//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། > ནང་དོན།

རླུང་ནད་ཀྱི་སྨན་སྦྱོར་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2015-12-07 10:04:12 ཀློག་གྲངས། 137 

དེ་ཡང་ཐོག་མར་རླུང་ནད་བཅོས་སྐོར་ལས། །མན་ངག་རྒྱུད་ཀྱི་ཛཱ་ཏི་བཅུ་བཞི་ནི། །ཕྱེ་མ་ཛཱ་ཏི་ཤིང་ཀུན་ཁ་རུ་ཚ། །རྩབ་རུ་ཚ་དང་རྒྱམ་ཚ་ཚ་བ་གསུམ་སྒ་སྐྱ། པི་པི་ལིང་། ཕོ་བ་རིལ། །ཤིང་ཚ་སེ་འབྲུ་སུག་སྨེལ་ཨ་རུ་ར། །སླེ་ཏྲེས་སྒོག་སྐྱ་བུར་དཀར་བརྒྱད་འགྱུར་སྦྱར། །རུས་བཅུད་གསུམ་མམ་སོག་ཡུ། ཚང་གཞུག སྲེ་ལོང་བཅུད་བཞིའི་ མར། བུ་རམ། སྒོག་སྐྱཁུ་བས་འཕུལ། །སྟོད་སྨད་ཕྱི་ནང་རླུང་ཀུན་འདི་ཡིས་འཇོམས། །ཞེས་སོ། །

ཤིང་ཀུན་ཉེར་ལྔའི་སྦྱོར་བ་ནི། །ཤིང་ཀུན་ཤ་ཆེན་བུ་རོགས་ཀྱང་རུང་ལི་ཤི་ཛཱ་ཏི་དང་། །ཤིང་ཚྭ་སྒ་པི་ཕོ་སྒ་སྐྱ། པི་པི་ལིང་། ཕོ་བ་རིས་དང་གུ་གུལ་གཉིས་གུ་གུལ་དཀར་ནག་གཉིས། །སེ་འབྲུ་སྒོག་ཐལ་སྒོག་སྐྱ་ནུས་བསྲེགས་བྱས་པའི་ཐལ་བ་ནག་པོ་སུག་སྨེལ་ཨ་རུའི་མཇུག་ཨ་རུ་རའི་ཕྱི་ཤ བི་ཎྜྷ་བོང་བ་གོ་སྙོད་གོ་རྡོག་ཨ་གར་ཚིལ་ཆེན་དང་། །རུ་རྟ་མ་ནུ་སླེ་ཏྲེས་རྒྱ་སྐྱེགས་དང་། །དྲི་ཆེན་ནུས་བསྲེགས་ཐལ་བ་ཤུ་དག་རྒྱམ་ཚ་བཅས་པ་རྣམས། །ཤིང་ཀུན་གཙོར་བྱས་ཉེར་ལྔས་ཕྱི་རླུང་སེལ། །ཤ་ཆེན་འབྲོང་སྙིང་གཙོར་བྱས་ཉེར་ལྔས་ནང་རླུང་སེལ། །ལི་ཤི་གཙོར་བྱས་ཉེར་ལྔས་གསང་རླུང་སེལ། །འདོན་བཞིའི་དཀར་འདོན། སྐྱུར་འདོན། དམར་འདོན། སྒོག་འདོན་རྟ་ལ་བསྐྱོན་ནས་ཐོ་རེངས་བཏང་། །ཤ་ལྤགས་རྩ་རུས་ཞུགས་པ་ཕྱི་ཡི་རླུང་། །དོན་ལྔ་སྣོད་དྲུག་ལ་ཞུགས་ནང་གི་རླུང་། །སྲོག་ཏུ་འཛིན་པ་ལ་སོགས་རླུང་སྲོག་འཛིན། རླུང་ཐུར་སེལ། རླུང་མེ་མཉམ། རླུང་གྱེན་རྒྱུ། རླུང་ཁྱབ་བྱེད་གསང་བའི་རླུང་། །སྟོད་སྨད་བར་གསུམ་ཞུགས་པའི་རླུང་ལ་སོགས། །རླུང་རིགས་སྨན་སྦྱོར་གཅིག་གིས་འཇོམ་འཇོམསཔར་བྱེད། །སྨན་རྒྱལ་གཉིས་པ་གཡུ་ཐོག་མགོན་པོའི་ལུགས། །

ཨ་གར་སོ་ལྔའི་སྦྱོར་བ་ནི། ལྕི་སྣུམ་བསིལ་བའི་ཨ་གར་རིགས་གསུམ་ཨར་ནག་༠mm༠ ཨ་གར་འབའ་ཞིག་༠mm༠ ཨར་སྐྱ་༠mmདང་། །ཁྱད་པར་བསིལ་ལ་བརྟུལ་རྟུལབའི་ཙནྡ་ནྡགཉིས་དཀར་༠mm༣དམར་༠mmའདུ་བ་ཆ་སྙོམས་བཟང་དྲུག་ཛཱ་ཏི་༠mm༠ལི་ཤི་༠mm༠ ཅུ་གང་༠mm༠ གུར་གུམ་༠mm༠ སུག་སྨེལ་༠mm༠ ཀ་ཀོ་ལ་༠mmའབྲས་བུ་གསུམ་ཨ་རུ་༠mm༠ བ་རུ་༠mm༠ སྐྱུ་རུ་༠mm། །སྦྱོར་བ་འདི་ལ་རབ་ཏུ་གཅེས་པའི་གཙོ། །བློན་འབངས་འཁོར་གྱིས་བསྐོར་བའི་ཉི་ཤུ་གཅིག ། མ་ནུ་༠m༤m༥ཀཎྡྲི་ཀ་རི་༠m༢m༥སླེ་ཏྲེས་༠m༧m༥དང་། །ཏིགྟ་༠m༢m༥ཧོང་ལེན་༠m༣m༠སྒ་སྐྱ་༠m༡m༥བ་ཤ་ཀ༠m༢m༥། གུ་གུལ་དཀར་༠m༣m༥ནག་༠m༣m༥གླ་རྩི་༠m༡m༠ཀོ་བྱི་ལ༠m༣m༥། །ཤ་ཆེན་འབྲོང་སྙིང༠m༡m༥འཛིན་པ་༠m༥m༠ཚེར་སྔོན་༠m༤m༠སྙིང་ཞོ་ཤ༠m༣m༠། ནཱ་ག་གེ་སར་༠m༢m༥རུ་རྟ་༠m༢m༠། །ཨ་བྱག་གཉིས། །གཟེར་འཇོམས་གཉིས་ནི་གཟེར་འཇོམས་དང་ཡང་དེ་འདྲ་བ་སྤུ་དཀར་པོ་རྩ་བ་འབྲེལ་བ་ཅན་འུག་པ་ལག་པ་དེ་གཉིས་ཡིན།ཨ་བྱག་གཟེར་འཇོམས་༠m༤m༥འུག་པ་ལག་པའི་རྩ་བ༠m༤m༥། །སེ་འབྲུ་༠m༢m༠སྲོ་ལོ་དཀར་པོ་༠m༣m༠ཀ་ར་སྦྱར། །སྦྱོར་བ་འདི་ལ་ཨ་གར་སོ་ལྔ་ཞེས། །ཚང་ཞིང་འདུས་ལ་ཚད་དུ་སྦྱར་བའི་ཕྱེས། །ཚངས་པ་ཆེན་པོའི་ཚེ་ཡི་རིགས་རིགབྱེད་ལས། །རིགས་ལྡན་དྲང་སྲོང་ཞལ་ནས་སྙན་ཁུང་བརྒྱུད། །གོང་སྨན་བླ་མའི་ཞལ་ལུང་བདུད་རྩིའི་བཅུད། །མ་བརྗེད་སྙིང་ལ་སོན་པའི་འཚོ་ཐབས་པས། །གློ་སྐམ་ཐེངས་བོ་གྲུམ་བུ་ཝརྟ་དང་། །སྟོད་ཚད་སྨད་གྲང་སྟོད་སྨད་གོ་ལོག་དང་། །བླ་གཉན་འཐོར་ནད་གཉེན་པོ་བཅོས་མི་ལེན། །མ་སྨིན་སྟོང་ཚད་མགོ་འབྲེལ་འོག་འགྲིམསརྐུན་བུའི་ནད། །གང་ལ་གང་འཚམས་རྟ་ཡིས་བསྒྱུར་བྱས་ནས། །དམན་ལྷག་ལོག་པའི་ནད་ཀུན་འབྱུང་མི་སྲིད། །གོང་བཤད་ནད་ལ་ཐེངས་པས་ཆོག་པ་ཡིན། །

ཨ་ག་རུ་དང་ཛཱ་ཏི་སྙིང་ཞོ་ཤ ཅུ་གང་སྤོས་དཀར་རུ་རྟ་ཨ་རུ་ར། །ནཱ་ག་གེ་སར་མ་ནུ་བཞི་ཐང་མ་ནུ། ཀཎྡྲི་ཀ་རི། སླེ་ཏྲེས། སྒ་སྐྱ་དང་། །ཙནྡ་ཙནྡནདམར་པོ་བ་རུ་སྐྱུ་རུ་ར། །སྦྱར་བའི་སྨན་མཆོག་ཨ་གར་བཅོ་ལྔ་པ། །འགྲམ་འགྲམསའཁྲུགས་སྨྱོ་ལྐུགས་ནུ་མཆིན་གཟེར་བ་སོགས། །ཁྲག་རླུང་སྟོད་འཚང་ནད་ལ་ཐེངས་ཆོག་ཡིན། །

ཀོ་བྱི་ཤ་ཕོ་རུ་རྟ་ཨ་གར་ནག ཅུ་གང་གུར་གུམ་ཨ་རུ་གསེར་མདོག་དང་། །སྤོས་དཀར་ཀ་ར་སྦྱར་བའི་ཀོ་བྱི་བདུན། །ངན་ཁྲག་སྟོད་དུ་རྒྱས་པའི་ནད་རིགས་དང་། །དབུགས་འཐུམས་དབུགས་འདྲིལ་ནད་ཆེན་སྟོད་བརྒྱང་དང་། །འགྲམ་འགྲམསའཁྲུགས་རླུང་གིས་བུས་པའི་ནད་ལ་བསྔགས། །

ཀོ་བྱི་བཅུ་གསུམ་སྦྱོར་བ་ནི། ཀོ་བྱི་གུར་གུམ་ཨ་ཨ་གར་ཛཱ་ཛཱ་ཏི་ལི་ཤི་དང་། །ཅུ་གང་སེ་འབྲུ་སུག་སྨེལ་རུ་རྟ་དང་། །སྙིང་ཞོ་ཤ་དང་སྤོས་དཀར་ཧོང་ལེན་དང་། །གསེར་མདོག་སྦྱར་བའི་བཅུ་གསུམ་ཞིབ་བཏགས་ལ། །ཆང་གིས་འཕུལ་ནས་ནང་ནུབ་བཏང་བ་ཡིས། །སྟོད་འཁྲུགས་ཁྲག་རླུང་གློ་སྙིང་གཟེར་བའི་ནད། །སྟོད་འཚང་མ་ལུས་སེལ་བར་བྱེད་པའི་མཆོག།

ལུགས་གཅིག་ཀོ་བྱི་བཅུ་གསུམ་ནི། །ཀོ་བྱི་མ་ནུ་བཞི་དང་ཨ་རུ་ར། །ཨར་ནག་ཛཱ་ཏི་རུ་རྟ་སྙིང་ཞོ་ཤ གུ་གུལ་ཚེར་སྔོན་རྩོད་བཙོདཀྱི་ཁུ་བས་འཕུལ། །ཀོ་བྱི་བཅུ་གསུམ་ཞེས་བྱ་སྟོད་གཟེར་རིགས། །འབམ་ནད་རླུང་ཁྲག་སྟོད་གཟེར་མ་ལུས་སེལ། །

རྡོ་རྗེ་རབས་རབའབྱམས་སྦྱོར་བ་ནི། སྔོ་ལེབ་སྤུ་ཅན་ཀོ་བྱིརྡོག་པོ་གསུམ། །རྣམ་མཇུག་ཨ་རུ་ཤ་ཤ་ཕོ་རུ་རྟ་དབང་དབང་ལག་སྒོག་སྒོག་སྐྱ་འཛིན་འཛིན་པཁ་རུ་ཚ། །ཨར་ཨར་ནག་༠mmལི་ལི་ཤི་༠mmཚེར་ཚེར་སྔོན་༠mmགུལ་གུལ་ནག་རུས་ཞུན་རབ་བྱང་འབྲོང་། འབྲིང་ཡུལ་འབྲོང་། ཐ་མ་རུས་རྙིང་དྲོད་ཅན་གང་འབྱོར་ཁཎྡྲི་བྱས་མཉམ། །ཞིབ་བཏགས་བུ་རམ་རིལ་བུའམ། །ཕྱེ་མ་བ་དར་ནར་སོན་དབུལ། །འདི་ནི་ཁྲག་རླུང་སྟོད་འཚང་ནད། །སེལ་བྱེད་རྒོད་པོ་གཟེར་འཇོམས་སམ། །རྡོ་རྗེ་རབས་རབའབྱམས་སྦྱོར་བའོ། །

ཨ་གར་ཉི་ཤུའི་སྦྱོར་བ་ནི། ཨ་གར་ཨར་ནག་འབའ་ཞིག་གཉིས་འདྲེསབརྒྱད་སྟེང་ཙནྡ་ཙནྡནགི་ཝཾ་དང་། །ལི་ཤི་བསེ་ཡབ་གུར་གུམ་མ་ནུ་དང་། །བསེ་རུ་ཉ་ཕྱིས་ཀོ་བྱི་རི་བོང་སྙིང་། །ས་འཛིན་སྐྱུ་རུ་སྦྱར་བའི་ཉི་ཤུ་པ། །རླུང་ཁྲག་འཐབ་དང་གཟའ་ནད་རྩ་དཀར་དང་། །སྲོག་རྩར་རླུང་ཞུགས་སྨྱོ་ལྐུགས་ཡན་ལག་སྦྲིད། །རླུང་བུས་ཚ་བ་བྱེར་སོགས་ནད་རིགས་ལ། །མན་ངག་འདི་ནི་བདུད་རྩི་ལྟ་བུ་ཡིན། །

ཕྱི་རྒྱུད་ཨ་གར་བརྒྱད་པ་ནི། ཨ་ག་རུ་ནག་པོ་༢m༠m༠ཛཱ་ཏི་༠m༡m༠སྙིང་ཞོ་ཤ་༠m༡m༠། །ཅུ་གང་༠m༡m༠སྤོས་དཀར་༠m༡m༠རུ་རྟ་༠m༡m༠ཨ་རུ་ར༠m༡m༠། །ནཱ་ག་གེ་སར་༠m༡m༠ཀ་ར་སུམ་འགྱུར་སྦྱར། །འགྲམ་འགྲམསའཁྲུགས་སྨྱོ་ལྐུགས་ནུ་མཆིན་གཟེར་བ་འཇོམས། །

ཀོ་བྱི་ལྔ་ཐང་ནི། མ་ནུ་བཞི་སྟེང་ཀོ་བྱི་རྡོག་གཅིག་བསྣན། །སྟོད་འཚང་ལེན་ལནརེས་བཟློག་པར་ཐེ་ཚོམ་མེད། །ཅེས་སོ། །

སྲོག་འཛིན་ནོར་བུ་ནི། ལུགས་གཅིག་ལ། སྲོག་འཛིན་བཅུ་གཅིག་དང་། ནོར་བུ་བདུན་པ་བསྡེབས་པའང་འདུག གཞུང་གི་སྲོག་འཛིན་ཨར་བརྒྱད་དང་། །ནོར་བུ་བདུན་པ་བསྡེབས་པ་ཡིན། །སྟོད་འཚང་གཉན་བསྡོངས་འབམ་ལ་ཟབ། །

སྙིང་རླུང་སྨན་ལ་ཨ་གར་ཉི་ཤུ་གོང་སོང་དང་། འབྲོང་རྩེ་ཨ་གར་བརྒྱད་སྦྱོར་ནི། ཨ་ག་རུ་དང་ཛཱ་ཏི་སྙིང་ཞོ་ཤ རུ་རྟ་བསྣན་པས་རླུང་ཁྲག་སྤྱི་ལ་ཕན། །ཨ་བྱག་བསྣན་པ་ལྔ་པས་གཟེར་ལ་ཕན། །ལི་ཤི་བསྣན་པ་དྲུག་པས་སྲོག་རླུང་སེལ། །མི་ཤ་བསྣན་པ་བདུན་པས་རླུང་ལ་ཕན། །རི་བོང་སྙིང་བསྣན་བརྒྱད་པས་སྨྱོ་འབོགས་སེལ། །

དྲང་སྲོང་ཨ་གར་བརྒྱད་སྦྱོར་ནི། །ཨ་ག་རུ་དང་སྙིང་ཞོ་ཤ ཙནྡ་ཙནྡནདཀར་དམར་ཛཱ་ཏི་དང་། །ཅུ་གང་གུར་གུམ་སྲོ་ལོ་དཀར། །ཀ་ར་སྦྱར་བས་ཁྲག་རླུང་འཐབ། །མདུན་རྒྱབ་གཟེར་དང་གློ་སོགས་སེལ། །དྲང་སྲོང་མུ་ཁྱུད་འཛིན་གྱི་ལུགས། །དེས་ན་དྲང་སྲོང་ཨར་བརྒྱད་ཟེར། །

ཨ་གར་ནག་པོ༠m༥m༠ཛཱ་ཏི་༠m༤m༠སྙིང་ཞོ་ཤ༠m༦m༠། ཅུ་གང་༠m༣m༠སྤོས་དཀར་༠m༢m༠རུ་རྟ་༠m༤m༠ཨ་རུ་ར༠m༤m༠། །ནཱ་ག་གེ་སར་༠m༣m༠ལི་ཤི་༠m༥m༠ཤ་ཆེན་༠m༥m༠དང་། །ཤིང་ཀུན་༠m༧m༠སྦྱོར་བ་སྲོག་འཛིན་བཅུ་གཅིག་ཅེས། །སྨྱོ་ལྐུགས་སྙིང་སྲོག་ནུ་མཆིན་གཟེར་བ་འཇོམས། །

རྒྱུད་ཀྱི་ཨར་བརྒྱད་སྟེང་དག་ཏུ། །ལི་ཤི་སྒ་སྐྱ་མ་ནུ་དང་། །གུ་གུལ་བསྣན་པས་ཁྲག་རླུང་དང་། །སྟོད་འཚང་སེལ་བའི་ཨ་གར་བཅུ་གཉིས་ཡིན། །

ཨ་གར་བཅོ་ལྔ་འདྲ་མིན་ནི། ཨ་ག་རུ་དང་ཛཱ་ཏི་སྙིང་ཞོ་ཤ ཅུ་གང་སྤོས་དཀར་རུ་རྟ་ཙནྡ་ཙནྡནདམར། །ནཱ་ག་གེ་སར་ཨ་བར་སྐྱུར་གསུམ་དང་། །མ་ནུ་ཀཎྡྲི་ཀ་ར་རིསླེ་ཏྲེ་ཏྲེསདང་། །སྒ་དང་ཀ་ར་སྦྱར་བའི་བཅོ་ལྔ་པས། །གྲིབ་ཅན་སྟོད་ཁྲག་རླུང་བོས་བུསདང་། །ཁྲག་ངན་རྩར་ཞེན་ཤ་ལྤགས་སྐྲང་། །སྙིང་སྲོག་ཚད་རླུང་ཞུགས་པ་སོགས། །མང་པོའི་བཅོས་སྡུག་རྡུགསཀུན་ལ་བསྔགས། །ཞེས་དང་།

ཨ་གར་ཛཱ་ཏི་ཅུ་གང་ཀོ་བྱི་ལ། །རུ་རྟ་སྙིང་ཞོ་སྤོས་དཀར་གེ་སར་དང་། །མ་ནུ་ཀཎྡྲི་ཀ་རི་སླེ་ཏྲེ་ཏྲེསདང་། །འབྲས་གསུམ་ལི་ཤི་བསྣན་པའི་བཅོ་ལྔ་ཡིས། །འགྲམ་འགྲམསའཁྲུགས་ལུས་ཀྱི་སྦོས་པ་དང་། །སྟོད་འཁྲུགས་སྨྱོ་ལྐུགས་ནུ་མཆིན་གཟེར། །ཚད་གཞུག་རླུང་ལྡན་སེལ་བའི་མཆོག། ཅེས་དང་། ཡང་། གཞུང་གི་ཨ་གར་བརྒྱད་པ་ཚུལ་བཞིན་སྟེང་། །མ་ནུ་བཞི་དང་བ་རུ་སྐྱུ་རུ་གཉིས། །ཨ་བྱག་ཚ་ན་ཤ་ཆེན་གྲང་ན་ཚ་གྲང་མདེལ་མདེཁ་བསྒྱུར། །ཁྲག་རླུང་འཐབ་པའི་ནད་ལ་བདུད་རྩི་འདྲ། །ཞེས་སོགས་འདུག

བྱེ་རིང་སེམས་ཀྱི་བདེ་སྐྱེད་ནི། གཙོ་བོ་མཁལ་མ་གོ་ཡུ་ཞོ་གང་ལ། །ཨ་གར་ནག་པོ་ལི་ཤི་ཛཱ་ཏི་དང་། །རྩི་བོ་ཆེ་ཤིང་ཀུནདང་རུ་རྟ་སྙིང་ཞོ་ཤ། སྨན་ཆེན་འབྲི་ཚིལ་ཚ་བ་རྣམ་པ་གསུམ་སྒ་པི་ཕོ་གསུམ། །ཁ་རུ་ཚ་རྣམས་འཁོར་ཡིན་ཞོ་ཕྱེད་རེ། །ནད་ཚབས་ཆེ་ན་རི་བོང་ཙིཏྟ་དང་། །དར་མའི་གྲི་སྙིང་བྱང་གཡག་བྱ་རྒོད་སོགས། །སྙིང་སྣ་གང་འཛོམ་ཁ་ཚར་གདབ་པ་ཤིས། །ལེགས་པར་ཞིབ་བཏགས་བུར་སྨུག་རིལ་བུར་དྲིལ། །སྲན་མའི་ཚད་ཙམ་གསུམ་ལྔ་བདུན་ལ་སོགས། །ནད་ཚོད་སྦྱར་ལ་དགོང་དང་ཐོ་རེངས་དུས། །ཤ་མར་བུར་རྙིང་ཆང་རྒན་བཏུང་བས་དབུལ། །ཕན་ཡོན་རླུང་ལས་གྱུར་པའི་ནད་རྣམས་ཀུན། །དུས་མཐའི་མེ་དང་ཉེ་བའི་བ་མོ་བཞིན། །ཐབས་འདིས་མི་འཇོམས་པ་ནི་ག་ལ་སྲིད། །ཁྱད་པར་སྲོག་རྩར་རླུང་ཞུགས་སེམས་མི་བདེ། །འཕྱོ་འདར་སྨྱོ་ལྐུགས་སྙིང་དཀྱིལ་ཆུ་བླུགས་འདྲ། །དེ་ལྟའི་ནད་ལ་ཚུལ་འདི་བདུད་རྩི་ཡིན། །

བི་མ་ལ་ཡི་སྦྱོར་བ་ནི། རྒྱ་གར་བི་མ་མི་ཏྲ་ཡི། །གསོ་དཔྱད་བརྒྱད་ཁྲི་བཞི་སྟོང་ལས། །ཁྱད་པར་སྙིང་རླུང་བཅོས་ཐབས་ནི། །འགོང་པོ་སྤུན་དགུ་དར་བའི་དུས། །ནད་འདིས་མ་བཏབ་གཅིག་མི་འབྱུང་། །རྟགས་ནི་སྙིང་མི་དགའ་བ་དང་། །ཤེས་པ་འཕྱོ་ཞིང་བློ་འཚུབས་དང་། །རོ་སྟོད་རྒྱབ་མདུན་གཟེར་ཞིང་འཐམས། །དྲན་པ་མི་གསལ་བརྗེད་ངས་ཆེ། །ཡི་མུག་ག་ཆད་སྡོད་མི་ཚུགས། །ཞེ་སྡང་བྱིང་རྒོད་དབུགས་སྣ་ཐུང་། །ཚབས་ཆེན་བརྒྱལ་དང་སྣ་ཚོགས་ནད། །འབྱུང་ཕྱིར་སྨན་གྱི་གསོ་ཐབས་བསྟན། །རྒྱལ་པོ་ཛཱ་ཏི་༠m༡m༠ཨ་རུ་ར༠m༡m༠། །སྤོས་དཀར་mm༠ཨར་ནག་༠mm༠བཞི་པོ་ཡིན། །གི་ཝང་༠mm༠གཞན་ཀུན་ཞོ་ཕྱེད་རེ་ཤིང་ཀུན་བཟང་དྲུག་དང་། །གོ་སྙོད་ཙནྡ་ཙནྡནདཀར་དམར་གཉིས། །བ་རུ་སྐྱུ་རུ་སྙིང་ཞོ་ཤ ཤིང་ཀུན་སྒོག་སྐྱ་ནུས་ལྡན་བསྲེགས། །ལི་ག་དུར་རྣམས་བློན་པོ་སྦྱར། །རྒྱལ་བློན་ཞིབ་བཏགས་ཕྱེ་མ་ནི། །དགོང་དང་ཐོ་རངས་ནན་ཏན་བྱ། །

སྲོག་རླུང་འཇོམས་རྡོར་སྦྱོར་བ་ནི། སྲོག་རླུང་འཇོམས་པའི་དཔལ་སྤུངས་ལུགས་ལ་མི་འདུག་ཀྱང་།སྔོན་གྱི་དཔེ་རྙིང་ཀླུ་བདུད་རྡོ་རྗེའི་སྦྱོར་སྡེ་ལས། ཀླུ་བདུད་རྡོ་རྗེ་བྱས་འདུག་པ་འདྲ་ཡང་ཆགས་ལུས་མེད་ན་སྤྱན་བགྲད་མཆེ་གཙིགས་གང་ལས་བྱུང་རྡོ་རྗེ་ནི། །ལི་ཤི་སྤྱན་གསུམ་ཁྲོ་གཉེར་ལྡན། །བདུད་འཇོམས་ནག་པོ་མཆེ་བ་གཙིགས། །ཨ་གར་ནག་པོའི་དབུ་སྐྲ་ལ། །ཛཱ་ཏི་ཐོད་སྐམ་དབུ་རྒྱན་མཛེས། །ཞོ་ཤ་སྙིང་གི་དོ་ཤལ་འཕྱང་། །རུ་རྟ་སྟག་གི་ཤམ་ཐབས་ལ། །གེ་སར་སྦྲུལ་གྱི་སྐེ་རགས་བཅིངས། །སྤོས་དཀར་ཐལ་ཆེན་ཚོམ་བུ་ལ། །ཙནྡ་ཙནྡནརཀྟའི་ཐིག་ལེས་བརྒྱན། །ཅུ་གང་རུས་པའི་རྒྱན་དྲུག་ལ། །ཤུ་དག་དར་ནག་སྟོད་གཡོགས་ཅན། །གི་ཝཾ་གསེར་གྱི་རྡོ་རྗེ་ལ། །ཤང་དྲིལ་དངུལ་གྱི་དྲིལ་བུ་ཅན། །ཤ་ཆེན་བམ་གྱི་རོ་གདན་སྟེང་། །ལན་ཚྭའི་ཉི་མའི་དཀྱིལ་འཁོར་རྒྱས། །སྒ་སྐྱ་གཡས་བསྐུམས་འགྱིང་བ་ལ། །ཚིནྡྷ་ཚིནྡྷེཔི་པི་ལིང་གཡོན་བརྐྱང་གར་གྱིས་རོལ། །ཀ་ར་བུ་རམ་མཆོད་པ་འབུལ། །སྲོག་རླུང་ཐལ་བ་རྡུལ་དུ་རློག དེས་ཀྱང་ཐུབ་པར་མ་གྱུར་ན། །བསམ་གཏན་ཟག་བཅས་ལྡན་པའི་སྙིང་། །བསྲེ་བ་མན་ངག་གདམས་པ་ཡིན། །ཞེས་སོ། །

གློ་རླུང་སྨན། རྒྱུད་ཀྱི་བསིལ་བཅུད་དགུ་པ་ནི། །ཙནྡ་ཙནྡནབསིལ་གསུམ་སླེ་ཏྲེས་དང་། །སེ་འབྲུ་པི་ལིང་བིག་པན་ཐལ་སྒོག་སྐྱའི་ཐལ། །བུར་དཀར་སྦྱར་བ་གུང་གཉིས་རུས་ཁུས་འཕུལ། །རླུང་ཚད་དུས་གཅིག་འཇོམས་པའི་སྨན་སྡེབ་ཡིན། །

རྒྱུད་ཀྱི་འབྲས་གསུམ་བདུན་པ་ནི། འབྲས་བུ་གསུམ་དང་སླེ་ཏྲེས་ཏིག་ཏ་དང་། །མ་ནུ་ཧོང་ལེན་ཐང་བཏང་རྔུལ་དུ་དབྱུང་། །ཚ་བ་སྨིན་གསོད་དུས་གཅིག་བྱེད་པ་ཡིན། །ཞེས་སོ། །

དྲང་སྲོང་ཨར་བརྒྱད་ནོར་བུ་བདུན་ཐང་བསྡེབས་པ་ཨ་གར་བཅོ་ལྔ་ལུགས་གཅིག་སྟེ་ཁྲག་མཁྲིས་རླུང་གསུམ་ལ་སོགས་ནད་རྣམས་རང་བཞིན་དྭངས་པར་གསུངས་འདུག

བད་རླུང་མགོ་འཁོར་བཅོས་སྐབས་བདུད་རྩི་བཅུ་གསུམ་དང་། བདུད་རྩི་རིལ་དཀར་པད་སྡོང་དང་། བདུད་རྩི་ལྔ་སྦྱོར་སོགས་གཞུང་དུ་གསལ།

ཛཱ་ཏི་ཉེར་ལྔ་ཛཱ་ཏི་ཁ་རུ་ཚ། །རྒྱ་ཚ་རྒྱམ་ཚ་སླེ་ཏྲེས་འབིགས་བྱེད་དང་། །སྒོག་ཐལ་བྱི་ཚེར་བཟང་དྲུག་ཨ་ག་རུ། །རུ་རྟ་ཤིང་ཀུན་གོ་སྙོད་ཙི་ཏྲ་ཀ ཟི་ར་གཉིས་དང་སྨན་ཆེན་ཤིང་ཚ་སྒ། །སེ་འབྲུ་བུ་རམ་སྦྱར་བའི་ཉེར་ལྔ་འདི། །སྲོག་རླུང་རིགས་ཀུན་འཇོམས་པའི་རྡོ་རྗེ་ཡིན། །

ལི་ཤི་ཉེར་ལྔ་ལི་ཤི་ཨ་རུ་ར། །ཛཱ་ཏི་རྩི་བོ་ཆེ་ཤིང་ཀུན་དང་སྙིང་ཞོ་ཤ ཁ་རུ་ཚ་དང་བསེ་རུ་ཨ་རུ་ར། །སྒ་ཏིག་དཔའ་སེར་ཡུང་བ་བཅའ་སྒ་དང་། །རུ་རྟ་སེ་འབྲུ་སྤོས་དཀར་པི་པི་ལིང་། །ཤུ་དག་ཤིང་ཚྭ་སུག་སྨེལ་ཀ་ཀོ་ལ། །གཡུ་འབྲུག་ཟེ་བ་རི་དྭགས་ལྟེ་བ་གླ་རྩིདང་། །ཅུ་གང་སྦྱར་བའི་ཉི་ཤུ་རྩ་ལྔ་འདིས། །སྲོག་རླུང་ལ་སོགས་ལྔ་གསུམ་བཅོ་ལྔའི་ནད། །གསོ་བ་འཇོམས་པ་རྡོ་རྗེ་ཕ་ལམ་འདྲ། །

བྱེ་རིང་ལུག་ཀླད་རིལ་བུ་ནི། ཤིང་ཀུན་ཏོང་ཏངཀུ་ཨར་ནག་ཛཱ་ཏི་དང་། །རུ་རྟ་ལི་ཤི་གོ་སྙོད་ཕྱེ་མ་རྣམས། །ཞིབ་བཏགས་ལུག་གི་ཀླད་པས་ཁུ་བ་བྱས། །འདམ་འཐག་ཟན་ཙམ་བྱས་པ་རིལ་བུར་དྲིལ། །མར་དཀར་བཙག་ཆོད་དྭངས་མར་སེར་ཙམ་རྔོས། །རླུང་གི་དུས་སུ་ཆང་གིས་འཕུལ་ལ་བཏང་། །མགོ་འཁྱམས་འཁྱོམསབད་རླུང་སེལ་བའི་རྡོ་རྗེ་ཡིན། །ཞེས་སོ། །

རླུང་ཁྲག་པུས་བབས་ཅེ་སྤྱང་མགོ་སྐབས་ཁོང་སྨན་སྤོས་དཀར་བཅུ་པ་ཨར་བརྒྱད་ལྟག་སྤྲད་གསུངས་པའི་ཨར་བརྒྱད་ནི་རྒྱུད་ཀྱི་ཨར་བརྒྱད། སྤོས་དཀར་བཅུ་པ་འོག་ཆུ་སེར་སྐབས་ལྟར་དང་། །

གོང་ངོས། ཡིག་ཆ་མི་འདུག
X