//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > སློབ་གསོ་ལས་རིགས། > ལྷ་ས། > ནང་དོན།

བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-14 17:18:07 ཀློག་གྲངས། 22 

 

བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ནི་བརྗིད་ཆགས་ཡིད་དུ་འོང་བའི་ལྷ་ལྡན་ཉི་མའི་གྲོང་ཁྱེར་དུ་༡༩༨༩ལོའི་ཟླ་༩བར་དབུ་བརྙེས་པ་དང་། ༡༩༩༣ལོར་རྒྱལ་ཁབ་སློབ་ཨུས་ཆོག་མཆན་གནང་སྟེ་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་གྲལ་དུ་ཚུད་པ་ནས་བཟུང་། ད་བར་སྔ་ཕྱིར་བོད་སྨན་དངོས་ཚན་དང་། བོད་སྨན་སྨན་རྫས་ཀྱི་དངོས་ཚན་དང་ཆེད་ཚན། བོད་སྨན་རབ་འབྱམས་དང་འབུམ་རམས་ཞིབ་འཇུག་སློབ་མ་སོགས་སློབ་གསོའི་མ་ལག་ཆ་ཚང་ཞིག་འཛུགས་སྐྲུན་བྱས་ཏེ་བོད་ལུགས་གསོ་རིག་གི་ཆེད་ལས་མི་སྣ་མང་བོ་གསོ་སྐྱོང་གནང་བ་དང་། ལོ་མང་འཕེལ་རྒྱས་བརྒྱུད་རྒྱལ་ཁབ་ཕྱི་ནང་གི་བོད་ལུགས་གསོ་རིག་གི་མཐོ་རིམ་སློབ་གསོ་དང་ཚན་རྩལ་ཞིབ་འཇུག་གི་ལྟེ་གནས་སུ་གྱུར།

    ད་ལྟ་སློབ་གྲྭ་འདིར་སྲིད་འཛིན་སྡེ་ཁག་དྲུག་དང་། སློབ་གསོའི་ཚན་ཁག་ལྔ། ཐད་གཏོགས་ལྗོངས་རིམ་པའི་སྡེ་ཁག་གཉིས་དང་། དཔེ་མཛོད་ཁང་དང་གློག་འཕྲུལ་ལྟ་ཀློག་ཁང་། རྩིས་འཁོར་ཁང་། རྨང་གཞིའི་ཚོད་ལྟ་ཁང་། གཙོ་གནད་ཚོད་ལྟ་ཁང་། བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་རྟེན་རྫས་ཁང་། སྒོ་བསྟེན་ཁང་། བོད་སྨན་བཟོ་གྲྭ་སོགས་སྡེ་ཁག་མང་པོ་བཙུགས་ཡོད། ཁྱོན་བསྡོམས་ལས་བཟོ་བ་༡༥༨ཡོད་པ་ལས་དགེ་རྒན་༩༨ཡོད། དེའི་ནང་མཐོ་རིམ་ལག་རྩལ་མི་སྣ་༡༥དང་། འབྲིང་རིམ་ལག་རྩལ་མི་སྣ༤༠།   ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་༢༥ཡོད། སློབ་མ་ཁྱོན་༡༠༠༠ལྷག་ཙམ་ཡོད་པ་དང་། དེ་དག་གི་ཁྲོད་བོད་སྨན་འབུམ་རམས་དང་རབ་འབྱམས་ཀྱི་ཞིབ་འཇུག་སློབ་གནས་དང་། བོད་སྨན་དངོས་ཚན། བོད་ལུགས་སྨན་རྫས་དངོས་ཚན། བོད་སྨན་དང་གནམ་རིག་སྐར་རྩིས། མཐོ་རིམ་ནད་གཡོག་བཅས་ཀྱི་ཆེད་ཚན་དང་། པེ་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་མཉམ་སྒྲུབ་ཀྱིས་བོད་སྨན་ཆེད་ལས་ཀྱི་འབུམ་རམས་སློབ་གནས་སྤྲོད་པའི་ཐོབ་ཐང་སོགས་ཡོད།

    དཔེ་མཛོད་ཁང་དུ་བཀའ་བསྟན་གཉིས་ཀྱིས་གཙོས་པའི་བོད་ལུགས་གསོ་རིག་གི་རྩ་ཆེའི་ཡིག་ཆ་༡༠༠ལྷག་དང་། སྨན་ཐང་བྲིས་ཆ་བརྒྱ་ལ་ཉེ་བ་ཙམ་ཉར་ཚགས་བྱས་ཡོད་པ་དང་། བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་ཆེད་མཁས་པའི་སྐུ་བརྙན་དང་། གསོ་རིག་བླ་བརྒྱུད་དང་གནམ་རིག་སྐར་རྩིས་ཀྱི་ཆེད་མཁས་པའི་སྐུ་བརྙན་དང་། གསོ་རིག་བླ་བརྒྱུད་དང་གནམ་རིག་སྐར་རྩིས་ཀྱི་ཐང་ག    དེ་མིན་རིན་ཐང་ཆེ་བའི་རིག་དངོས་དུ་མ་ཉར་ཚགས་བྱས་ཡོད། སྒོ་བསྟེན་སྨན་ཁང་ནི་༡༩༩༦ལོའི་ཟླ་༦པའི་ཚེས་༣ཉིན་ལས་འགོ་ཚུགས་ཤིང་། དེའི་ནང་བོད་སྨན་ཆེད་མཁས་ཚན་ཁག་དང་སྨན་ལུམས་ཁང་སོགས་ཚན་ཁག་ལྔ་ལྷག་བཙུགས་ཏེ་འགྲོ་བ་ནད་པའི་དོན་རྒྱ་ཆེར་སྤེལ་དང་སྤེལ་བཞིན་ཡོད་ལ། བོད་སྨན་བཟོ་གྲྭ་ནི་སྤྱི་ལོ་༡༩༩༦ལོར་བསྐྲུན་པ་དང་། ༢༠༠༤ལོར་རྒྱལ་ཁབ་GMPཚད་གཞི་བླངས་ཏེ་ད་ལྟ་སྨན་སྦྱོར་༦༤ཐོན་སྐྱེད་བྱེད་བཞིན་ཡོད་ལ། དེའི་ནང་སྨན་རིགས་༢༤ལ་རྒྱལ་ཁབ་ཀྱི་ཆོག་མཆན་ཨང་ཡིག་ཐོབ་པ་དང་། སྨན་རིགས་༢ནི་རྒྱལ་ཁབ་ཀྱི་ལག་རྩལ་གསར་བཏོད་སྤུས་ལེགས་ཐོན་རྫས་སུ་བདམས་ཡོད།

  བོད་ལུགས་གསོ་རིག་གི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་ལྷན་དུ་ཕྱི་འབྲེལ་ལས་དོན་ལ་མཐོང་ཆེན་བྱས་ཏེ་པེ་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་། ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་སོགས་སློབ་ཆེན་ལྔ་ལ་མཉམ་འབྲེལ་གྱིས་སློབ་གྲྭའི་ཕྱིའི་བཀོད་པ་དང་ནང་གི་ཞིབ་འཇུག་དང་སློབ་ཁྲིད་ཀྱི་སྒྲིག་གཞི་ཇེ་ལེགས་སུ་བཏང་བ་མ་ཟད། ཨ་རི་དང་དབྱིན་ཇི། འཇར་མན་སོགས་ཕྱིའི་སྔོན་ཐོན་རྒྱལ་ཁབ་དང་ཡུལ་གྲུ་ཁག་ཏུ་འབྲེལ་གཏུག་སྒོས་རིག་གཞུང་དཔྱད་གླེང་ཐེངས་མང་སྤེལ་ནས་བོད་ཀྱི་གསོ་རིག་གི་སྙན་གྲགས་ས་གནས་ཀུན་ཏུ་ཁྱབ་གདལ་བཏང་བ་དང་ཆབས་ཅིག   བོད་ཀྱི་གསོ་རིག་འཛམ་གླིང་དུ་སྐྱོད་རྒྱུར་ཡང་རྨང་གཞི་ལེགས་པོ་ཞིག་བཏིངས། དེ་མིན་བོད་ལུགས་གསོ་རིག་གི་ཚན་རིག་ཞིབ་འཇུག་དང་གསར་སྤེལ་ཐད་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་མཐོང་ཆེན་བྱས་ཏེ་སྔ་ཕྱིར་རྒྱལ་ཁབ་རིམ་པའི་ཚན་ཞིབ་རྣམ་གྲངས་༩དང་། ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་རྣམ་གྲངས་༨འགན་བཞེས་ལེགས་གྲུབ་བྱུང་བ་མ་ཟད། མིག་སྔར་༩༧༣རྣམ་གྲངས་ཀྱིས་གཙོས་པའི་རྒྱལ་ཁབ་རིམ་པའི་རྣམ་གྲངས་༤དང་། ཞིང་ཆེནདང་པུའུ་རིམ་པའི་རྣམ་གྲངས་༥གསར་དུ་འགན་ལེན་བྱས་ཡོད།

        མདོར་ན་དུས་ཀུན་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་དུ་བཞག་ཐོག   བོད་ལུགས་གསོ་རིག་གི་སློབ་གསོ་ནི་གཙོ་བོ་དང་། སློབ་ཁྲིད་ནི་ལྟེ་བ། ཚན་ཞིབ་ཀྱིས་སློབ་ཁྲིད་ལ་སྐུལ་འདེད། སྨན་བཅོས་ཀྱིས་སློབ་ཁྲིད་ལ་འགན་ལེན། ཐོན་ལས་ཀྱིས་སློབ་ཁྲིད་ལ་ཞབས་འདེགས་ཞུ་བའི་སྒྲུབ་ཐབས་རྒྱུན་འཁྱོངས་བྱས་ཏེ། སློབ་ཁྲིད་དང་ཐོན་ལས། ཚན་ཞིབ་བཅས་འཕེལ་རྒྱས་སུ་གཏང་རྒྱུ་དང་ཆབས་ཅིག   སྲོལ་རྒྱུན་རྒྱུད་འཛིན་དང་། མ་འོངས་གསར་བཏོད་ཀྱིས་ཏང་གི་སློབ་གསོའི་རྩ་དོན་ཁྱོན་ཡོངས་ནས་ལག་བསྟར་ཐོག་འཛམ་གླིང་མི་དམངས་ཀྱི་ཡིད་ཆེས་དང་བློ་འདོད་ཚིམ་པའི་བོད་ལུགས་གསོ་རིག་གི་འཕེལ་རྒྱས་ལ་འབད་པ་ལྷོད་མེད་བྱེད་བཞིན་ཡོད་དོ།།

གོང་ངོས། ཡིག་ཆ་མི་འདུག
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X