//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ཞིབ་འཇུག་ལས་རིགས། > མཚོ་སྔོན། > ནང་དོན།

མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-15 11:33:55 ཀློག་གྲངས། 29 

   

མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་ནི་སྤྱི་ལོ༡༩༨༣ལོའི་ཟླ༡༠བར་གསར་དུ་བཙུགས་པ་ཡིན། དེ་ཡང་བོད་ཀྱི་གསོ་རིག་གི་རྨང་གཞིའི་གཞུང་ལུགས་ཞིབ་འཇུག་དང་། བརྡ་འཕྲིན་ཞིབ་འཇུག    བོད་སྨན་སྨན་གསར་སྔོག་འདོན། ནད་ཐོག་ལག་ལེན་ཞིབ་འཇུག་བཅས་མདོ་སྨད་ཕྱོགས་ཀྱི་སྣ་འཛོམས་རང་བཞིན་གྱི་ཞིབ་འཇུག་ལྟེ་གནས་ཤིག་ཏུ་གྱུར་ཡོད། སྔ་རྗེས་སུ་རྒྱལ་ཁབ་ཀྲུང་དབྱི་གསོ་རིག་དོ་དམ་ཅུའུ་ཡིས་རིམ་གསུམ་པའི་བོད་སྨན་སྨན་ལུགས་རྟོག་དཔྱོད་ཁང་། གཞན་ད་དུང་མཚོ་སྔོན་ཞིང་ཆེན་བོད་སྨན་བཟོ་རྩལ་གསར་གཏོད་ལྟེ་གནས་དང་། ཞིང་ཆེན་རིམ་པའི་གལ་ཆེའི་ཚན་རྩལ་རྟོག་དཔྱོད་ཁང་གི་མིང་བཏགས་ཀྱང་མཛད་ཡོད། ད་ལྟ་ཞིབ་འཇུག་ཁང་འདིར་བོད་སྨན་གཞུང་ལུགས་ཞིབ་འཇུག་ཁང་། གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་། གནའ་དཔེ་དག་སྒྲིག་ཁང་། བོད་སྨན་རྫས་འགྱུར་རྟོག་དཔྱོད་ཁང་། བོད་སྨན་སྨན་ལུགས་རྟོག་དཔྱོད་ཁང་། བོད་སྨན་སྡེབ་བཟོ་རྟོག་དཔྱོད་ཁང་། དཔྱད་ཆས་ལྟེ་གནས་ཁང་། བོད་སྨན་ཚན་རྩལ་གསང་འཕྲིན་ལྟེ་གནས། སྨན་ཐང་འགྲེམ་སྟོན་ཁང་། སྨན་རྫས་དངོས་དཔེ་ཁང་། དཔེ་མཛོད་ཁང་། ཀྲུང་གོ་བོད་ཀྱི་གསོ་རིག་དུས་དེབ་རྩོམ་སྒྲིག་ཁང་བཅས་ཀྱི་སྡེ་ཁག་བཙུགས་ཡོད་ལ། ཆེད་ལས་མི་སྣ༤༠དང་། དེའི་ནང་མཐོ་རིམ་ལས་ཐོག་པ༡༡དང་། འབྲིང་རིམ་ལས་ཐོག་པ༡༧དམའ་རིམ་ལས་ཐོག་པ༡༢ཡོད།

   ༡༩༩༨ལོ་ནས་བཟུང་ཤེས་ལྡན་མི་སྣ་མང་བོ་ཞིག་ཆེད་དུ་བསྐོས་ཏེ། ད་ལྟ་ཉམས་དམས་སུ་འགྲོ་བཞིན་པའི་གསོ་རིག་གནའ་དཔེ་ཆིག་སྟོང་ལ་ཉེ་བ་ཞིག་འཚོལ་སྡུད་དང་། ཚད་ལྡན་བསྟན་བཅོས༢༠༠ལྷག་གསལ་དག་འཁྱོར་གསུམ་གྱིས་ཞུ་དག་ནན་མོ་བྱས་ཏེ་པར་བསྐྲུན་མཛད་པ་དང་། ཀྲུང་གོའི་བོད་སྨན་དང་མཚོ་སྔོན་བོད་སྨན་ཚད་གཞི་སོགས་དཔེ་དེབ༡༧ལྷག་རྩོམ་སྒྲིག་བྱས།

   ཞིང་ཆེན་ཕྱི་ནང་གི་ཞིབ་འཇུག་སྡེ་ཁག་དང་ལས་ཁུངས་ལ་མཉམ་འབྲེལ་གྱིས་རྒྱལ་ཁབ༩༥གནད་ཆེའི་ཚན་རྩལ་ལས་གཞི་བོད་སྨན་བརྡ་འཕྲིན་མ་ལག་ཞིབ་འཇུག་དང་། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ལས་གཞི་དངུལ་ཆུའི་འདུལ་ལུགས་གཉིས་ཀྱི་བདེ་འཇགས་རང་བཞིན་ཞིབ་འཇུག    རྒྱལ་ཁབ་ཀྱི་ཆེས་མཐོ་ལག་རྩལ་ཞིབ་འཇུག༨༦༣ཇུས་འགོད་སྣེ་ཁྲིད་ལས་གཞི་རིན་ཆེན་བསམ་འཕེལ་སྔོག་སྤེལ། རྒྱལ་ཁབ་ཀྱི་ཚན་རྩལ་ཇུས་འགོད་ལས་གཞི་མུ་ཏིག་བདུན་ཅུ་ལས་གཏེར་རྫས་ཀྱི་སྨན་ནུས་ཞིབ་འཇུག་རྒྱལ་ཁབ་ཚན་རྩལ་པུའུ་ཡི་གནད་ཆེའི་ཚན་རྩལ་ལས་གཞི་བདུད་རྩི་སྨན་ལུམས་ཅུར་ནིས་ཀྱི་སྨན་བཟོ་ལག་རྩལ་གསར་འདོན་སོགས་རྒྱལ་ཁབ་རིམ་པའི་གཙོ་གནད་ལས་གཞི་བཅུ་ཕྲག་ལྷག་དང་། མཚོ་སྔོན་ཞིང་ཆེན་གནད་ཆེའི་ཚན་རྩལ་ལས་གཞི་མཚོ་སྔོན་གྱི་རྒྱུན་བཀོལ་སྐྱེ་དངོས་སྨན་རྫས་དག་གི་ཐོན་ཁུངས་དང་སྲུང་སྐྱོབ་ཀྱི་ཐབས་ལམ། མཚོ་སྔོན་ཞིང་ཆེན་གནད་ཆེའི་ཚན་རྩལ་ཇུས་འགོད་ལས་གཞི་གློ་ནདSARSབཅོས་པའི་བོད་སྨན་སྔོག་འདོན་སྡེབ་བཟོ་སོགས་ཞིང་ཆེན་རིམ་པའི་ལས་གཞི༢༠ལྷག་འགན་བཞེས་དང་། སྨན་སྣ་གསར་བ༢༥ཙམ་ཞིབ་འཇུག་སྔོག་འདོན་བྱས་ཡོད།

   ལོ་ངོ་ཉི་ཤུ་ལྷག་རིང་ལ་བོད་སྨན་སྨན་རྫས་ཞིབ་འཇུག་གི་ལས་དོན་རྩེ་གཅིག་ཏུ་བསྒྲུབས་པས་གོང་རིམ་གྱིས་སྔ་རྗེས་སུ་མུ་ཏིག་བདུན་ཅུ་ལས་གཏེར་རྫས་ཀྱི་སྨན་ནུས་ཞིབ་འཇུག་ཅེས་པར་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཡར་རྒྱས་ཀྱི་ཨང་གཉིས་པའི་བྱ་དགའ་དང་། ཨ་རུའི་སྨན་ལུམས་ཅུར་ནིས་ཀྱི་སྨན་བཟོ་ལག་རྩལ་གསར་བ་འདོན་སྤེལ་ཞེས་པར་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཡར་རྒྱས་ཀྱི་ཨང་གཉིས་པའི་བྱ་དགའ་དང་རྒྱལ་ཁབ་ཀྱི་གསར་གཏོད་བདག་དབང་གི་དཔང་ཡིག་གནང་ཡོད་པ་བཅས་ཞིབ་འཇུག་གི་གྲུབ་འབྲས་ཆེན་པོ་བཅུ་ལྷག་བླངས་ཡོད།

   ༢༠༠༧ལོའི་ལོ་འགོར་ཞིབ་འཇུག་ཁང་དང་ཞིབ་འཇུག་ཁང་དང་ཞིང་ཆེན་བོད་སྨན་ཁང་། བོད་ཀྱི་གསོ་རིག་སློབ་གླིང་གསུམ་མཉམ་འབྲེལ་གྱིས་རྒྱལ་ཁབ་ཀྱིས་ཆོག་མཆན་ཁས་ལེན་ཐོབ་པའི་ཀྲུང་གོ་བོད་ཀྱི་གསོ་རིག་དུས་དེབ་འགྲེམ་སྤེལ་གནང་སྟེ་གནད་དུ་འཁེལ་ཞིང་གསར་གཏོད་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་ཡིག་རིན་ཐང་ཅན་མང་བོ་སྤེལ་ཏེ་བོད་ཀྱི་གསོ་རིག་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་རྒྱ་ཆེན་པོ་ཞིག་ཐོན་བཞིན་ཡོད།

གོང་ངོས། ཡིག་ཆ་མི་འདུག
X