ལམ་ཆོད་མ་ཆོད་ཕྱེད་པ་གནད་ཆེ་བས། ལོ་ཉུང་ཟུངས་བཟང་རིགས་ལ་གོང་གསལ་སྨན་རྣམས་བཏང་བས་རང་བཞིན་ཆོད་པའང་ཡོད་པས་དེ་ལ་ཡག་ཉེས་མེད་ཕྱིར་དེ་རིགས་རྒྱུན་སྨན་དུ་བྱ། ཟས་སྤྱོད་རྒྱུན་རིང་གཟབ་པ་གནད་ཆེ། མདུན་རྒྱབ་སྟོད་སྨད་བར་གྱི་རང་སྲང་གསངབསྡམ། ཟུངས་ཟད་རྒས་པ་ཁྲག་ལམ་མ་ཆོད་ན་གླང་ཆེན་བཅུ་གསུམ་ལ་ཁ་ཆེ་དང་དོམ་མཁྲིས་བཏབ་པ། མདོར་ན་ཁྲག་གཅོད་རིགས་དང་ཁྱད་པར་ཐང་ཆེན་ཉེར་ལྔར་ཁ་ཆེ་གུར་གུམ་ལྡབ་ལོག་བསྣན་པས་བཅད། སྨུག་པོ་བརྡོལ་བ་སོགས་ལ་ཉམས་ཡིག་གི་སྨུག་པོ་ཚད་རྐྱེན་སྐབས་སུ་ཡོད་པའི་གླང་ཆེན་བཅུ་གཅིག་པ་རྣོ་བས་ཐོག་མར་བཏང་གསུངས། རྒན་པོ་དང་ཟུངས་ཟད་རིགས་ཁྲག་ལམ་མ་ཆོད་ན་བཅོས་དཀའ་བས་སྨན་གོང་གསལ་བཏང་། ལུས་ཟུངས་གསོ། རླུང་གསང་མནན་ཅིང་རླུང་སྨན་བཏང་བ་སོགས་རླུང་ལ་བྱ་ར་གལ་ཆེ། ཆོད་ནའང་རླུང་གིས་ཁྲིད་ནས་སྐྱ་རྦབ་དང་ཆུ་གཞིར་འགྱུར་ཉེན་ཆེ་བས། དགོང་མོར་ད་ལི་ལིསབཅུ་དྲུག ནངས་མོར་ལྕགས་ཕྱེ་བཅོ་ལྔ། དྭངས་མ་གནས་འཇོག་སོགས་སེ་འབྲུའི་རིགས། ཉིན་གུང་ལ་ཅོང་ཞིའི་ཅུར་ནིས་སོགས་ཅོང་ཞིའི་སྦྱོར་བ་བཏང་། ཟས་སྔོ་ཚོད། ལ་ཕུག ཇ་ཁྲེབ། འོ་རློན། རུལ་སྐྱུར། ཞོ་ཆང་མ་ལངས་པ། ཤིང་ཏོག་མ་སྨིན་པ། ཤ་མ་ཚོས་པ་དང་ཚིག་པ་ཁེང་ཁེངསཔོའི་རིགས་སོགས་ཡུན་རིང་བར་ཤིན་ཏུ་འཛེམ། གསར་བཅུད་རིགས་ཀྱིས་ལུས་ཟུངས་གསོ། སྤྱོད་ལམ་མེ་ཉི་བསེར་བུ་སོགས་སྤངས་ནས་བསིལ་དྲོད་སྙོམས། རྩོལ་བས་གཅག་བཅགས རླུང་སྲང་གསངསྟོད་སྨད་དང་བད་ཀན་རང་གསང་བསྡམ། འདི་ལ་གཏར་བཤལ་ཡག་ཉེས་ཆེ་བས་གཏན་ནས་མི་རུང་ངོ་། །མཐར་གྲང་བ་ལ་བབས་ནས་མཁལ་སྐེད་ན། ཁམས་ཟགཟགས ཁ་ཟས་གཏན་ནས་མི་ཞུ་བ་སོགས་ལ་འོག་གི་གྲང་རྐྱེན་ལྟར་བཅོས།

བྱེ་བྲག་སྨུག་པོ་ཚ་རྐྱེན་ནམ་ཁྲག་རྐྱེན་ཞེས་པ། ཕོ་མཆིན་རོ་སྟོད་དུས་རྒྱུན་གཟེར། སྐབས་སུ་མགོ་ན། ལུས་ཁམས་ཉོབ། ཞེ་ལྡོག ཟས་མི་འཇུ་བ་སོགས། སྟོད་ནས་སྨད་དུ་བབས་པའི་རིགས་ལ། མ་ནུ་བཞི་ཐང་། ཐང་ཆེན་ཉེར་ལྔ། ནངས་སྨན་དྭངས་མ་གནས་འཇོག་སོགས་སེ་འབྲུའི་རིགས། མན་རྒྱུད་གངས་ཏིག་ཐིགསབཅུ་དྲུག སྔོ་རྩི་རྡོ་གསུམ་སྦྱོར་བ། གཉེན་པོ་བདུན་སྦྱོར། མན་རྒྱུད་སེ་འབྲུ་བཞི་པའི་ཁ་སྒྱུར་རིགས། མན་ངག་བསིལ་སྦྱོར། ཅོང་ཞི་བསིལ་སྦྱོར། ཕྱི་རྒྱུད་ཅོང་ཞི་དྲུག་པ། བདུད་རྩི་སུམ་སྦྱོར་དང་ལྔ་སྦྱོར། གསེར་མདོག་བཅོ་བརྒྱད་སོགས། ཉིན་གུང་ལ་གླང་ཆེན་རིགས།གསེར་རྩི་བཅོ་བརྒྱད། གི་ཝཾ་དགུ་པ། མན་རྒྱུད་སྔོ་སྦྱོར། ཕྱི་རྒྱུད་ཨུཏྦལ་བརྒྱད་པ། གཡུལ་རྒྱལ་སོགས་བཏང་། ནུབ་མོར་ཟླ་ཤེལ། བདེ་མྱུག གྲུབ་ཐོབ་རིལ་དཀར། རྒྭ་ལོ་སྐྱུ་རུའི་ཁ་ཚར་ཅན། སྐྱུ་རུ་ཉེར་ལྔ། མན་བསིལ། ཅོང་བསིལ་སོགས་ཀྱང་བཏང་། ཟས་སྤྱོད་གཟབ། རྗེས་གཅོད་མ་གཏོགས་དཔྱད་གཞན་མི་རུང་ཡང་། རུ་ཐུང་། རྒྱབ་རྩ་དྲུག་འདུས། ཐེབས་ན་སྣོད་ཀ་དང་མཆིན་མཁྲིས་འདོམས་རྩ་སོགས་གཏར། གཟེར་ཚབས་ཆེ་ན་ཆུ་རྡོའི་དུགས་བྱ། མཆིན་པར་ཁྲག་རྒྱས་ཆེ་ན་གླང་ཆེན་རིགས་བཏང་། རུ་ཐུང་གཡས་པ་སོགས་གཏར་ཁ་ཤིན་ཏུ་འཕྲོད་ཆེ། རྗེས་གཅོད་རིན་ཆེན་རིལ་བུ་བཏང་བ་ལེགས། སྤྱིར་ཟླ་ཤེལ་བཏང་། གང་རུང་ལ་རིན་ཆེན་རིལ་བུ་བཏང་བ་ཟབ།

སྨུག་པོ་གྲང་རྐྱེན་མ་ཞུ་བའི་རྒྱུ་ལས་བྱུང་བ་ཟས་མི་ཞུ། སྒྲེག་པ་བྱེད། བེ་སྣབས་སྐྱུགས། འཕོ་ཕོབ་འཚིང་ཞིང་གཟེར།ལུས་ཁམས་ཉོབ་པ་སོགས་ཀྱི་མཐར་གཅོང་སྡེ་དྲུག་ཏུ་འགྱུར་ཉེན་ཆེ་བས། རྒྱམ་ཚ་བཞི་ཐང་། མན་རྒྱུད་སེ་འབྲུའི་རིགས། ཅོང་ཞིའི་ཅུར་ནིས། ཕྱི་རྒྱུད་སེ་འབྲུའི་སྦྱོར་བ་དང་། ད་ལིའི་སྦྱོར་བའི་རིགས་གང་བདེ་གང་འཕྲོད་སྐབས་བསྟུན། རྒྱམ་ཚ་དྲུག་པ། སེ་འབྲུའི་ཅུར་ནིས། བདེ་བྱེད་སྙོམས་ལྡན། ཕག་གྲུའི་སྦྱོར་བ། བཅོ་ལྔ་དྲག་སྦྱོར། གཡུ་དྲིལ། ཅོང་ཞི་འཕྲུལ་ཐལ་སོགས་རྡོ་སྦྱོར་དང་ཚྭ་སྦྱོར་རིགས་འཕྲོད། གསར་བཅུད་ཀྱིས་ལུས་ཟུངས་གསོ་བ་ཙམ་ལས་ཟས་འཛེམ་ཤིན་ཏུ་ཆེ་དགོས། ལྟོ་སྨྱུང་ཞིང་ཞོགས་པ་སོགས་ལ་ཆུ་བསྐོལ་ཡང་ཡང་འཐུང་། མཐར་ཚ་ལའི་འཕྲུལ་བཤལ་གཙོས་པའི་སྦྱོང་དང་སྐྱུགས་ཀྱིས་དྲང་། རྗེས་གཅོད་རང་སྲང་གསངམདུན་རྒྱབ་མེས་བསྡམ། གྲང་རྐྱེན་རིགས་ལ་རིན་ཆེན་རིལ་བུ་མི་འཕྲོད་ཅིང་རིན་ཆེན་མང་སྦྱོར་ཟབ། སྨུག་པོ་ཚྭ་གྲང་ཐོག་མ་ནས་འཐབ་པའི་རིགས་ཀྱང་ཡོད་པས་སྨན་བསིལ་དྲོད་སྙོམས་པས་གཉིས་ག་ཟུང་འབྲེལ་དུ་བཅོས་པ་སོགས་རིགས་རིགཔས་འཕྲལ་ཤེས་པར་བྱའོ། །

བད་ཀན་མགུལ་འགགས་སམ་གྲེ་ཐོག་ཐོགསཀྱི་རྟགས། བྲང་རྒྱབ་དང་ཕྲག་མིག་གཟེར། བྲང་ཚྭ་ སྐབས་སུ་གྲེ་བ་དང་ལྕེ་ཐོག་ཏུ་སྤུ་ཡོད་པ་འདྲ་བ་དང་། ཕྲེང་རྡོག་ལྟ་བུ་ཡར་འགྲོ་ཕྱིར་འགྲོ་བྱེད་པ་འབྱུང་། རྒྱུད་དུ་དབྱེ་བ་བཅོ་བརྒྱད་ཙམ་གསུངས་ཀྱང་བསྡུ་ན་ཚ་འགགས་གྲང་འགགས་གཉིས་སུ་འདུ་བ་ལས། ཚ་འགགས་ཟུག་ཤིན་ཏུ་ཆེ། རྩ་ཅུང་ཟད་གྲིམ་གྲིམས ཆུ་མདོག་སེར། གྲང་འགགས་ཟུག་གཟེར་ཆུང་། རྩ་སྟོང་ཞིང་ལྷོད། ཆུ་མདོག་སྔོ། དེ་གཉིས་ཀ་ལ་ཐོག་མར་མན་ངག་བསིལ་སྦྱོར་ཚད་ལྡན་ཞག་ཤས་བསྟེན། དེ་རྗེས་ཚ་འགགས་བད་ཁྲག་ཤས་ཆེ་བ་ཡིན་པས། སྤང་རྒྱན་བཅོ་ལྔ་དང་ཉེར་ལྔ། མཁའ་འགྲོ་བཅུ་སྦྱོར་རྒོད་གཡག་ཁྲག་གིས་ཕུལ་བ་རྣམས་ཕན་ཆེ། གྲང་འགགས་ལ་ཉང་ལུགས་རྡོ་ཐལ་ཉེར་བདུན། གཉིས་ཀ་ལ་བེ་ཁྲག་ཉེར་ལྔ་ཚད་ལྡན། འབྲོང་ཁྲག་དྲུག་པའམ་བརྒྱད་པ། གོ་ཡུ་བཅུ་བདུན། བད་ཁྲག་ཤས་ཆེ་ན་སྐྱུ་རུ་ཉེར་ལྔ། རྒྭ་ལོ་ལ་སྐྱུ་རུ་བུངས་སྐྱེད།སྤང་རྒྱན་དཀར་པོ་འཁོར་སྨན་གཅིག་དང་ཆ་མཉམ་བསྣན་པ་ཟབ་ཅིང་། གུར་གུམ་བཅུ་གསུམ་དང་བདུད་རྩི་སུམ་སྦྱོར་བསྲེས་པའམ་དེ་གཉིས་ལྟག་སྤྲོད་བཏང་། མར་བབས་ནས་ལྷེན་དང་ཕོ་བར་འདྲིལ་ན་ཕོ་ཐོག་ཐོགསབཅོས་བྱ། ཡར་བབས་ནས་ལྕེ་ལ་འབྲུམ་པ་བྱུང་ན་གྲི་ལྕགས་ཀྱི་ཏེལ་བས་བསྲེག ལྕེ་རྒྱས། སྐད་འགགས་པ་སོགས་བྱུང་ན་ལྕེ་རྩ་གཏར། ཟས་རྩམ་ཡིབ། ཤ་ཐུད་རུལ་པ།རྒྱུ་ཁྲག མ་སྨིན་པའི་རིགས་ཐམས་ཅད་ཤིན་ཏུ་གནོད་ཅིང་ཁྱད་པར་ལུག་ཤ་རྙིང་པ་ཟོས་ན་བཅོས་སུ་མེད་པས་རྟག་ཏུ་སྤང་། གྲེ་ཐོག་ཐོགསཕོ་ཐོག་ཐོགསགཉིས་ཀར་ཚིག་ཧྲོག་གི་རིགས། ཇ་སྣུམ་ཚིག་སོང་བ། གྱོང་པོའི་རིགས་རྣམས་དང་། ཕོར་གྲིབ་གོས་གྲིབ་སོགས་གྲིབ་རིགས་ཤིན་ཏུ་འཛེམ་པ་གལ་ཆེ། སྔ་དྲོ་ཟ་འཐུང་ཉུང་ཙམ་བྱེད། ཕྱི་དྲོ་ལྟོ་ཆས་ཤིན་ཏུ་འཛེམ། སྐྱུགས་འཕྲོད། རྗེས་གཅོད་ཚ་འགགས་ལ་གསལ་ན་ཐོང་རྩ་དང་། མི་གསལ་ན་རྩེའུ་ཆུང་ཞད་ཙམ་གཏར། གྲང་འགགས་ལ་རྐེ་ལྟོང་སྐེ་སྟོངལྷེན་གསང་ཚིགས་བཞི་པ་བསྲེག སྤྱིར་མེ་བཙའ་སྔ་མི་རུང་ཞིང་རྗེས་གཅོད་ལ་ལེགས། གནམ་ཆོས་ལུགས་སོགས་ཀྱི་སྔགས་རྣམས་དང་། ལག་འཁོར་གཞན་ནས་འབྱུང་བ་ལྟར་བྱས་པས་ཕལ་ཆེར་ལ་དེ་ཁོ་ནས་ཕན་པའང་འབྱུང་། ཡང་གཉན་ནད་ཚ་ཤས་མེད་པའི་རིགས་ལ་མེ་བཙའ་ཁོ་ནས་བཅོས་ཚུལ་སྙན་བརྒྱུད་མ་ནི། སྤྱིར་མེ་སྔགས་སོགས་སྤང་བའི་ཡུལ་ནད་ཚང་བཞི་དང་། གདབ་པའི་དམིགས་འབྲོས་འཕྲང་དགུ། སྤྱིའི་འབྲོས་འཕྲང་གཉིས་རྣམས་སུ་ཡོད་པ་ལས། དང་པོ་ནི། རྐེ་ལྟོང་སྐེ་སྟོངཙ་ར་ཁུང་ནས་གྱེན་དུ་ཚོན་ཕྱེད་བཅལ་བ་ནད་ཚང་འོག་མ། དེ་ནས་གྱེན་དུ་སོར་ཕྱེད་བཅལ་བ་ནད་ཚང་བར་མ། ཨོལ་མདུད་ཀྱི་མགོ་ནི་ནད་ཚང་ཆེན་མོ། དེ་ནས་གྱེན་དུ་ཚོན་ཕྱེད་བཅལ་བ་ནད་ཚང་གོང་མ་སྟེ། དེ་བཞི་ལ་བསྲེགས་ན་ནད་གཏོར་ཞིང་སྲོག་ལ་རྒོལ་ངེས་པས་རྣམ་པ་ཀུན་ཏུ་སྤང་བར་བྱའོ། །གཉིས་པ་ནི། ནད་ཕོག་ནས་ཟླ་བ་གཅིག་གི་བར་དུ་སྔར་བཤད་པའི་ཞི་བྱེད་རིགས་བསྟེན། དེ་ནས་ཟླ་བ་གཉིས་པ་ལ་མེས་བསྲེག དེ་ལས་སྔ་ན་འཚང་ཚངལ་ཕོག་པས་འཚོ་དཀའ་ཞིང་། ཕྱི་ན་འབྲོས་ཚར་བས་ཕན་གནོད་མེད། འོན་ཀྱང་ཅུང་ཕྱི་ན་འཕྲད་འཕྲངསྔོན་མ་མ་ཆོད་ཀྱང་རྗེས་མ་གང་ཡིན་དེ་བཀག་པས་ཨེན་ཙམ་ཕན། དེ་ལ་ཐོག་མར་རྐེ་ལྟོང་སྐེ་སྟོངཙ་ར་ཁུང་དང་། ནད་ཚང་འོག་མའི་གཡས་གཡོན་ནས་ཐད་དུ་གཞལ་བའི་ཚོན་རེའི་སར་བཅས་གསུམ་ལ་བསྲེག དེ་ནས་ཞག་གསུམ་ནས་ནད་ཚང་བར་མའི་གཡས་གཡོན་ཚོན་རེའི་ས། དེ་ནས་ཞག་གསུམ་ན་ནསནད་ཚང་ཆེན་མོའི་གཡས་གཡོན་ཚོན་རེའི་ས། དེ་ནས་ཞག་གསུམ་ནད་ཚང་གོང་མའི་གཡས་གཡོན་བཅས་རིམ་བཞིན་སྲེག་པ་ནི་འབྲོས་འཕྲང་དགུ་དགག་པའོ། །དེ་ནས་ཞག་གསུམ་ན་ཕྱིའི་འབྲོས་འཕྲང་བསྡམ་པ་ནི། རྐེ་ལྟོང་སྐེ་སྟོངནས་གཡས་གཡོན་ཕྲག་མིག་བར་ལིང་ལིང་འཕར་བའི་རྩ་རྩེ་ཡོད་པས་གཡས་སུ་བྲོས་པས་མཆིན་ཐོག་ཐོགསདང་། གཡོན་དུ་བྲོས་པས་ཕོ་ཐོག་ཐོགསསུ་འགྱུར་པ་ཡིན་པས་ཕྲག་མིག་ནས་རྐེ་ལྟོང་སྐེ་སྟོངབར་ཚོན་རེ་དང་ཚོན་ཕྱེད་རེ་སྤེལ་མར་གཅིག་རྗེས་གཅིག་མཐུད་དུ་མེ་བཙའི་ཕྲེང་བ་གདབ། དེ་རྣམས་ཀྱི་བར་དུ་སྔགས་ཟབ་མོ་ལག་བླངས་ཅན་ཆུ་དང་མར་ལ་བཏབ་ནས་ནད་ཚང་རྣམས་མ་གཏོགས་པ་ཀུན་ལ་བྱུགས། ནད་ཚང་བཞི་པོར་མེ་སྔགས་གང་ཡང་མི་གདབ་པ་གནད་ཤིན་ཏུ་ཆེའོ། །

བད་ཀན་ཕོ་ཐོག་ཐོགསཟས་སྐོམ་ཁར་སོང་ཚད་ཡར་སྐྱུགས་ནས་ལུས་པོ་ཇེ་སྐམ་དུ་འགྲོ་བ་ཐམས་ཅད་ཀྱིས་ཤེས་སླ་ཞིང་ལས་ནད་ལྟ་བུས་བུབཅོས་དཀའ་ཡང་། མྱིད་དཀྱུས་ནད་ཐུར་དུ་བབས་ནས་ཕོ་བར་འདྲིལ་བ་ལ་རྡོ་ཐལ་ཉེར་ལྔའམ་ཉེར་བདུན་གྱིས་བཤིགས། གྲང་ཤས་མ་ཞུའི་རྒྱུར་རྒྱུབྱས་པའི་ཕོ་ཐོག་ཐོགསལ་ཉང་ལུགས་རྡོ་ཞུན། བདེ་བྱེད་སྙོམས་ལྡན། ཅོང་ཞིའི་ཅུར་ནིས། བཅོ་ལྔ་དྲག་སྦྱོར། བེ་ཁྲག་ཉེར་ལྔ། སེ་འབྲུའི་རིགས་ལྔ་རྡོ་ཞུན་སྦྱོར་བ་བསྡེབས་པ་འབྲི་གུང་གཅེས་བསྡུས་ལྟར་ཟབ། ཁྱད་པར་སེ་འབྲུ་དར་གདུགས་ཅན། སེ་འབྲུ་ཉེར་ལྔ་སྨན་བྱིངས་དང་བུངས་མཉམ་པའི་རྡོ་ཐལ་བསྣན་ལ་སྟར་ཁཌྷྜྷཱ་གྱིས་འདམ་བཏགས་བྱས་ནས་རིལ་བུ་དྲིལ་པ་ལ་བདུད་རྩི་རིལ་དཀར་ཟེར་བ་སྟེ་དེ་གཉིས་ཤིན་ཏུ་ཟབ། དེ་ལ་སེ་འབྲུ་དར་གདུགས་ནི། གཙོ་བོ་སེ་འབྲུ། དེ་དང་བུངས་མཉམ་པྲི་ཡང་ཀུ། འཁོར་སྨན་ཨ་རུ། ལི་ཤི་ཅོང་ཞི། འུ་སུ་རྣམས་ཆ་མཉམ་པ་སྟེ་སྨན་འདི་ཕོ་ཁ་གཟེར་བ་སོགས་ཕོ་ནད་ཀྱི་རིགས་ཐམས་ཅད་ལ་ཟབ་ཅིང་སྐྲན་ལའང་ཤིན་ཏུ་འགྲོ་བ་ཞིག་གོ ཟས་སྤྱོད་འཛེམ་བྱ་གོང་གི་མགུལ་འགགས་སྐབས་ལྟར་སྤང་བླང་གལ་ཆེ། དཔྱད་ལ་ཁྲག་ནི་གཏན་ནས་མི་རུང་། སྨན་ཡུན་རིང་བསྟེན་པས་ཇེ་དྲག་སོང་ནས་རྗེས་གཅོད་ལྷེན་གསང་། མེ་མཉམ་ཁ་གསུམ། སྐྲན་གསང་བཅས་མེ་བཙའ་ལྔས་བསྡམ། དེ་རྗེས་ཐུ་ཚབས་ཆེ་ཆུང་དང་བསྟུན་པའི་བདུན་གསུམ་མམ་ཟླ་བ་གཅིག་ཙམ་གྱི་མཚམས་སུ། བྲང་གཞུང་དཀར་ནག་མཚམས། དེ་ནས་ཡར་ཚོན་རིང་གང་གི་མཚམས། ཡང་ཚོན་རིང་གང་མཚམས་གཅིག་བཅས་གསུམ་བཞག སྔ་ཕྱིའི་མེ་བཙའ་བརྒྱད་པོ་དུས་གཅིག་ཏུ་བཞག་ཀྱང་རུང་། དེ་དག་གིས་གྱེན་དུ་དེད་ཐུབ་པའི་ནད་རྟགས་བྱུང་ནས་སྨན་མུས་མི་སྐྱུར་བར་འཐུང་། རིམ་གྱིས་བདུན་གཉིས་གསུམ་གང་རུང་མཚམས་རྐེ་ལྟོང་སྐེ་སྟོངཙ་ར་ཁུང་ལ་གཅིག དེའི་གཡས་གཡོན་ནས་གྱེན་གསགས་གསེགཚོན་རིང་རེ་གཞལ་བའི་ཙཎྡྲི་གཉིས་ཀྱི་སྣེ་ཙམ་ལ་རེ་རེ་སྟེ་གསུམ་བཞག ཡང་བདུན་གཉིས་གསུམ་ཕན་ཆད་མཚམས་སྔར་བཞག་པའི་ཙཎྡྲིའི་སྣེ་གཉིས་ནས་ཚོན་རེ་གྱེན་དུ་གཞལ་བའི་མཚམས་སུ་རེ་རེ། ཡང་ཚོན་གང་རེ་ཡར་གཞལ་བའི་མཚམས་སུ་རེ་རེ། ཡང་དེ་འདྲ་གཅིག་བཅས་ཁྱོན་བསྡོམས་གཡས་གཡོན་གཉིས་ལ་གསུམ་གསུམ་དྲུག་དུས་གཅིག་ཏུ་བཞག་པ་ནི་མེ་བཙའི་ར་བ་དགུ་སྐོར་ཟེར། དེ་རྣམས་རྐེ་སྐེརྨེན་དང་མ་ཐུག་པའི་ཤ་མིག་ཏུ་གདབ། སྤྱིར་ཨོལ་མདུད་ནས་གཡས་གཡོན་ཕུར་ཕུནརེའི་མཚམས་གཉིད་ལོག ཡང་ཕུན་གང་མཚམས་ཙཎྡྲི། ཡང་ཕུན་གང་མཚམས་རྩ་ནག་གཉིད་ལོག་ཡོད་པའང་ཤེས་པར་བྱའོ། །མི་མཁས་པ་ཁ་གཅིག་ཨོལ་ཁྲོང་ཀྲོངསྟེང་ནས་གྱེན་དུ་མེ་བཞག་པ་ནི་མི་སྲོག་མྱུར་ལེན་ཡིན་པས་སྤང་བར་བྱའོ། །དེ་རྗེས་ལྕེ་ལ་འབྲུམ་པ་རྡོལ། ལྕེ་རྒྱས། སྐད་འགགས་པ་སོགས་བྱུང་ན་ནད་གྱེན་དུ་ཐོན་པའི་རྟགས་ལེགས་པས་ལྕེ་རྩ་གཡས་གཡོན་གང་རུང་གཙག་བུ་རྣོན་པོས་ཧྲད་ཧྲད་བྱེད་ནས་གཏར། ཁྲག་རྗེས་ཆོད་དཀའ་ན་རུས་སྲེག་གླན། ཚན་མོ་འཐུང་བས་ཆོད་པའང་ཡོད། ད་དུང་མ་ཆོད་ན་མགོ་ཐོག་ཆུ་ཕྱར་བ་དང་། ཁ་ནང་ཆུ་འཁྱག་གིས་ཡང་ཡང་བཀང་བ་དང་། ཁྲག་གཅོད་སྔགས་གདབ། ལར་ཁྲག་གཅོད་སྔགས་རྣོན་པོ་ཞིག་གཏར་ག་བྱེད་པས་མ་ཤེས་ཐབས་མེད་པ་ཡིན་ནོ། །ལྕེ་ལ་འབྲུམ་པ་རྭ་ལྟ་བུ་བྱུང་ན་ཟངས་སྦུབས་སུ་དྲངས་ལ་ལྕགས་ཏེལ་གྱིས་བསྲེག ཕོ་ཐོག་ཐོགསགྲེ་ཐོག་ཐོགསགཉིས་ཀར་ཤེས་ཤིང་ནུས་ན། འཇམ་དཔལ་ནཱ་ག་རཀྴ། ཁྱུང་ནག་ས་འོག་གདོན་འཇོམས། དུས་འཁོར་ཁྱུང་ཁྲ་སོགས་ཁྱུང་ཁྲའི་རིགས་གང་རུང་གི་རྗེས་གནང་ཞུས་ནས་བསྙེན་པ་ཚུལ་བཞིན་བསྐྱལ་བ་ཤིན་ཏུ་ཟབ་ཅིང་གདོན་རྒྱབ་ཆེ་བ་ཕལ་ཆེར་ལ་སྨན་དཔྱད་ལས་ཀྱང་སྔགས་དམིགས་ཟབ་ཆེ་བར་སྣང་། སྨན་སྔགས་གཉིས་བསྡེབས་ན་ཕན་ཁ་ལྷག་པར་ཆེ་ཞིང་། ནད་གྲོལ་བའི་རྟགས་སུ་དབང་པོའི་སྒོ་རྣམས་ནས་རྣག་ཁྲག་ཆུ་སེར་སྲོག་ཆགས་སོགས་དངོས་སུ་དོན་པའམ། རྨི་ལམ་དུ་བྱུང་ཡང་ཕན་ངེས་པ་ལག་བླངས་ཅན་ནོ། །

X