//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་སྦྱོར། > ཐང་གི་སྦྱོར་བ། > མཁྲིས་ནད་སྨན་སྦྱོར། > ནང་དོན།

ཏིག་ཏ་ལྔ་ཐང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ཤ་བོ་གཡང་འབུམ། དུས་ཚོད། 2015-01-26 9:16:01 ཀློག་གྲངས། 18 


ཏིག་ཏ་ལྔ་ཐང་། ༡

སྦྱོར་སྡེཏིག་ཏ། གསེར་གྱི་མེ་ཏོག ཀྱི་ལྕེ། བ་ཤ་ཀ བོང་ང་དཀར་པོ།  

ཕན་ནུསབསྐོལ་ཐང་གྲང་མོར་བསྟེན་ན་མཁྲིས་ནད་ཚ་བ་ཀུན་ལ་ཕན།

སྦྱོར་ཁུངསདཔལ་ལྡན་རྒྱུད་བཞི་ཡི་མཁྲིས་པའི་ནད་བཅོས་པའི་ལེའུ།

ཏིག་ཏ་ལྔ་ཐང་། ༢

སྦྱོར་སྡེཏིག་ཏ། པ་ཏོ་ལ། བ་ཤ་ཀ ཀྱི་ལྕེ་དཀར་པོ། བོང་ང་དཀར་པོ།  

ཕན་ནུསབསྐོལ་ཐང་གྲང་མོར་བསྟེན་ན་མཁྲིས་པའི་ནད་རྣམས་གར་ཞུགས་ཀྱང་ཕན།

སྦྱོར་ཁུངསལག་ལེན་རིན་ཆེན་གཏེར་སྤུངས་ཀྱི་རྩ་བའི་ནད་དྲུག་གསོ་བའི་ལེའུ།

ཏིག་ཏ་ལྔ་ཐང་། ༣

སྦྱོར་སྡེཏིག་ཏ་ཆ་གཅིག བོང་དཀར་ཆ་གཅིག སླེ་ཏྲེས་ཆ་རེ།   ག་དུར་ཆ་རེ། སྐྱེར་ཤུན་ཆ་རེ།  

སྦྱར་ཐབསགོང་སྨན་རྣམས་ཚུལ་བཞིན་སྦྱར་བ་སུམ་གཉིས་བསྡུ།

ཕན་ནུསམཁྲིས་ཚད་སྨིན་སྡུད་སེལ་བར་བྱེད་པའི་མཆོག། ཁྱད་པར་མཁྲིས་རིམས་རྒྱས་ཚད་སྨིན་པར་བྱེད།།

སྦྱོར་ཁུངསམཛེས་རྒྱན་དྲི་མེད་གསལ་བའི་ཨ་དར་ཤ


X