//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > སློབ་གསོ་ལས་རིགས། > མཚོ་སྔོན། > ནང་དོན།

རྨ་ལྷོ་རྫོང་སྐལ་བཟང་སྲོལ་རྒྱུན་གསོ་རིག་ལག་རྩལ་ལས་རིགས་སློབ་གྲྭ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-14 17:07:46 ཀློག་གྲངས། 21 

    རྨ་ལྷོ་རྫོང་སྐལ་བཟང་སྲོལ་རྒྱུན་གསོ་རིག་ལག་རྩལ་ལས་རིགས་སློབ་གྲྭ་ནི་སྤྱི་ལོ་༢༠༠༣ལོའི་ཟླ་༨ཚེས་༡༢ནས་བཟུང་རྨ་ལྷོ་ཁུལ་་འཕྲོད་བསྟེན་སློབ་གྲྭ་དང་མཉམ་འབྲེལ་བྱས་ནས་རྨ་ལྷོ་རྫོང་ཐོག་ཏུ་འབྲིང་རིམ་ཆེད་ལས་ཀྱི་འཛིན་གྲྭ་ཞིག་ཐོག་མར་སྒྲུབ་པ་ནས་བཟུང་ད་ལྟའི་བར་འཛིན་གྲྭ་བཅུ་བསྡུས་པར་ཁྱོན་སློབ་མ་ལྔ་བརྒྱ་ལྷག་ཡོད་ལ། དེའི་ནང་ནས་སློབ་མ་བཞི་བརྒྱ་ལྷག་མཐར་ཕྱིན་ཟིན། ད་ལྟ་དངོས་ཡོད་སློབ་མ་བརྒྱ་ཕྲག་ཡོད། དུས་དེ་ནས་བཟུང་གོང་རིམ་འབྲེལ་ཡོད་ལས་ཁུངས་སོགས་ལ་སྒེར་ཚུགས་སློབ་གྲྭ་ཞིག་འཛུགས་ཆོག་པའི་ཡར་ཞུ་རབ་དང་རིམ་པ་བརྒྱུད་ནས་སྤྱི་ལོ་༢༠༠༧ལོའི་ཟླ་༣ཚེས་༢༢ཉིན་ཁུལ་སློབ་གསོ་ཅུའུའི་གཙོ་བོར་གྱུར་བའི་འབྲེལ་ཡོད་ལས་ཁུངས་ཀྱི་མཁས་མང་བགྲོ་ལྒིང་ཚོགས་འདུ་འཚོག་སྟེ་མཐོ་འབྲིང་སློབ་གྲྭའི་མཚན་སྙན་གྱི་ཆོག་མཆན་གནང་བ་བརྒྱུད་དངོས་སུ་དབུ་བརྙེས་པ་ཡིན།

    སློབ་མའི་བསྡུ་ཚད་ལོ་རེ་བཞིན་བཞི་བཅུ་ནས་ལྔ་བཅུ་ལྷག་ཡོད་པའི་འཛིན་གྲྭ་རེ་སྒྲུབ་བཞིན་ཡོད།  ལོ་འདི་འགའི་རིང་འབྲེལ་ཡོད་འགྲོ་ཁྲིད་དང་འབྲེལ་ཡོད་ལས་ཁུངས།   སྤྱི་ཚོགས་སྟེང་གི་སློབ་གསོའི་ལས་རིགས་ལ་འགན་ཞེན་ཆེ་བའི་ཚོགས་པ་དང་མི་སྒེར་མང་བོ་ཞིག་གི་རོགས་རམ་དང་རྒྱབ་སྐྱོར་བྱས་པ་་་་་བརྒྱུད། ད་ལྟའི་བར་ཁོར་ཡུག་གི་རྒྱ་ཁྱོན་ས་མུའུ་ཉི་ཤུ་ལྷག་གི་སྟེང་ཚོགས་ཁང་ཆེ་བ་གཅིག  གཞུང་ལས་ཁང་གཉིས།  སློབ་ཁང་བཞི།  དགེ་རྒན་གྱི་ཉལ་ཁང་བདུན། སློབ་མའི་ཉལ་ཁང་ལྔ་བཅུ། ཇ་ཁང་གཅིག་བཅས་ཡོད། ད་ལྟ་དངོས་ཡོད་དགེ་རྒན་བདུན།  ཆེད་ལས་གདན་ཞུས་དགེ་རྒན་གསུམ། སློབ་མ་བརྒྱ་ཕྲག་ལྷག་ཡོད།

    སློབ་གྲྭ་ལ་མཚོན་ན་སློབ་མའི་དཔལ་འབྱོར་གྱི་ཐད་ལ་ཐབས་བརྒྱ་ཇུས་སྟོང་གིས་ཇེ་ཉུང་དུ་བཏང་སྟེ་ཁྱིམ་བདག་མང་བོ་ཞིག་གི་འཚོ་བའི་དཀའ་ངལ་ལ་དོ་སྣང་གལ་ཆེན་བྱས་ནས་སློབ་རིན་སོགས་འགྲོ་སོང་གཅིག་ཀྱང་མ་བླངས་པར་གངས་ཕྲུག་མང་བོ་ཞིག་ལ་བོད་ཀྱི་གསོ་བ་རིག་པའི་གཞུང་དང་ལག་ལེན་བཟང་བོ་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་སླད་དུ་སྲོལ་རྒྱུན་ལམ་ལུགས་ཀྱི་སློབ་ཁྲིད་བྱེད་བཞིན་ཡོད།

    སློབ་མའི་ཡོང་ཁུངས་གཙོ་བོ་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་དང་ལྷ་ས་སོགས་ཁུལ་བདུན་དང་ས་ཁུལ་གཉིས་དང་རྫོང་ཉེར་བཞི་ལྷག་གི་ཡོད།

    ཁྲིད་བྱ།  དང་བོ་སྐད་ཡིག་གི་སྐོར་ལ་དག་ཡིག་མཁས་པ་དགའ་སྐྱེད།  བརྡ་དག་ཕྱེ་མ་ལེབ། ཐོན་མིའི་ཞལ་ལུང་། བློ་གསལ་འཇུག་ངོགས་སོགས་ཡིན།

    གཉིས་པ་གསོ་རིག་གི་སྐོར་ལ་དཔལ་ལྡན་རྒྱུད་བཞི།  ཆ་ལག་བཅོ་བརྒྱད།  འགྲེལ་ཆེན་བཻ་ཌཱུརྱ་སྔོན་པོ། ཤིང་བཟའ་པཎྜི་ཏའི་གསོ་རིག་གསུང་རྩོམ་ཕྱོགས་བསྒྲིགས། མན་ངག་ལྷན་ཐབས། ཀོང་སྤྲུལ་ཟིན་ཏིག  བདུད་རྩིའི་གཏེར་མཛོད། བློ་གསར་དགའ་སྟོན། མན་ངག་བཀའ་བརྒྱ་མ། ཤེལ་གོང་ཤེལ་ཕྲེང་སོགས་ཡིན།

    གསུམ་པ་རྩིས་རིག་གི་སྐོར་ལ་སྐར་རྩིས་ཀུན་བཏུས་ནོར་བུ། ལྷ་མོ་ཚུལ་ཁྲིམས་རྒྱ་མཚོའི་ནག་རྩིས།  རྒྱ་རྩིས་འཇམ་དཔལ་དབྱངས་དགྱེས་པའི་མཆོད་སྤྲིན་སོགས་སྲོལ་རྒྱུན་ལྟར་ཁྲིད་དང་ལུང་གི་བརྒྱུད་པ་བར་མ་ཆད་པར་བརྒྱུད་སྤྲོད་བྱེད་བཞིན་ཡོད།

X