//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ནད་ཐོག་ལས་རིགས། > ཀན་སུའུ། > ནང་དོན།

རྨ་ཆུ་རྫོང་བོད་ལུགས་སྨན་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-15 10:08:11 ཀློག་གྲངས། 10 

རྨ་ཆུ་རྫོང་བོད་ལུགས་སྨན་ཁང་ནི་སྤྱི་ལོ་༡༩༨ལོར་བཙུགས་པ་དང་། ལོ་ངོ་སུམ་ཅུ་ལྷག་གི་འཕེལ་རྒྱས་བརྒྱུད་ནས་ད་ལྟ་སྨན་བཅོས་དང་སློབ་ཁྲིད། ཚན་རིག་ཞིབ་འཇུག སྨན་སྦྱོར་བཅས་གཞི་གཅིག་ཏུ་གྲུབ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་ཞིག་ཏུ་གྱུར་ཡོད་ཅིང་། ཁུལ་ཡོངས་ཀྱི་བོད་ལུགས་གསོ་རིག་ཆེད་ལས་ལག་རྩལ་མཛུབ་སྟོན་ལྟེ་གནས་དང་། བོད་སྨན་ཐོན་སྐྱེད་ལྟེ་གནས། བོད་ལུགས་གསོ་རིག་གི་མི་སྣ་གསོ་སྐྱོང་དང་དངོས་སྦྱོང་བྱེད་སའི་གཞི་རྩ་རུ་གྱུར་ཡོད་པར་མ་ཟད། སྨན་ཁང་གི་ཁོངས་སུ་སྒོ་བསྟེན་ཚན་ཁག་དང་། ཁོང་ནད་ཚན་ཁག དཔྱད་བཅོས་ཚན་ཁག སྨན་སྦྱོར་ཚན་ཁག སྨན་ལུམས་ཆེད་གཉེར་ཚན་ཁག་དང་མཆིན་མཁྲིས་ཆེད་གཉེར་ཚན་ཁག་བཅས་ཡོད། སྨན་ཁང་ཡོངས་སུ་ད་ཡོད་ཀྱི་ལས་བཟོ་བ་༩༦ཡོད་ལ། དེའི་ནང་དུ་ཆེད་ལས་ལག་རྩལ་མི་སྣ་༦༨ཡོད་ཅིང་། སྨན་ཁང་ཡོངས་ཀྱི་ལས་བཟོ་བའི་སྤྱི་གྲངས་ཀྱི་བདུན་ཅུལྷག་ཟིན། གཞོགས་འདེགས་བརྟག་དཔྱད་ལ་སྙིང་པར་རླབས་རིས་དཔྱད་ཆས་དང་། Xགློག་འོད་དཔྱད་ཆས། Bསྒྲ་རླབས་དཔྱད་ཆས། ཕོ་ཤེ་བརྟག་དཔྱད་འཕྲུལ་ཆས། རང་འགུལ་ཅན་གྱི་སྐྱེ་འགྱུར་དབྱེ་ཞིབ་དཔྱད་ཆས་སོགས་ཡོད་ལ། གོང་གི་དཔྱད་ཆས་འདི་དག་གིས་ནད་གཞི་ངོས་འཛིན་དང་གསོ་བཅོས་ཀྱི་ཐད་ལ་ཞབས་འདེགས་གང་ལེགས་སྒྲུབ་བཞིན་ཡོད། སྨན་ཁང་འདིའི་ལོ་རེར་སྒོ་བསྟེན་ཁང་ནས་ནད་བརྟག་སྨན་བཅོས་བྱས་ཚད་མི་༣༠༠ལྷག་དང་། ཞག་སྡོད་ནད་པ་༡༠༠༠ལྷག ལོ་གཅིག་གི་བྱེད་སྒོའི་ཡོང་སྒོ་སྒོར་ཁྲི་ཚོ་༡༠༠ལྷག་ཡིན།

 བོད་སྨན་ཁང་ཁོར་ཡུག་ཉམས་དགའ་ཞིང་ལག་རྩལ་གྱི་ཆ་རྐྱེན་ཡོངས་སུ་འཛོམས་པ་དང་། ཞབས་ཞུའི་སྒྲིག་ཆས་ཆ་ཚང་བའི་ཁར་གཞུང་ལུགས་ཀྱི་རྩ་བ་བརྟན་ཅིང་གསོ་བཅོས་ལ་ནང་བྱན་ཆུད་པའི་སྨན་པའི་དཔུང་སྡེ་ཞིག་གྲུབ་ཡོད་པས། ཁོང་ཚོས་བོད་ཀྱི་གསོ་རིག་གི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་བྱས་ཏེ་རྒྱུན་མཐོང་གི་ནད་རིགས་དང་། ས་གནས་རང་བཞིན་གྱི་ནད། ཐོར་བའི་ནད་སོགས་གསོ་བཅོས་ཀྱི་ཕྱོགས་སུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པར་མ་ཟད། མཆིན་མཁྲིས་ཀྱི་ནད་དང་ཕོ་རྒྱུའི་ནད། རྩ་དཀར་གྱི་ནད་སོགས་གསོ་བཅོས་ཀྱི་ཐད་ནས་ཡང་ཁུལ་ཡོངས་ཀྱི་ཚད་མཐོ་བའི་སྨན་བཅོས་ཀྱི་ཆུ་ཚད་ལ་བསླེབས་ཡོད། ལྷག་པར་དུ་རུས་ནད་ཚན་ཁག་ནིལག་རྩལ་སྔོན་ཐོན་དང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཆེད་ལས་ཚན་ཁག་ཞིག་ཡིན་ལ། གསོ་བཅོས་ལ་བརྡབ་སྐྱོན་གྱི་རིགས་སྣ་ཚོགས། རུས་ཆག་དང་ཚིགས་རིགས་མཁལ་འགྲམས། རླུང་ནད་དཔུང་འཇའ། གྲུམ་བུ་དཀར་ནག་དང་རྩ་དཀར་སོགས་ལ་ཕན་འབྲས་མངོན་གསལ་ཡོད། དེ་མིན་དུགས་དང་། གཏར་ག མེ་བཙའ། མེ་བུམ། བྱུགས་པ། ཏེལ་པ། བསྐུ་མཉེ་སོགས་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་གསོ་ཐབས་ཀྱིས་གསོ་བཅོས་བྱེད་བཞིན་ཡོད་པས། རྒྱ་ཆེ་བའི་ནད་པ་རྣམས་ཀྱིས་གདེང་འཇོག་ཆེན་པོ་ཐོབ། གཞན་སྨན་ཁང་གིས་མཁས་པའི་དབང་བོ་སྨན་པ་ཨ་ཁུ་བསྟན་ཁོ་སོགས་མང་བོ་གདན་འདྲེན་བྱས་ཏེ་སྨན་བཅོས་དང་སྨན་འདུལ་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད

རྨ་ཆུ་རྫོང་བོད་སྨན་ཁང་གི་སྨན་སྦྱོར་ཚན་ཁག་ནི་སྨན་ཁང་འདི་དང་མཉམ་དུ་བཙུགས་པའི་ཚན་ཁག་ཅིག་ཡིན་ལ། ལོ་ངོ་སུམ་ཅུའི་འཕེལ་རྒྱས་དང་འཛུགས་སྐྲུན་བྱས་པ་བརྒྱུད་ནས་ད་ལྟ་ཁུལ་ཡོངས་ཀྱི་ཚད་དང་ལྡན་པའི་སྨན་བཟོ་ཚན་ཁག་ཅིག་ཏུ་གྱུར་ཡོད་པ་དང་། འདི་ཉིདརྒྱལ་ཁབ་རིམ་པའི་ཚད་གཞི་དང་སྨན་ཁང་གི་སྨན་བཟོ་དོ་དམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་པ་ཞིག་ཡིན་པས། སྨན་རྫས་འདུལ་སྦྱོང་ཁང་དང་སྨན་རྫས་ཉར་ཚགས་ཁང་། སྨན་རྫས་འཐག་བྱེད། སྨན་ཕྱེ་ཚགས་སུ་བཙག་བྱེད་སོགས་འཕྲུལ་ཆས་ཆ་ཚང་ཡོད་ཅིང་། ད་ལྟ་མུ་ཏིག་བདུན་ཅུ་དང་གཡུ་རྙིང་ཉེར་ལྔ་སོགས་སྨན་སྣ་༡༧ལྷག་གི་ཆོག་མཆན་ཡི་གེ་བླངས་ཏེ་ཐོན་སྐྱེད་བྱེད་བཞིན་ཡོད་ལ། དེ་ལས་སྨན་སྣ་༧༣ཀན་སུའུ་སྨན་རྫས་དོ་དམ་ལྟ་སྐུལ་ཅུའུ་ནས་ཐོ་འགོད་དང་ཨང་རྟགས་ཀྱི་དཔང་ཡིག་ཐོབ་ཡོདསྦྱོར་བ་ཚད་དང་ལྡན་ཞིང་སྨན་སྣ་ཆ་ཚང་བ། སྤུས་ཀ་བཟང་ཞིང་རིན་གོང་བདེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། རྒྱ་ཆེ་བའི་མང་ཚོགས་རྣམས་ཀྱིས་བསྟོད་བསྔགས་དང་ཡིད་ཆེས་བྱེད་བཞིན་ཡོད།  ངེད་བོད་སྨན་ཁང་གིས་ནམ་ཡང་ནད་པ་དཀྱིལ་སྙིང་དུ་འཛིན་པ་དང་སྨན་བཅོས་ཀྱི་སྤུས་ཚད་གཙོ་གནད་དུ་བཞག་སྟེ། བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་ནུས་སྟོབས་འདོན་སྤེལ་བྱས་ཏེ་སྨན་བཅོས་ཀྱི་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་ཡོད་པས། རྒྱ་ཆེའི་ནད་པ་རྣམས་རྨ་ཆུ་རྫོང་བོད་སྨན་ཁང་དུ་ཕེབས་ནས་གསོ་བཅོས་བྱེད་པར་དགའ་བསུ་ཞུ།།

X