//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ཐོན་སྐྱེད་ལས་རིགས། > ལྷ་ས། > ནང་དོན།

བོད་ལྗོངས་ཆབ་མདོ་བོད་སྨན་བཟོ་གྲྭ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-15 11:47:00 ཀློག་གྲངས། 13 

   བོད་ལྗོངས་ཆབ་མདོ་བོད་སྨན་བཟོ་གྲྭ་ནི་ཆབ་མདོ་གྲོང་ཁྱེར་བོད་སྨན་རྩིས་ཁང་གིས་གཉེར་བའི་ཁེ་ལས་ཞིག་ཡིན། སྤྱི་ལོ་༢༠༠༣ལོར་རྒྱལ་ཁབ་རིམ་པའི་སྨན་རྫས་དོ་དམ་ཚད་གཞིའི་དཔང་རྟགས་ལག་ཁྱེར་ཐོབ་པ་དང་སྤྱི་ལོ་༢༠༠༨ལོར་སྨན་རྫས་ཐོན་སྐྱེད་སྤུས་ཚད་དོ་དམ་ཚད་གཞིའི་བསྐྱར་ཞིབ་དཔང་རྟགས་ལག་ཁྱེར་ཡང་ཐོབ་ཡོད། བཟོ་གྲྭའི་ཚོང་རྟགས་ལྷ་ཡི་བདུད་རྩི་རྟགས་ཅན་ནི་བོད་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་ཀྱི་གྲས་ཤིག་ཡིན་དང་། བོད་སྨན་བཟོ་གྲས་སྨན་ཁང་གི་སྨན་སྦྱོར་མཁོ་འདོན་འགན་སྲུང་བྱེད་ཀྱི་ཡོད་པ་མ་ཚད་ཆོག་མཆན་ཐོབ་པའི་རྒྱལ་སྨན་སྨན་རྫས་རྣམས་རྒྱལ་ཡོངས་ཀྱི་ཁྲོམ་རྭར་བྲིན་རྒྱུག་ཧ་ཅང་ཆེན་པོ་ཡོད། མིག་སྔར་བོད་སྨན་བཟོ་གྲྭས་བོད་སྨན་སྣ་གྲངས་༢༦༠། དེའི་ནང་རྒྱལ་སྨན་སྣ་གྲངས་༢༡དང་སྨན་ཁང་གི་སྨན་སྦྱོར་སྣ་གྲངས་༢༤༠ལྷག་ཙམ་ཡོད། རྒྱལ་སྨན་སྣ་གྲངས་༢༡ནང་སྨན་སྣ་བཞི་རྒྱལ་ཁབ་ཀྲུང་སྨན་སྲུང་སྐྱོང་རྣམ་གྲངས་ཀྱི་ཁོངས་ཡིན། ལོ་རེར་བོད་སྨན་ཐོན་ཚད་ཏུན་ཁྲི་༣༥ཟིན་པ་དང་ཐོན་འབབ་རིན་ཐང་སྒོར་ཁྲི་ཚོ་༡༥༠༠ཙམ་ཟིན་ཐུབ་ཀྱི་ཡོད།

གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X