//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > སྡེ་སྲིད་ཁོག་འབུབས། > ནང་དོན།

སྨན་པའི་མཚན་ཉིད།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 10:17:52 ཀློག་གྲངས། 18 

སྒོས་བསྟན་གསོ་བ་རིག་པའི་སློབ་དཔོན་ནམ་སྨན་པའི་མཚན་ཉིད་ནི། བཤད་རྒྱུད་ལེའུ་ཉེར་གཅིག་པར། དེ་ལྟར་གསོ་བར་བྱེད་པའི་གསོ་པ་བོ།། བྱ་བ་བྱེད་པ་སྨན་པའི་གནས་བརྟན་བསྟནཔ།། རྒྱུ་དང་ངོ་བོ་ངེས་ཚིག་དབྱེ་བ་དང་།། ལས་དང་འབྲས་བུ་རྣམ་པ་དྲུག་གིས་བསྟན།། ཞེས་སྨན་པའི་རྒྱུ། ངོ་བོ། ངེས་ཚིག དབྱེ་བ། ལས། འབྲས་བུ་དང་དྲུག་ལས། དང་པོ་རྒྱུ་ལ། རྒྱུ་ནི་བློ་ལྡན་བསམ་པ་དཀར་བ་དང་།། དམ་ཚིག་ལྡན་ཞིང་རྣམ་པ་བཟོ་བ་དང་།། བྱ་བ་ལ་བརྩོན་མི་ཆོས་མཁས་དང་དྲུག། ཅེས་སྨན་པ་མཁས་པའི་རྒྱུའི་གཙོ་བོ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པའི་ལྷག་པའི་བསམ་པ་མཆོག་ཏུ་དཀར་བ་དང་། འཆོད་འཆདཔར་འགྱུར་བའི་དམ་ཚིག་རྣམས་དང་ལྡན་ཞིང་། ལུས་ངག་ཡིད་གསུམ་གྱི་རྣམ་པ་བཟོ་བ་དང་། བྱ་བར་འོས་པའི་བགྱི་བ་དུས་ལས་མི་ཡོལ་བའི་བརྩོན་འགྲུས་དང་། འཇིག་རྟེན་མིའི་ཆོས་ལུགས་ལ་མཁས་པ་དང་རྣམ་པ་དྲུག་གིས་མདོར་བསྟན་ནས། རྒྱས་བཤད། དེ་ལ་དང་པོ་བློ་དང་ལྡན་པ་ནི།། བློ་ཆེ་བློ་བརྟན་བློ་གཟེག་སུམ་གསུམལྡན་པས།། གསོ་དཔྱད་མདོ་རྒྱས་མ་ལུས་ཁོང་དུ་ཆུད།། ལག་ལེན་ཀུན་ལ་ཐོགས་རྡུགས་ཉམ་ང་མེད།། རིག་པས་དཔྱོད་ཤེས་མངོན་ཤེས་ཕྲ་མོ་འཆར།། དེ་ཉིད་རྒྱུ་ཡི་ནང་ནས་མཆོག་ཅེས་བྱ།། ཞེས་སྨན་པ་མཁས་པའི་རྒྱུ་དྲུག་པོ་དེ་ལས་དང་པོ་བློ་དང་ལྡན་པ་ཞེས་པ་ནི། སྤྱིར་བློ་ཞེས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་བྱ་བའི་བློ་གྲོས་ཞེས་ཀྱང་ཡོངས་སུ་གྲགས་པས་གཙུག་ལག་མཐའ་དག་གི་དོན་ཁོང་དུ་ཆུད་ནུས་པའི་བློ་ཆེ་བ་དང་། རྐྱེན་གང་གིས་ཀྱང་བསྐྱོད་མི་ནུས་པའི་བློ་བརྟན་པ་དང་། གང་ལའང་བརྟག་དཔྱད་སྔོན་དུ་གཏོང་བའི་བློ་གཟེག་པ་སྟེ་འདི་གསུམ་དང་ཡང་དག་པར་ལྡན་པའི་སྒོ་ནས་ནད་གསོ་བར་བྱེད་པའི་དཔྱད་གཙོ་བོར་གྱུར་པའི་གཞུང་ལུགས་མདོར་བསྡུས་དང་རྒྱས་བཤད་ཀྱི་དོན་མ་ལུས་པ་ཁོང་དུ་ཆུད་པ་ལ་བསྟེན་ནས་ཉམས་སུ་བླང་བར་འོས་པའི་ལག་ཏུ་ལེན་འོས་ཀུན་ལ་མི་ཤེས་པས་ཐོགས་པ་དང་རྡུགས་པ་མི་ནུས་པའི་ཉམ་ང་བག་ཚ་ལ་སོགས་པ་མེད་པར་བདེ་བླག་ཏུ་འཇུག་པ་དང་། གཞུང་ནས་མ་བཤད་པའི་དོན་རྣམས་ལའང་རིག་པ་དྲི་མ་མེད་པས་དཔྱོད་ཤེས་པའི་མངོན་པར་ཤེས་པ་ལྟ་བུ་ཕྲ་མོ་གང་ལ་གང་འཚམ་པར་འཆར་བ་དེ་ཉིད་ནི་རྒྱུ་དྲུག་པོ་རྣམས་ཀྱི་ནང་ནས་མཆོག་དམ་པ་ཡིན་ལ། བསམ་པ་དཀར་བ་བྱང་ཆུབ་སེམས་ལྡན་པ།། སྦྱོར་བ་དངོས་གཞི་མཇུག་ལས་དང་པོ་ནི།། སྡུག་བསྔལ་མཐོང་དང་ཕན་འདོགས་དད་པ་དང་།། བཟང་ངན་བྱམས་སྡང་ཞེ་ནས་སྙོམས་པ་ཡིས།། སྙིང་རྗེ་བྱམས་པ་དགའ་བ་བཏང་སྙོམས་བཞི།། སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ།། དངོས་གཞི་འཇུག་པ་ཚད་མེད་ཉམས་སུ་བླང་།། འཇུག་པ་བསྔགས་པར་བལྟ་ཞིང་ཁོན་འཁོནའཛིན་མེད།། དེ་ལྡན་གསོ་སླ་འཚོ་མང་གྲོགས་སུ་འགྱུར།། ཞེས་པ་ནི་འགྲོ་བ་སེམས་ཅན་མཐའ་དག་ལ་ཕ་མར་འདུ་ཤེས་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞིག་སྟེ། དོན་འདི་ལ་སྦྱོར་བ་དངོས་གཞི་དང་མཇུག་གསུམ་ལས། དང་པོ་བསམ་སྦྱོར་ནི་ཁམས་གསུམ་པོ་འདི་སྡུག་བསྔལ་གྱི་རང་བཞིན་འབའ་ཞིག་ཏུ་མཐོང་བ་དང་། ཕ་མར་མ་གྱུར་པ་མེད་པའི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་འདོད་ཀྱི་བློ་རྒྱུན་ཆགས་པ་དང་། དཀོན་ཅོག་གསུམ་པོ་ལ་མི་བསླུ་བའི་སྐྱབས་ཀྱི་དད་པ་དང་། གསེར་དང་བོང་བ་ལ་བཟང་ངན་དང་དགྲ་གཉེན་བྱམས་སྡང་སོགས་ཞེ་ཐག་པ་ནས་མཉམ་པའི་སྒོ་ནས་ངན་འགྲོའི་སྡུག་བསྔལ་མི་བཟོད་པའི་སྙིང་རྗེ་དང་འགྲོ་བ་ལ་བུ་གཅིག་པའི་མ་ལྟར་བརྩེ་བའི་བྱམས་པ་དང་། གང་དག་སྡུག་བསྔལ་དང་བྲལ་བ་ལ་དགའ་བ་དང་། ཉེ་རིང་ཆགས་སྡང་ཐམས་ཅད་དང་བྲལ་བའི་བཏང་སྙོམས་ལ་གནས་པ་སྟེ་ཚངས་པའི་གནས་བཞི་ལ་གནས་པར་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ།དེ་ནས་དངོས་གཞི་གཞན་ཕན་འབའ་ཞིག་ལ་འཇུག་པ་དུས་དང་གྲངས་འདི་དང་འདི་རྣམས་ཚད་དང་རིས་མེད་པར་ཉམས་སུ་བླང་བར་བྱ་ཞིང་། དེ་ལྟར་བྱས་པའི་མཇུག་ཏུ་ཡང་ནི་གསོ་དཔྱད་ཀྱི་དོན་ལ་བསྔགས་པར་བལྟ་ཞིང་ནད་པ་སོགས་སུ་ལའང་འཁོན་འཛིན་མེད་པའི་ལྷག་བསམ་དེ་ལྟ་བུ་དང་ལྡན་ན་གང་ལྟ་བའི་བུའིནད་པ་རྣམས་གསོ་སླ་ཞིང་འཚོ་བ་ཤིན་ཏུ་མང་པོ་འབྱུང་བའི་གྲོགས་སུ་འགྱུར་བ་ཞིག་དགོས་པ་ཡིན་ལ། དམ་ཚིག་ནི། དམ་ཚིག་ལྡན་པ་བློ་བཞག་རྣམ་པ་དྲུག། གཟུང་བྱ་གཉིས་དང་ཤེས་བྱ་གསུམ་དུ་བཤད།། དང་པོ་སློབ་དཔོན་གསུང་དང་གསོ་དཔྱད་དང་།། མཆེད་དང་ནད་པ་རྣག་ཁྲག་རྣམ་དྲུག་ལ།། སངས་རྒྱས་དྲང་སྲོང་གསུང་དང་བཀའ་བརྒྱུད་དང་།། གྲོགས་སྤུན་བུ་ཚ་ཁྱི་ཕག་ལྟ་བུར་ནི།། བློ་བཞག་པ་ཡི་དམ་ཚིག་དྲུག་བསྲུང་བྱ།། གཉིས་པ་སྨན་གྱི་རིག་འཛིན་ཆ་བྱད་རྣམས།། བཀའ་སྲུང་ཕྱག་ཆ་ལྟ་བུར་བཟུང་ཞིང་བསྲུང་།། གསུམ་པ་སྨན་རྣམས་ནོར་བུ་བདུད་རྩི་དང་།། མཆོད་རྫས་ཤེས་རབ་པརབྱ་བ་གསུམ་ཡིན་ཏེ།། དགོས་འདོད་འབྱུང་བའི་ནོར་བུར་ཤེས་པར་བྱ།། ཞེས་དམ་ཚིག་དང་ལྡན་པ་ནི་བློ་བཞག་རྣམ་པ་དྲུག་དང་གཟུང་བྱ་གཉིས་དང་ཤེས་པར་བྱ་བ་གསུམ་དུ་བཤད་དེ། དམ་ཚིག་གསུམ་གྱི་དང་པོ་ནི་རང་གི་སློབ་དཔོན་དང་དེའི་གསུང་དང་གསོ་དཔྱད་ཀྱི་གཞུང་དང་རང་གི་གྲོགས་མཆེད་དང་ནད་པ་དང་ནད་པའི་རྣག་ཁྲག་སྟེ་རྣམ་པ་དྲུག་ལ་རིམ་པ་བཞིན་དུ་སངས་རྒྱས་དངོས་དང་དྲང་སྲོང་གི་གསུང་དང་རྒྱལ་བའི་བཀའ་དངོས་ཀྱི་རྒྱུད་དང་། རྡོ་རྗེའི་སྤུན་གྲོགས་དང་བུ་ཚ་དང་ཁྱི་ཕག་གི་སྤྱོད་པ་ལྟ་བུར་ནི་བློ་བཞག་པའི་དམ་ཚིག་དྲུག་བསྲུང་ཞིང་། གཟུང་བྱ་གཉིས་པ་ནི་སྨན་གྱི་རིག་པ་འཛིན་པའི་དྲང་སྲོང་རྣམས་དང་བཙག་གཙགསབུ་ལ་སོགས་པའི་ཆ་བྱད་རྣམས་ལ་རིམ་པ་ལྟར་སྨན་གྱི་བཀའ་སྲུང་དང་དེའི་ཕྱག་ཆ་ལྟ་བུར་བཟུང་ཞིང་བསྲུང་། དམ་ཚིག་གསུམ་པ་ནི་སྨན་ཐམས་ཅད་ནོར་བུ་དང་བདུད་རྩི་དང་མཆོད་པའི་རྫས་སུ་ཤེས་རབ་པརབྱ་བ་དང་རྣམ་པ་གསུམ་ཡིན་ཏེ། དེ་ཡང་སྨན་ལ་བརྟེན་ནས་དགོས་འདོད་ཐམས་ཅད་ཤུགས་ལ་འབྱུང་བས་ཡིད་བཞིན་གྱི་ནོར་བུར་ཤེས་པར་བྱ་བ་དང་། དེས་ནད་རྣམས་བདེ་བླག་ཏུ་སེལ་བར་བྱེད་པས་འཆི་མེད་ཀྱི་བདུད་རྩིར་ཤེས་པར་བྱ་བ་དང་། སྨན་དེ་ལེགས་པར་སྦྱར་པའི་ཕུད་ཀྱིས་རིག་པ་འཛིན་པའི་དྲང་སྲོང་རྣམས་མཆོད་པས་མཆོད་རྫས་སུ་ཤེས་པར་བྱ་བ་རྣམས་ཡིན་ལ། དེ་དག་རྒྱས་བཤད་ཀྱི་ལྷར་བསྒོམ་པ། བསྟོད་པ་བྱ་བ། ཤིས་བརྗོད། སྔགས་བཟླ་བ་རྣམས་གཞན་དུ་བཤད་པ་ལྟར་དང་། རྣམ་པ་བཟོ་བ་ལུས་ངག་ཡིད་དང་གསུམ།། ལག་པ་བཟོ་བས་སྨན་དཔྱད་བཟོ་ལ་མཁས།། དག་ངགཚིག་སྙན་པས་ནད་པ་སྤྲོ་བསྐྱེད་ནུས།། རིག་པ་བཀྲ་བས་ཡིད་ལ་མ་རྨོངས་གསལ།། དེ་ཤེས་བཟོ་རྣམས་ཀུན་གྱི་དཔོན་དུ་འགྱུར།། ཞེས་སྨན་པའི་རྒྱུ་རྣམས་ཀྱི་ནང་ནས་རྣམ་པ་བཟོ་བ་ཞེས་པ་ལའང་ལུས་བཟོ་བ་དང་ངག་བཟོ་བ་དང་ཡིད་བཟོ་བ་དང་གསུམ། དེ་ལ་དང་པོ་ལུས་ཀྱི་ཆ་ཤས་ལག་པ་བཟོ་བས་སྨན་དང་དཔྱད་ཀྱི་སྐབས་སུ་གཅེའུ་དང་བཙག་གཙགསཆ་དང་འགྱོགས་སྒྱོགསཁྲ་བྱེ་བྱིཚེ་ཟེལ་སོགས་པའི་བཟོ་ལ་མཁས་པ་དང་། ངག་གི་བཟོ་ཚིག་སྙན་ཞིང་བཟློས་པར་མཁས་པས་ནད་པ་སྤྲོ་བ་བསྐྱེད་ནུས་པ་དང་། ཡིད་ཀྱི་བཟོ་རིག་པ་ཤིན་ཏུ་བཀྲ་བས་ན་རྟགས་དང་སྨན་དཔྱད་སོགས་སོ་སོར་ཡིད་ལ་མ་རྨོངས་པར་གསལ་བ་སྟེ། དེ་རྣམས་ཤེས་པ་ནི་བཟོ་རྣམས་ཤེས་པ་ཀུན་གྱི་དཔོན་པོ་སྟེ་མཆོག་ཏུ་འགྱུར་བ་ཡིན་ལ། བྱ་བ་ལ་བརྩོན་བདག་དང་གཞན་གཉིས་ཏེ།། བདག་ཉིད་བྱ་བ་བརྩོན་པ་རྒྱུ་ལ་བསླབ།། རྐྱེན་བསྟེན་གྲོགས་ལ་བརྩོན་བྱ་གོམས་མཐར་དབྱུང་།། རྒྱུ་ནི་འདྲི་ཀློག་མཐའ་རུ་ཕྱིན་པར་བསླབ།། ཆོད་དང་མི་ཆོད་དེ་ལ་བརྟེན་པར་སྣང་།། ཞེས་སྨན་པའི་རྒྱུ་བྱ་བ་ལ་བརྩོན་པ་ཞེས་བྱ་བ་ལའང་བདག་གི་བྱ་བ་ལ་བརྩོན་པ་དང་། གཞན་གྱི་བྱ་བ་ལ་བརྩོན་པ་གཉིས་ཏེ། དེ་ལ་དང་པོ་བདག་ཉིད་ཀྱི་བྱ་བ་ལ་བརྩོན་པ་ལ་ཡང་རྒྱུ་ལ་བསླབ་པ་དང་རྐྱེན་བསྟེན་པ་དང་གྲོགས་ལ་བརྩོན་པར་བྱ་བ་དང་གོམས་པ་མཐར་དབྱུང་བ་དང་བཞིས་མདོར་བསྟན་ནས། ཤེས་པར་བྱ་བའི་ཡོན་ཏན་ཐམས་ཅད་ཀྱི་རྒྱུ་ནི་ཡི་གེ་འདྲི་བ་དང་ཀློག་པ་རྣམ་དག་ཤེས་པ་དེ་ཉིད་ཡིན་པས་ཐོག་མ་ཉིད་དུ་དེ་དག་མཐའ་རུ་ཕྱིན་ངེས་ཤེས་པར་སློབ་དགོས་ཏེ། དེ་ཅིའི་ཕྱིར་ན་ཡོན་ཏན་རྒྱ་ཆེ་ཞིང་འཆད་རྩོད་རྩོམ་པ་ལ་མཁས་པ་ཆོད་པ་དང་མི་ཆོད་པ་ཡི་གེ་འདྲི་ཀློག་ལ་གཙོ་བོར་བསྟེན་ཞིང་རག་ལུས་པར་སྣང་བའི་ཕྱིར། སུམ་ཅུ་པ་ལས། བསླབ་པ་ཀུན་གྱི་གཞི་འཛིན་ཞིང་།། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།། མིང་ཚིག་བརྗོད་པ་ཀུན་གྱི་གཞི།། ཡི་གེའི་སྦྱོར་བ་བཤད་པར་བྱ།། ཞེས་དང་། བསླབ་པའི་རིམ་པ་འདི་ཡིས་ནི།། གང་ཞིག་འབད་པ་ཆུང་དུས་ངུསཀྱང་།། ཤེས་རབ་མྱུར་དུ་གྲོལ་བར་འགྱུར།། དེ་ཕྱིར་དང་པོར་འདི་ཉིད་བསླབ།། ཅེས་གསུངས་པ་ལྟར་དང་། དེར་མ་ཟད་བདག་གི་བླ་མ་ལྔ་པ་ཆེན་པོས། སྒྲ་ཚད་བཟོ་གསོ་ནང་རིག་སྙན་ངག་དང་།། མངོན་བརྗོད་སྡེབ་སྦྱོར་ཟློས་གར་སྐར་རྩིས་སོགས།། བསླབ་བྱར་འོས་མིན་འགའ་ཡང་མ་མཆིས་པས།། ངོམས་མེད་ཐོས་པའི་སྒྲོ་འདོགས་ཆོད་པར་མཛོད།། ཅེས་བཀའ་བསྩལ་པ་ལྟར་མཁས་པ་རྣམས་འཇུག་པའི་སྒོའི་གཙོ་བོའམ་ཐོས་བསམ་བྱ་བའི་ཡུལ་རིག་པའི་གནས་ཆེན་ལྔའི་ཡན་ལག་དང་བཅས་པའི་བཅུ་ཕྲག་གཅིག་ལ་སྒྲོ་འདོགས་ཆོད་པ་ཞིག་དགོས་ལ། དེ་ཡང་མདོ་སྡེ་དྲིན་ལན་བསབ་པ་ལས། བྱང་ཆུབ་སེམས་དཔས་ཅིའི་ཕྱིར་སྒྲ་རིག་པའི་བསྟན་བཅོས་ལ་སློབ་ཅེ་ན། སྒྲའི་ཚིག་ཡོངས་སུ་དག་པས་བརྒྱན་པ་དང་། ཡོངས་སུ་མ་དག་པའི་ཚིག་གིས་དོན་གསལ་བར་སྟོན་མི་ནུས་པ་དང་། དོན་ཐམས་ཅད་ཤེས་ཤིང་ཁོང་དུ་ཆུད་པར་བྱ་བ་སོགས་པའི་ཕྱིར་སྒྲའི་བསྟན་བཅོས་ལ་སློབ་ཅེས་གསུངས་པ་ལྟར། གཙོ་བོ་དོན་ཐམས་ཅད་ཤེས་ཤིང་ཁོང་དུ་ཆུད་པ་དང་། རང་དང་གཞན་གྱི་ཚིག་དང་དོན་ལ་འཁྲུལ་བ་ཞུགས་པའི་ཉེས་པ་ཐམས་ཅད་དྲུངས་ནས་འབྱིན་པའི་སྒྲ་རིག་པ་མ་ཤེས་ན། སྨན་གྱི་སྒྲ་སྦྱོར་དང་ངེས་ཚིག་ལ་སོགས་པ་ཇི་བཞིན་མི་རྟོགས་ཤིང་།མཁས་པའི་ཡན་ལག་མི་ཚང་། མདོ་སྡེ་དྲིན་ལན་བསབ་པ་ལས། ཉེས་པའི་སྐྱོན་ཐམས་ཅད་ཤེས་པར་བྱ་བ་དང་། དེ་བཞིན་གཤེགས་པའི་གསུང་རབ་ཀྱི་དོན་དང་འཇིག་རྟེན་པའི་ཚོགཚོགསཀྱི་དོན་རྣམ་པར་འབྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྒྱུ་རིག་པའི་བསྟན་བཅོས་སློབ་པར་བྱེད་དེ། ཞེས་དང་། འཇམ་མགོན་བཙོང་ཁ་བ་ཆེན་པོས། ལོག་སྨྲ་ཚར་གཅོད་ཕྱོགས་གླང་གྲགས་པ་ལས།། ལེགས་པར་འོངས་པའི་རིགས་ལམ་བདུད་རྩིའི་ཆུས།། བློ་མིག་དྲི་མ་ཡང་ཡང་མ་བཀྲུས་ན།། ཤིན་ཏུ་ཟབ་གནས་མཐོང་བ་སྨོས་ཅི་དགོས།། རགས་པའི་ལུང་དོན་ལ་ཡང་དཔྱོད་པ་ན།། ཕལ་ཆེར་ལོག་པར་རྟོག་པ་འཕེལ་འགྱུར་ཞིང་།། གལ་ཏེ་ཡང་དག་དམ་བཅའ་ཙམ་ཞིག་གི།  ངེས་པ་རྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱི།། ཚད་མའི་སྟོབས་ཀྱིས་ཐེ་ཚོམ་མ་ཆོད་ཕྱིར།། འདམ་ལ་བཏབ་པའི་ཕུར་བ་བཞིན་འགྱུར་བས།། ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས།། ཞེས་གསུངས་པ་ལྟར། དོན་གྱི་ཆ་ལ་འཁྲུལ་བ་ཞུགས་པ་མཐའ་དག་ཚར་གཅོད་ཅིང་ལྟ་བ་ངན་པ་མ་ལུས་པ་འཇོམས་པར་བྱེད་པ་རྒྱུ་རིག་པའམ་ཚད་མ་ལ་མཁས་པར་མ་བྱས་ན་བཀའ་དང་བསྟན་བཅོས་ཀྱི་དོན་ཟབ་མོ་ལྟ་ཅི་རགས་པའི་ལུང་དོན་ཙམ་ལའང་ཡང་དག་པའི་བག་ཆགས་བརྟན་པོ་འཇོག་མི་ནུས་ཤིང་ལོག་པར་རྟོག་པ་འཕེལ་བར་འགྱུར་བ་དང་། ལྔ་པ་ཆེན་པོས། སྦྱོར་སྡེའི་འཁོར་ལོ་ཚ་བསིལ་སྙོམས་པའི་རྩིབས།། སྟོང་ཁྲག་ཕྲགརིག་པའི་འཕྲུལ་གྱི་རྣོ་བའི་དཔལ།། ནད་ཀྱི་དྲ་བ་གཅོད་པའི་གསོ་རིག་གཞུང་།། ལུས་ཅན་ཀུན་གྱི་ཉེར་འཚོ་འདི་རྨད་བྱུང་།། ཞེས་གསུངས་པ་བཞི་བརྒྱ་རྩ་བཞིའི་ནད་ཡོདདོ་ཅོག་གི་གཉེན་པོ་རྒས་མེད་རིང་བོར་འཚོ་བའི་བདུད་རྩི་འཆི་གསོས་ཀྱི་རིག་པ་ནི་གཞུང་འདིའི་བརྗོད་བྱ་དང་བསླབ་པར་བྱ་བའི་གཙོ་བོ་ཡིན་པས་སྨོས་མ་དགོས་ལ། ལུས་ངག་ཡིད་ཀྱི་སྒྱུ་རྩལ་ཆུ་གཏེར་ཆེ།། ནམ་ཡང་ཟད་མི་ཤེས་པའི་ཕ་མཐའི་ཚད།། འཇལ་བྱེད་སྦྱངས་པའི་རྟགས་གསུམ་གྱིས་ཐོབ་པ།། བཟོ་རིག་ནོར་བུའི་དཔྱ་དཔྱདདེ་མཆོག་ཏུ་གཤིན།། ཞེས་ལུས་བཟོ་ངག་བཟོ་ཡིད་བཟོ་གསུམ་གྱི་ཁོངས་སུ་མ་ཆུད་པའི་རིག་གནས་དང་སྒྱུ་རྩལ་ལ་སོགས་པ་འགའ་ཡང་མ་མཆིས་པས་བཟོ་རིག་པའི་གནས་འདི་གཙོ་བོ་ཡིན་ཞིང་སྨན་པ་ལའང་རྣམ་པ་བཟོ་བ་གོང་དུ་བཤད་མ་ཐག་པ་ལྟར་མེད་དུ་མི་རུང་བའི་ཡན་ལག་ཏུ་གོ། ནང་རིག་ངེས་འབྱུང་མཆོག་དང་བྱང་ཆུབ་སེམས།། རྣམ་གྲོལ་གསུམ་གྱི་ལམ་མཆོག་སྟོན་པ་སྟེ།། ཞེས་པའི་ནང་རིག་པ་ཆོས་ཕུང་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའམ་གསུང་རབ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་རྒྱུད་སྡེ་བཞིས་བསྡུས་པའི་བརྗོད་བྱ་མདོ་དང་སྔགས་གསར་རྙིང་གི་ལམ་ལ་ཚུལ་བཞིན་དུ་ཞུགས་ན་བདག་གཞན་གྱི་དོན་རླབས་པོ་ཆེ་འགྲུབ་པའི་དགོས་པ་བསམ་གྱིས་མི་ཁྱབ་ཅིང་། རིག་ལམ་འདིར་ཡང་སྨན་གྱི་རབ་གནས་སོགས་གང་དུའང་ཁྱད་པར་ཆེ་བས་ཐ་ན་ཡང་རྡོ་རྗེ་ཁྲབ་རིང་ངམ་ཡི་དམ་གང་རུང་གི་ལས་བསྙེན་སོགས་བསྐྱེད་རྫོགས་འཕྲིན་ལས་ཀྱི་རིམ་པ་ལ་མངའ་འབྱོར་པ་དང་།གཞན་ཡང་གནས་སྐབས་སུ་ཡང་མདོ་སྔགས་གསར་རྙིང་། རྒྱུད་སྡེ་བཞི། ཐེག་པ་མཐོ་དམན་སོགས་ཀྱི་རྣམ་པར་དབྱེ་བ་ཙམ་འཆད་མ་ཤེས་ན་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཐམས་ཅད་མུན་ནག་གི་མདའ་ཁོ་ནར་འགྲོ་བས་བརྩོན་བྱའི་གནས་གལ་ཆེ་ཤོས་དང་། དེ་དག་གི་རྗེས། རྒྱལ་པོ་ལང་ཚོས་དྲེགས་གྱུར་ཀྱང་།། རྒྱན་མེད་པ་ན་སྐྱེ་བོས་གླེང་།། དེ་བཞིན་སྙན་ངག་མི་ལྡན་པའི།། བསྟན་བཅོས་མཁས་ལ་རྩིས་སུ་མེད།། ཅེས་བཤད་པ་ལྟར་དོན་བཟང་པོར་རློམས་ཀྱང་ཚིག་གི་རྒྱན་དང་མི་ལྡན་པ་ནི་ལང་ཚོ་དང་ལྡན་པའི་མི་གཅེར་བུར་རྒྱུ་བ་བཞིན་མི་མཛེས་པས་ཉམས་དང་འགྱུར་བ་སྟོང་གིས་སྒེག་པའི་ཚིག་རྒྱན་སྙན་ངག་གི་བསྟན་བཅོས་རྣམས་སུའང་བསླབ་པར་བྱ་ཞིང་། རྟོག་པའི་བྱེད་པོས་བརྡ་ཡི་ཚོན་པིར་གྱིས།། ཡིད་ཀྱི་ཀ་ཤི་གསར་པའི་ངོས་ཡངས་པོར།། སྣ་ཚོགས་མིང་གི་རི་མོ་རབ་བཀྲ་བ།། མངོན་བརྗོད་གཟིགས་མོར་བྱེད་ལ་ཚར་དུ་དངར།། ཞེས་པའི་མངོན་བརྗོད་ཀྱི་བསྟན་བཅོས་རྣམས་ཀྱང་འཆད་རྩོམ་ལ་ཉེ་བར་མཁོ་བ་མ་ཟད། གསོ་བ་རིག་པའི་བཀའ་བསྟན་དག་ཏུའང་མངོན་བརྗོད་ཀྱིས་བཅིངས་པ་ཤིན་ཏུ་མང་བས་ཚིག་དོན་བདེ་བླག་ཏུ་འཁྲོལ་ཕྱིར་འཆི་མེད་མཛོད་དང་སྣ་ཚོགས་གསལ་བ་ལ་སོགས་པར་ཡང་མཁས་པར་བྱ། བྲྀཏྟ་ཛཱ་ཏིའི་རྣམ་བཀྲ་ཟ་འོག་ཐགས།། ལྕི་དང་ཡང་བའི་སྣ་ཚོགས་རི་མོ་ཅན།། ལེགས་སྦྱར་སྐད་ཀྱི་གོས་སུ་ལེགས་གྲུབ་པ།། གྱོན་མཁས་གངས་རིའི་ལྗོངས་སུ་མང་ཞིག་རྒྱུ།། ཞེས་གསུངས་པའི་ཚིག་རྐང་གཅོད་མཚམས་ཕྱེད་པའི་ཕྱིར་སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་དེའི་བསྟན་བཅོས་ཀྱང་ཉམས་སུ་བླང་བྱ་ཁོ་ན་དང་། ཐ་སྙད་རིག་པའི་སིནྡྷུ་ཝ་རིའི་ཚལ།། བཅད་ལྷུག་སྤེལ་བའི་ལུས་ཕྲའི་ཁ་ཆང་གི། འཛུམ་གྱིས་ལེགས་བཤད་མགྲོན་ཀུན་བསུ་མཁས་པའི།། ཟློས་གར་ཀེ་གེས་ར་ཡི་མགོ་ཅོག་ལྕོགལྡེམ།། ཞེས་པའི་ཟློས་གར་ཡང་སྐད་རིགས་ལ་མི་རྨོངས་པ་སོགས་དགོས་པ་ཁྱད་པར་ཅན་དུ་མ་ཡོད་པ་དང་། ཁྱད་པར། ཕྲ་ཞིབ་རྟོགས་དཀའ་ཤེས་བྱའི་སྣང་བརྙན་ཀུན།། མངོན་སུམ་འཆར་བྱེད་གཡུལ་ལས་རྣམ་རྒྱལ་བའི།། སྐར་ནག་རྩིས་ཀྱི་སྔོན་མེད་མེ་ལོང་གིས།། ཀུན་མཁྱེན་ཡེ་ཤེས་ཁེངས་པ་ཕྲོགས་ཀྱི་དོགས།། ཞེས་གསུངས་པའི་གཡུལ་རྒྱལ་ལམ་དབྱངས་འཆར་དེ་ལ་སྨན་དཔྱད་འཁོར་ལོ་དང་། བདུད་རྩིའི་ཐུན། ཟླ་སྙིགས་ལ་སོགས་ལ་བརྟེན་ཏེ་སྨན་དཔྱད་མཐའ་དག་བདུད་རྩིར་འགྱུར་བའི་དུས་ངེས་པ་ཤེས་པ་དང་། རིགས་ལྡན་ཕྱི་ནང་གསང་གསུམ་མ་ཤེས་ན་སྨན་དཔྱད་གང་ཡང་དུག་ཏུ་འགྱུར་བ་སོགས་ཀྱི་ཉེས་དམིགས་ཆེ་ཞིང་། རླུང་དང་ཚེའི་རྩིས་སོགས་ཀྱི་གསོ་དཔྱད་ཁོ་ན་གཅིག་པོ་མ་ཡིན་པའི་འཚོ་འཆིའི་ཁ་སྨར་དམརསོགས་གསོ་བ་རིག་པ་ལ་མཁོ་བའི་ཡན་ལག་མང་ཞིང་། སྐར་མའི་དཔྱད་གཙོ་བོར་བཤད་པས་སྐར་རྩིས་ཀྱིས་གཟའ་སྐར་འཕྲོད་སྦྱོར་སོགས་ཀྱིས་སྨན་གང་ཡང་འཐུ་བ། སྦྱོར་བ། གཏོང་བ་ལ་སོགས་པའི་དུས་ཕྱོགས་ཚེས་གྲངས་ཀྱི་དགེ་ཞིང་ནུས་པའི་སྟོབས་ཅན་དུ་འགྱུར་བ་དང་། དེ་དག་མ་རྟོགས་པའི་ངན་པ་དང་ཐུག་ན་མི་ཤིས་པ་སོགས་ཀྱི་ཁྱད་པར་ཆེ་ཞིང་། རྒྱ་ནག་པོའི་ཡུལ་ནས་དར་བའི་ནག་རྩིས་སུ་གྲགས་པས་རྩའི་སྒོ་ནས་མ་བུ་དགྲ་གྲོགས། ཆུའི་སྒོ་ནས་རུས་སྦལ་ལ་བརྟེན་པ་སོགས་གཞུང་འདི་ཉིད་ཁོ་ན་གཙོ་ཆེ་བར་མ་ཟད། ལས་རྩིས་ལ་སོགས་པ་ནས་ཚེ་ཚད་འཚོ་འཆི་ཡང་གསོ་བ་རིག་པར་མ་བལྟོས་པ་དང་། ལོ་ཟླ་ཞག་དུས་ཀྱི་དཔྱད་ལ་སོགས་པ་རུང་མིན། སྨན་སྦྱོར་བ་ཉམས་སུ་ལེན་པ་སོགས་ཀྱི་དུས་དང་ཕྱོགས་ས་བདག་ལ་བརྟེན་ནས་དགེ་མིན་རྟོགས་པ།ཁྱད་པར་ནང་རྩིས་དང་དུས་རྩིས་ཁོ་ནས་འཚོ་འཆི་དང་གདོན་གང་གནོད་རིམ་གྲོ་འབོགས་པ་སོགས་འོལ་ཚོང་ཚོདདང་མོ་ཕྱ་ཕྱུལྷ་འདྲེ་སོགས་ལ་མ་ལྟོས་པར་ཤེས་པ་སོགས་གསོ་རིག་འདི་དང་ཤིན་ཏུ་འགྲེལ་ཆེ་བ་དང་བཅས་རྩིས་སྐར་ནག་དབྱངས་འཆར་དང་བཅས་པ་རྣམས་ཤེས་བྱ་སྤྱི་ལ་ཁྱབ་ཆེ་ཞིང་། བླ་གནས་སོགས་གང་ཅི་ནས་མེད་ཐབས་མེད་པ་ལྟ་བུ། རྐྱེན་བསྟེན་པ་ནི། དེ་རྐྱེན་སློབ་དཔོན་བསྟེན་ཏེ་མཚན་ཉིད་དང་།། བསྟེན་པའི་ཐབས་དང་བསྟེན་པའི་དགོས་པ་གསུམ།། མཚན་ཉིད་རྒྱ་ཆེ་མཁས་དང་མན་ངག་ལྡན།། ངང་རིང་གསོག་ཆུང་བརྩེ་ལ་བཀུར་འོས་བསྟེན།། བསྟེན་ཐབས་དོགས་པ་མེད་པར་བློ་བཏད་གཏདལ།། ངོ་ལྐོག་མེད་པར་བྱ་བ་སྒྲུབ་པར་བྱ།། སྤྱོད་པ་ཐམས་ཅད་དེ་ཡི་ཡུལ་དང་བསྟུན།། དྲིན་དུ་ཚར་ཚོརབས་རྒྱུན་དུ་བསྲིང་བར་བྱ།། དགོས་པ་མྱུར་པར་ལོབས་དང་མཁས་པར་འགྱུར།། ཞེས་དེ་ལྟར་ཡི་གེ་འདྲི་ཀློག་གིས་མཚོན་པའི་རིག་པ་མཐའ་དག་ལ་བྱང་པར་གྱུར་ནས་སྨན་དཔྱད་ལ་མཁས་པར་བྱེད་པ་དེའི་རྐྱེན་དུ་སློབ་དཔོན་རྣམ་དག་བསྟེན་དགོས་ཏེ།

  དེ་ལའང་སློབ་དཔོན་གྱི་མཚན་ཉིད་དང་། བསྟེན་པའི་ཐབས་དང་། བསྟེན་པའི་དགོས་པ་གསུམ་ལས། དང་པོ་མཚན་ཉིད་ནི། རང་གཞན་གྱི་གཞུང་ལུགས་རྒྱ་ཆེ་བར་མཐོང་ཞིང་དེའི་ཚིག་དོན་ལ་མཁས་པ་དང་། སྣ་གཅིག་མ་ཡིན་པའི་མན་ངག་གང་མང་དུ་ལྡན་ཞིང་སེར་སྣ་མེད་པ་དང་། ངང་རྒྱུད་རིང་ཞིང་གསོག་དང་གསོབ་སྟེ་གཡོ་སྒྱུ་དང་ཟོལ་ཟོག་ཆུང་བ། ནད་པ་དང་སློབ་མ་ལ་བརྩེ་ཞིང་རིགས་མཐོ་བ་ཀུན་གྱིས་གོང་དུ་བཀུར་འོས་པ་ཉིད་བསྟེན་པར་བྱ་བ་དང་། མཚན་ཉིད་དེ་དང་ལྡན་པའི་སློབ་དཔོན་རྙེད་ནས་བསྟེན་པའི་ཐབས་ནི། འདིས་དཔྱིས་ཕྱིན་པ་སློབ་བམ་མི་སློབ་ཅེས་པ་ལ་སོགས་པའི་དོགས་པ་ཡེ་མེད་པར་བློ་རྩེ་གཅིག་ཏུ་གཏད། སློབ་དཔོན་གྱི་ངོས་ངོལྐོག་ཁྱད་མེད་པའི་བྱ་བ་དེའི་གསུང་བཞིན་དུ་སྒྲུབ་པ་དང་། སྤྱོད་པ་རྣམ་ཐར་ཐམས་ཅད་ཀྱང་དེའི་དགོངས་པའི་ཡུལ་དང་བསྟུན་ཞིང་། བློ་བསྐྱེད་ཅུང་ཟད་རེ་ལས་མ་བྱུང་ཡང་དེའི་དྲིན་ཁོ་ནར་ཚོར་བར་བྱས་ནས་དུས་རྒྱུན་དུ་དང་ངངབསྲིང་བར་བྱ་དགོས་ལ། དེ་ལྟར་བྱས་པའི་དགོས་པ་སྨན་དཔྱད་ཀྱི་གཞུང་ལུགས་མྱུར་དུ་ལོབས་ཤིང་མཁས་པར་འགྱུར་བ་ཡིན་ནོ།། གྲོགས་ལ་བརྩོན་བྱ་ཞུ་དང་དྲི་བ་དང་།། བཟུང་དང་བསམ་པ་ལེ་ལོ་བྱ་བ་མིན།། ཅི་ཡི་ཕྱིར་ན་དེ་ཉིད་བར་གཅོད་དགྲ།། ཞེས་སློབ་དཔོན་བསྟེན་པ་ཙམ་དུ་མ་ཟད་གྲོགས་མཆེད་རྣམས་ལའང་བརྩོན་འགྲུས་དང་ལྡན་པའི་སྒོ་ནས་འདི་ལྟར་བྱ་སྟེ། འགའ་ཞིག་ལ་གཞུང་འདིའི་སྐབས་སུ་ཅི་ཞེས་ཞུ་བ་དང་། ལ་ལ་ལ་འདི་དང་འདི་ཅི་ཞེས་འདྲི་བ་དང་། དཔེ་དང་སློབ་དཔོན་སོགས་ཀྱི་ངག་ལས་བཟུང་བ་དང་། དེ་རྣམས་ཀྱི་དོན་ལ་བསམས་པ་རྣམས་ལ་ལེ་ལོ་བྱ་བ་མ་ཡིན་ཏེ། ཅིའི་ཕྱིར་ན། ལེ་ལོ་དེ་ཉིད་བསམ་པ་ལ་བར་དུ་གཅོད་པའི་དགྲ་ཡིན་པས་རྣམ་པ་ཀུན་ཏུ་བརྩོན་འགྲུས་བརྩམས་པར་བྱ། གོམས་པ་མཐར་དབྱུང་བ་ནི། གོམས་པ་མཐར་དབྱུང་མཐོང་ཐོས་བླང་བ་སྟེ།། ཐམས་ཅད་ཞེན་འདྲིས་ཐེ་ཚོམ་སྤོང་བར་བྱེད།། ཅེས་ཡི་གེ་འདྲི་ཀློག་ལ་སོགས་པ་དང་། སློབ་དཔོན་བསྟེན་པ་དང་གྲོགས་ལ་བརྩོན་པ་ལྷུར་བླངས་པས་མཁས་པའམ་གོམས་པ་དེ་མཐར་དབྱུང་བ་ལ་ལེགས་པར་བཤད་པའི་ཆ་ཤས་མཆོག་དམན་སུ་ལ་འདུག་པ་མཐོང་ངམ་ཐོས་ན་ཐབས་ཀྱིས་ཞུ་ཞིང་ཉམས་སུ་བླང་བ་སྟེ། དེ་ལྟར་བྱས་པས་ཚིག་དོན་ཐམས་ཅད་ཡིད་ལ་ཞེན་ཅིང་འདྲིས་པས་ཐེ་ཚོམ་གྱི་དྲི་མ་སྤོང་བར་བྱེད་པའོ།། གཞན་དོན་ནི། གཞན་གྱི་བྱ་བ་ལ་བརྩོན་ནད་པ་དེ།། དེ་དོན་ཕྱི་བཤོལ་བར་དུ་མ་ཆོད་པར།། གྱང་ཐོག་མར་ཕོར་བོ་ན་བསོད་བསྡིགས་བཞིན།། སྨན་དཔྱད་དུས་ལས་མ་འགྱངས་བརྩོན་པས་སྒྲིམས།། ཞེས་གཞན་གྱི་བྱ་བ་ནི་སྐབས་འདིར་ནད་པ་སྟེ། དེའི་དོན་ལ་ལན་གཅིག་ཙམ་ལས་ཤི་གསོན་ཐག་མ་ཆོད་ཀྱི་བར་དུ་ཕྱི་བཤོལ་དང་བྱ་བ་གཞན་གྱིས་བར་དུ་མ་ཆོད་པར་རྩེ་གཅིག་ཏུ་བསྒྲིམ་པར་བྱ་དགོས་པ་དཔེར་ན་གྱང་མཐོན་པོ་ཕྲ་ལ་རིང་བའི་ཐོག་ཏུ་མར་ཁུལ་ཁུགང་བའི་ཕོར་བ་འཁུར་ནས་འགྲོ་བ་ལ་མར་བོ་ན་གསོད་པར་ཐེ་ཚོམ་མེད་ཅེས་བསྡིགས་ན་སྒྲིམས་ཏེ་འགྲོ་བ་བཞིན་དུ་ནད་ཀྱི་ཚོད་ལས་དཔགས་པའི་སྨན་དཔྱད་དུས་ལས་མ་འགྱངས་པར་བརྩོན་པས་སྒྲིམས་ཤིག་པའི་དོན་དང་། མི་ཡི་ཆོས་ལུགས་མཁས་པར་བྱ་བ་ནི།། མི་ཆོས་པ་དང་དམ་པ་ཐུན་མོང་གསུམ།། དང་པོར་མཁས་པར་བསླབ་ལ་གཉེན་གྱིས་བཙའ།། གྱོད་གྱོངགིས་འདུལ་གསུམ་ལྡན་ན་འདོད་པ་འགྲུབ།། དམ་པའི་ཆོས་ལུགས་སྣ་དུལ་འགྲོགས་པ་བདེ།། ཆོག་ཤེས་གྱུར་ན་རང་གཞན་ཕན་ཐོགས་འགྱུར།། ཐུན་མོང་ཕོངས་པ་རྣམས་ལ་སྙིང་རྗེས་བཟུང་།། མཐོན་པོ་རྣམས་ཀྱིས་རང་གི་མདོ་དོན་སྒྲུབ།། ཚོགས་པ་དྲུག་ལྡན་འབྲས་བུ་ཐེ་ཚོམ་མེད།། ཅེས་རྒྱུ་ཐ་མ་མིའི་ཆོས་ལུགས་ལ་མཁས་པར་བྱ་བ་ནི། འཇིག་རྟེན་མི་ཆོས་ཀྱི་རྗེས་སུ་འབྲང་བ་དང་། དམ་པ་ལྷ་ཆོས་ཀྱི་རྗེས་སུ་འབྲང་བ་དང་། དེ་གཉིས་ཐུན་མོང་དུ་སྤྱད་པ་གསུམ་ལས་དང་པོ་འཇིག་རྟེན་མི་ཆོས་དང་མཐུན་པར་སྤྱད་པ་དེ་ལ་ཐོག་མར་མཁས་པར་བསླབ་པ་དང་། ཕན་གདགས་བྱའི་ཡུལ་དུ་གྱུར་པ་འགའ་ཞིག་ལ་ལུས་ངག་གཉེན་པོའི་སྒོ་ནས་བཙའ་བ་དེ་མགུ་བ་བསྐྱེད་པ་དང་། ལ་ལ་ལ་རྒྱུད་གྱོང་བོའི་ཚུལ་གྱིས་འདུལ་བ་གང་ལ་གང་འཚམ་པ་གསུམ་དང་ལྡན་ན་འདོད་པ་འགྲུབ་པར་འགྱུར་ཞིང་དེ་བཞིན་དུ་དམ་པའི་ཆོས་ལུགས་ལའང་སྣ་དུལ་ཏེ་ཤེས་རྒྱུད་དུ་དུལ་བ་དང་འགྲོགས་པ་བདེ་བ་དང་འདོད་པ་ལ་ཆོག་ཤེས་པར་གྱུར་ན་རང་གཞན་ཐམས་ཅད་ལ་ཕན་ཐོགས་པར་འགྱུར་ལ། དེ་གཉིས་ཀ་ཐུན་མོང་དུ་གྱུར་པ་ནི་ནད་ཀྱི་ཉམ་ཐག་པ་རྣམས་དང་། དབུལ་ཞིང་ཕོངས་པ་རྣམས་ལ་ལྷག་པར་སྙིང་བརྩེ་བས་གཙང་རྨེ་དམེམེད་པར་རྗེས་སུ་བཟུང་བའི་ཚེ་ན་འདི་ནི་སྨན་པ་བྱང་ཆུབ་སེམས་དཔའ་འོ་ཞེས་བླ་དཔོན་མཐོན་པོ་རྣམས་ཀྱིས་རང་གི་མདོ་དོན་མཁོ་དགུ་སྒྲུབ་པར་འགྱུར་ལ། དེ་ལྟར་ན་བློ་དང་ལྡན་པ་ལ་སོགས་པ་སྨན་པ་མཁས་པ་རྒྱུའི་ཚོགས་པ་དྲུག་དང་ལྡན་ན་ཚེ་འདིར་སྙན་གྲགས་དང་འདོད་ཡོན་སོགས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་འགྲུབ་པར་ཐེ་ཚོམ་མེད་དོ།། སྨན་པའི་ངོ་བོ་ནི། ཉེས་པ་གནོད་བྱ་གཉེན་པོའི་མཚན་ཉིད་རྣམས།། ཅི་རིགས་ཁོང་དུ་ཆུད་པ་ངོ་བོར་འདོད།། ཅེས་གང་ཞིག་ཉེས་པ་གསུམ་དང་གནོད་བྱ་བཅུ་དང་གཉེན་པོ་སྨན་དཔྱད་ཀྱི་མཚན་ཉིད་མཐའ་དག་རྣམས་དབང་པོ་རབ་འབྲིང་ཅི་རིགས་འཐད་པའི་ཚུལ་གྱིས་ཁོང་དུ་ཆུད་པའི་ཤེས་པ་དེ་ཉིད་སྨན་པའི་ངོ་བོ་ཡིན་པར་འདོད་པ། ངེས་ཚིག་ནི། ངེས་ཚིག་ནད་གསོ་ལུས་ལ་ཕན་ཕྱིར་སྣནསྨན།། ནད་སྟེང་དཔྱད་དཔའ་འགྲོ་ལ་ཕ་ལྟར་སྐྱོབ།། རྒྱལ་པོ་རྣམས་ཀྱིས་རྗེ་རུ་འཁུར་བར་བྱེད།། ཅེས་སྨན་པའི་ངེས་ཚིག་ནི་ནད་ཀྱི་ཟུག་རྔུ་ལས་གསོ་ཞིང་ལུས་ལ་ཕན་འདོགས་པའི་ཕྱིར་སྨན་དང་། ནད་ཚབས་ཆེན་པོའི་སྟེང་དུ་ཐུར་མ་དང་འདྲལ་གཅོད་ཀྱི་དཔྱད་བྱེད་པའི་ཚེ་དཔའ་ཞིང་མི་ཞུམ་པས་ན་སྨན་པ་ཞེས་པ་དང་། ཡང་ན་འགྲོ་བ་རྣམས་ལ་ཕ་ལྟར་སྐྱོབ་པས་སྨན་པ། གཞན་ཡང་རྒྱལ་པོ་རྣམས་ནི་འཇིག་རྟེན་གྱི་ལྷ་ཡིན་ཅིང་དེ་རྣམས་ཀྱང་རྗེ་རུ་འཁུར་བར་བྱེད་པས་ལྷ་རྗེ་ཞེས་པའང་རྣམ་གྲངས་སོ།། དབྱེ་བ་སྨན་པ་བླ་ན་མེད་པ་དང་།། ཁྱད་པར་ཅན་དང་ཕལ་བ་གསུམ་ཡིན་ཏེ།། དུག་གསུམ་རྒྱུ་འབྲས་ནད་སེལ་གོང་ན་མེད།། གཞན་རིག་མངོན་ཤེས་བྱམས་ལྡན་དྲང་བོར་སྲོང་།། གནང་རིགས་རྗེས་སྦྱངས་ལས་གོམས་འགྲོ་བའི་གཉེན།། འདོད་པས་འཕྲལ་དུ་ཆ་བཟུང་སྲོག་གི་གཤེད།། འོན་ཀྱང་མཆོག་དང་ཐ་མར་གྲགས་པ་སྟེ།། ཞེས་སྨན་པའི་དབྱེ་བ་ནི་སྨན་པ་བླ་ན་མེད་པ་དང་། ཁྱད་པ་ཅན་དང་། ཕལ་བ་གསུམ་དུ་ཡོད་པ་ཡིན་ཏེ། དེ་ཡང་འདོད་ཆགས་ཞེ་སྡང་གཏི་མུག་དང་དུག་གསུམ་པོའི་རྒྱུ་མ་རིག་པ་དང་འབྲས་བུ་རླུང་མཁྲིས་བད་ཀན་ཀྱི་ནད་རྣམས་སེལ་བའི་སྨན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ་དེའི་གོང་ན་སྨན་པ་གཞན་མེད་པ། འཇམ་དཔལ་སྒྱུ་དྲ་ལས། སྨན་པ་ཆེ་མཆོག་གཙོ་བོ་སྟེ།། ཟུག་རྔུ་འབྱིན་པ་བླ་ན་མེད།། ཅེས་གསུངས་པ་ལྟར་རོ།། ཁྱད་པར་ཅན་གྱི་སྨན་པ་ནི། གཞན་རྒྱུད་རིག་པའི་མངོན་པར་ཤེས་པ་དང་བྱམས་པ་དང་སྙིང་རྗེ་ཚད་མེད་པ་དང་ལྡན་པས་སྡུག་བསྔལ་གྱི་ཉམ་ཐག་པ་རྣམས་བདེ་བ་ལ་སྦྱོར་ཞིང་རང་རྒྱུད་དྲང་བོར་སྲོང་བ་སྟེ། ཙ་ར་ཀར། དྲང་སྲོང་ཆེན་པོ་འདི་ཀུན་ཡང་།། མངོན་ཤེས་ལྔ་དང་ལྡན་འགྱུར་ཞིང་།། རིག་པའི་གནས་མཆོག་བཅོ་བརྒྱད་ཤེས།། ཞེས་བཤད་པ་དང་མཐུན། ཕལ་བའི་སྨན་པ་གཉིས་ལས། དང་པོ་ལ་དོན་དང་མཐུན་པའི་ཆོས་རྒྱལ་རིགས་གསུམ་མགོན་པོའི་སྤྲུལ་བ་རྣམས་ཀྱི་བླའི་སྨན་པར་གནང་པ་རིགས་ནས་རིགས་སུ་བརྒྱུད་པའི་སྨན་པ་དང་། རྒྱལ་པོའི་བླ་སྨན་གྱི་རིགས་མ་ཡིན་ཡང་དེ་དག་གི་རྗེས་སུ་ཞུགས་ནས་གཞུང་ལུགས་ལ་ལེགས་པར་སྦྱངས་པའི་སྨན་པ་དང་། གཞུང་ལུགས་ལ་སྦྱངས་པའི་ཡོན་ཏན་རྒྱ་ཆེན་པོ་དང་མི་ལྡན་ཡང་། སློབ་དཔོན་གྱི་ཕྱག་ལེན་མཐོང་བ་བརྒྱུད་པའི་ལས་ལ་གོམས་པའི་སྨན་པ་དང་རྣམ་པ་གསུམ་པོ་ནི་འགྲོ་བ་རྣམས་ཀྱི་སྲོག་གི་གཉེན་པོ་ཡིན་ལ། ཅི་ཡང་མི་ཤེས་ཀྱང་ལྟོ་གོས་ཀྱི་འདོད་པས་འཕྲལ་དུ་སྨན་པའི་ཆ་ལུགས་བཟུང་བ་ནི་སྲོག་གི་གཤེད་མ་ཡིན། འོན་ཀྱང་དབྱེ་བ་འདིའི་སྐབས་སུ་གནང་རིགས་རྗེས་སྦྱངས་ལས་གོམས་ཀྱི་སྨན་པ་གསུམ་མཆོག་དང་ཕྱི་མ་ལ་ཐ་མ་ཞེས་ཡོངས་སུ་གྲགས་པ་སྟེ་འཇིག་རྟེན་ཉིད་གཙོ་བོར་བྱས་པའི་དབྱེ་བའི་དབང་གིས་སོ།། སྐབས་འདིར་འབུམ་ཆུང་གསལ་སྒྲོན་སོགས་སུ། གནང་པ་རིགས་ཀྱི་སྨན་པ་ཞེས་པ་རྒྱལ་བ་རྣམས་ཀྱིས་སྨན་པར་གནང་པ་བྱིན་ནས་སྨན་པའི་རིགས་བརྒྱུད་དང་ལྡན་པ། རྗེས་འཇུག་སྦྱངས་པའི་སྨན་པ་ཞེས་པ་མཁས་པ་རྣམས་ཀྱི་རྗེས་སུ་ཞུགས་ནས་སྦྱངས་པ། འདུས་བྱས་ལས་ལ་གོམས་པའི་སྨན་པ་ཞེས་པ་གཞུང་གི་དོན་མི་ཤེས་ཀྱང་གདམས་ངག་གི་སྐོར་ལ་བརྟེན་ནས་སློབ་དཔོན་གྱི་ཕྱག་བཞེས་མཐོང་བ་ལ་གོམས་པ་དང་རང་གི་ཉམས་སུ་མྱོང་བ་ལ་གོམས་པ་སྟེ་གསུམ་དང་། འདོད་པས་འཕྲལ་བསླབས་ཀྱི་སྨན་པ་ནི་སྦྱང་གོམས་མེད་ནའང་འདོད་པས་གདུངས་ནས་སྨན་པའི་ཆ་ལུགས་འཛིན་ཏེ། དེ་ལ་བཞི། ནད་པ་རྒན་གོམས་ཀྱི་སྨན་པ། ཡིག་སྣ་བྲུལ་སྒྲུགས་ཀྱི་སྨན་པ། རྒྱ་བ་ཕྱོགས་གཏོགས་ཀྱི་སྨན་པའོ།། དང་པོ་ནི། ནད་པ་རང་ཉིད་ལ་ཕན་གོམས་གང་བྱུང་གི་རྗེས་སུ་དཔགས་ནས་གཞན་གྱི་ནད་འཆོས་པ་དང་། གཉིས་པ་ནི། མན་ངག་གི་ཤོག་དྲིལ་ཟབ་ཟབ་མོ་འགའ་ཞིག་མཐོང་བ་ལ་བརྟེན་ནས་སྨན་པ་བྱེད་པ། གསུམ་པ་ནི། གཞན་ཟེར་དང་ཡིག་མཁན་དང་ཇག་པ་བྱས་པའི་ཡིག་སྒུམ་དང་སྨན་སྒུམ་ལ་བརྟེན་ནས་སྨན་པ་བྱེད་པ། བཞི་པ་ནི། སྟོད་སྨད་ཀྱི་སྨན་ཚོད་བྱས་པས་སྨན་འདི་ནི་འདི་ལ་ཕན་ནོ་ཞེས་འགའ་ཞིག་ཤེས་པ་ལ་བརྟེན་ནས་སྨན་པ་བྱེད་པ་རྣམས་ནི་སྲོག་གི་གཤེད་མར་བཞེད་ལ། མཆོག་གི་སྨན་པ་ནི། གདུང་བཙུན་བློ་དང་ལྡན་ཞིང་དམ་ལ་གནས།། གཞུང་གི་དོན་མཁས་མན་ངག་གནད་དུ་རྡེག། གོམས་ཐོག་གཙོ་བོར་ཆོས་གཉེར་འདོད་པ་སྤངས།། དུལ་ཞིང་བཟོ་མཁས་འགྲོ་ལ་བྱམས་སེམས་ཆེ།། གཡེལ་མེད་གཞན་གྱི་དོན་ལ་རང་དོན་སེམས།། གསོ་དཔྱད་ཀུན་ལ་རྨོངས་མེད་སྨན་པ་མཆོག། འགྲོ་བ་ནད་པ་རྣམས་ཀྱི་མགོན་གཅིག་པུ།། རིག་འཛིན་དྲང་སྲོང་རྣམས་ཀྱི་རྒྱུད་འཛིན་སྲས།། འཚོ་མཛད་སྨན་པའི་རྒྱལ་པོའི་སྤྲུལ་པར་བཤད།། ཅེས་རྗེ་རིགས་དང་རྒྱལ་རིགས་དང་བྲམ་ཟེའི་རིགས་ལ་སོགས་པ་གདུང་བཙུན་ལ་དོན་དང་དོན་མ་ཡིན་པ་སོ་སོར་འབྱེད་པའི་བློ་གྲོས་དང་ལྡན་ཞིང་དམ་ཚིག་ལ་རྟག་ཏུ་གནས་པ། གཞུང་ལུགས་མདོ་རྒྱུས་རྒྱསཀྱི་ཚིག་དོན་ལ་མཁས་ཤིང་མན་ངག་ཟབ་མོ་གནད་དུ་ཁེལ་ངེས་ཤེས་པར་བརྡེག་པ། ལག་ལེན་མཐའ་དག་རབ་ཏུ་གོམས་པ་ཐོབ་ཅིང་གཙོ་བོར་དམ་པའི་ཆོས་ཁོ་ན་དོན་དུ་གཉེར་པས་ཆོས་བརྒྱད་ཀྱིས་ཀུན་ནས་བླངས་པའི་འདོད་པ་སྤངས་པ། སྒོ་གསུམ་དུལ་ཞིང་ལུས་ངག་ཡིད་ཀྱི་བཟོ་མཁས་ལ་འགྲོ་བ་རྣམས་ལ་སྙིང་རྗེ་དང་བྱམས་སེམས་ལྷག་པར་ཆེ་བ་དང་། དུས་སྐད་ཅིག་ཀྱང་གཡེལ་བ་མེད་པར་ནད་པ་ལ་སོགས་པ་གཞན་གྱི་དོན་ལ་རང་དོན་ལས་ཀྱང་གཅེས་པར་སེམས་པ། གསོ་དཔྱད་ཀྱི་གཞུང་ལུགས་ལུགས་སྡེ་མཐའ་དག་གི་ཚིག་དོན་ཀུན་ལ་རྨོངས་པ་མེད་པ་སྟེ། དེ་ལྟ་བུ་དང་ལྡན་པ་གང་ཡིན་པ་དེ་ནི་སྨན་པར་ཁས་འཆེ་ཆེབ་རྣམས་ཀྱི་མཆོག་དམ་པ་དང་། འགྲོ་བ་ནད་ཀྱིས་ཉམ་ཐག་པ་རྣམས་ཀྱི་མགོན་སྐྱབས་གཅིག་པུ་བ་དང་། སྨན་གྱི་རིགས་རིག་པའཛིན་པའི་དྲང་སྲོང་རྣམས་ཀྱི་བརྒྱུད་པ་འཛིན་པའི་སྲས་པོ་དང་། འཚོ་མཛད་སྨན་པའི་རྒྱལ་པོ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོའི་སྤྲུལ་བར་བདག་རིག་པའི་ཡེ་ཤེས་ཀྱིས་བཤད་ཅེས་པ་ལྟ་བུ་དང་།ལེའུ་ཉེར་དྲུག་པར། སྨན་པ་མཁས་པའི་སྟེགས་ལ་འཛེགས་པ་དང་།། གཞུང་གི་དོན་ཤེས་ལས་རྣམས་མཐོང་ཞིང་གཙང་།། ཞེས་པའང་སྨན་པ་གང་ཞིག་མཁས་པའི་སྟེགས་བུ་ལྟ་བུ་བློ་གྲོས་དང་སྦྱངས་པ་སྙན་གྲགས་དང་ཀུན་གྱིས་བཀུར་བ་དང་བཞི་ལ་འཛེགས་པས་རིག་པའི་གནས་ལྔ་སྤྱི་དང་ཁྱད་པར་དུ་གསོ་བ་རིག་པས་མངོན་པར་མཐོ་བ་དང་། རྒྱུད་དང་བསྟན་བཅོས་དང་ལུང་དང་མན་ངག་བཞིའི་སྒོ་ནས་གཞུང་གི་དོན་མཐའ་དག་ཤེས་པ་དང་། བརྟག་པ་དང་སྨན་དང་དཔྱད་དང་ཟས་སྤྱོད་བསླབ་པ་དང་བཞིའི་ལས་རྣམས་མ་ལུས་པ་སློབ་དཔོན་གྱིས་ཉམས་སུ་ལེན་པ་མཐོང་བ་དེ་ཇི་ལྟ་བ་བཞིན་དུ་རང་གིས་གོམས་པ་དང་། རིགས་ངན་ཞིང་འཚོལ་འཆོལབ་དང་ནད་པའི་ནོར་ལ་བརྣབ་སེམས་ཀྱི་བློ་དང་། ཕྱོགས་རིས་ཅན་གྱི་སྙིང་རྗེ་དང་། སྨན་དཔྱད་ལ་སླ་ཐབས་ཀྱི་ཆོ་ག་ཁྲག་འཁྲུགས་ཡིད་དུ་མི་འོང་བ་བྱེད་པའི་སྐྱོན་རྣམས་དང་བྲལ་པས་གཙང་བ་སྟེ་སྨན་པའི་ཡན་ལག་བཅུ་དྲུག་དང་ལྡན་དགོས་པ་དང་། ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཡོངས་གཏད་ཀྱི་ལེའུར། རྒྱུད་འདི་གཏད་པར་བྱ་བའི་སྣོད་ལྡན་ནི།། དམ་ཚིག་ལྡན་པས་བླ་མ་སྤྱི་བོར་འཁུར།། ནོར་དང་སྲོག་ལ་ཕངས་མེད་གཏོང་ཕོད་ནུས།། ཤེས་རབ་ཆེ་བས་ཚིག་དོན་འགལ་འབྲེལ་འབྱེད།། བྱང་སེམས་ཆེ་བས་གཞན་དོན་གཙོ་བོར་ལེན།། ཆོས་ལ་བྲད་བྲངགཏད་གཡོ་སྒྱུ་ཟོལ་ཟོག་མེད།། སྨན་པའི་རྒྱུ་དྲུག་ཚོགས་པའི་སྐལ་ལྡན་ལ།། དྲང་སྲོང་ཆེན་པོའི་རྒྱུད་འདི་གཏད་པར་བགྱི།། ཞེས་དམ་ཚིག་དང་ལྡན་པས་བླ་མ་དང་སློབ་དཔོན་ཚུལ་བཞིན་དུ་སྤྱི་བོར་འཁུར་བ་དང་། ཡོན་ཏན་གྱི་དོན་དུ་ཕྲ་རགས་ཀྱི་ནོར་དང་རང་ཉིད་ཀྱི་སྲོག་ལའང་འཕངས་སེམས་མེད་པར་གཏོང་བ་དང་འདོར་ཕོད་པ་དང་ནུས་པ། ཤེས་རབ་ཆེ་བས་གཞུང་མན་ངག་མཐའ་དག་པའི་ཚིག་དོན་འགལ་འབྲེལ་འབྱེད་ཤེས་པ། བྱང་ཆུབ་ཀྱི་སེམས་ཤས་ཆེ་བས་གཞན་གྱི་དོན་ཁོ་ན་གཙོ་བོར་ལེན་པར་བྱེད་པ། དམ་པའི་ཆོས་ཁོ་ན་ལ་བློའམ་བྲང་གཏད་པས་གཞན་བསླུ་བའི་གཡོ་དང་སྒྱུ་དང་ཟོལ་དང་ཟོག་རྣམས་མེད་པ་སྟེ་རྒྱུ་དྲུག་བཤད་པ། ཟུར་མཁར་བ་ཕྱི་མས་བཤད་རྒྱུད་བྱ་བྱེད་སྨན་ལེར་བསྟན་པའི་རྒྱུ་དྲུག་དང་གཅིག་པར་མཛད་འདུག་ཀྱང་དེ་དང་འདི་གཉིས་ཚིག་དོན་མི་འདྲའོ།། གཞན་ཡང་ཙ་ར་ཀ་ལས། སྨན་པ་བློ་ལྡན་ཤེས་རབ་ལྡན།། རང་གི་ཡོན་ཏན་ཕུན་སུམ་ཚོགས།། སྙིང་རྗེའི་སེམས་ཀྱིས་བརླན་པ་ནི།། སྨན་པ་ཀུན་གྱི་གཙུག་རྒྱན་ཡིན།། ཞེས་དང་། བརྒྱད་པའི་གླེང་གཞི་ལས། སྨན་པ་མཁས་སྟེགས་གཞུང་དོན་ཤེས།། ལས་རྣམས་མཐོང་ཞིང་གཙང་བ་ཡིན།། ཞེས་དང་། སྒྲོན་གསལ་ལས། གསོ་པ་བོ་ནི་གཙང་ཞིང་ཤེས་རབ་ཅན།། རྟོགས་དཔྱོད་བརྩོན་ལ་དབང་པོ་ཞི་ཞིང་དུལ།། ཐོས་དང་ངང་བཟང་འགྲོ་ལ་སྙིང་རྗེ་ཆེ།། ཡིད་གཞུང་ལག་བཟོ་མཁས་སྟེགས་གཞུང་དོན་ཤེས།། ཞེས་དང་། ཡང་སྙིང་བསྡུས་པར། སྨན་པ་གཞུང་དོན་ལ་མཁས་ཤིང་།། ལུང་ལ་འདྲིས་པའི་བཟང་པོ་དག། ལས་ལ་གོམས་ཤིང་དག་དགེཔ་དག། ཁྱབ་སྟེ་ཡོངས་སུ་གནས་པ་ཡིན།། ཞེས་གསུང་བ་སོགས་ཀྱི་ཡོན་ཏན་དང་ལྡན་པ་ཞིག་དགོས་ཤིང་། འོན་ཀྱང་། དོན་དམ་སྙེ་མ་ལས། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས།། རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོངས་ཡོདམ་ཡིན།། གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་སྤྱད་ནས།། བུ་རྣམས་ཀྱིས་ནི་དེ་ལ་བརྟེན་པར་གྱུར་པའོ།། ཞེས་རྩོད་ལྡན་ལ་ཡོན་ཏན་མཐའ་དག་ལྡན་པ་དཀོན་པས་སྐྱོན་ལས་ཡོན་ཏན་ཤས་ཆེ་བ་དེ་བསྟེན་རུང་བ་ཡིན་ལ།

X