//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དུག་ནད་ཀྱི་སྐོར། > ནང་དོན།

སྦྲུལ་དུག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-10 15:15:43 ཀློག་གྲངས། 26 

  སྦྲུལ་དུག་ནི་སྦྲུལ་གྱི་ཁ་ཆུ་གཤེར་བ་དུག་ཅན་ཁྲག་ལ་བསྟེན་ནས་ལུས་ཀྱི་གནས་གང་རུང་ལ་ཁྱབ་པ་དང་། ཡང་ན་སྦྲུལ་རིགས་མི་གཅིག་པའི་དུག་རིགས་ཡང་རྩ་དཀར་ནག་གང་རུང་ལ་གནོད་པ་བྱུང་ནས་ལུས་ཡོངས་ལ་ཁྱབ་སྟེ་རྐང་ལག་མྱུར་དུ་གཤའ་བར་གྱུར་པའི་ནད་ཅིག་རེད།

རྒྱུ་རྐྱེན།

  སྦྲུལ་དུག་ཡོད་པའི་གནས་སུ་ཁ་རླངས་ཕོག་པའམ་སོ་བཏབ་པ་སོགས་ཀྱིས་བསླངས་པ་རེད།

ནད་རྟགས།

  ལུས་ལ་ཚ་བ་རྒྱས་པ། སྐྱུགས་པ། སྐྲངས་པ་དང་ལུས་མི་བདེ་བའམ་བརྒྱལ་བ། ཡང་ན་པགས་སྟེང་དུ་རྨ་འབྱུང་བ་དང་། གཡའ་བ། ཟུག་གཟེར་ཚ་འུར་འུར་བྱེད་པ།

  རྨ་ཁ་སྐྲངས་ནས་ཁྲག་ནག་པོ་འཛག་པ་དང་། ལུས་ནས་སྲིན་འབུ་འགྲོ་པར་བསམ་པ། རྨེན་བུ་རྣམས་རྒྱས་པ། མགོ་ལྕི་ཞིང་སྣབས་དང་མཆིལ་མ་མང་བ། མིག་འབྱེད་དཀའ་བ། རུས་ཚིགས་དང་པགས་པ་རྣམས་ཁ་བྱེ་བར་སྙམ་པ། ལུས་ཚ་ཞིང་སྐྱིགས་བུ་འབྱུང་བ་དང་མར་འཁྲུ་བ། སྙིང་ག་གཟེར་བ། རོ་སྟོད་དང་སྒལ་ཚིགས་རྣམས་ན་བ།  དབུགས་འབྱིན་རྔུབ་ཐུང་ཞིང་སྐྱུག་པ། ལུས་ལ་ཚ་དྲོད་རྒྱས་བ་སོགས་རིམ་བཞིན་གྱི་རྟགས་སྣ་ཚོགས་འབྱུང་བ་ཡིན།

  རྩ་རྒྱུད་ཕྲ་ལ་གྲིམས་པར་འཕར།

  དྲི་ཆུའི་མདོག་ནག་ལ་ཝུ་བ་འཇའ་ཚོན་འདྲ་བ་སོགས་མངོན་པ།

  ལྕེ་མདོག་ནག་པོར་མངོན་པ།

གཞོགས་འདེགས་བརྟག་དཔྱད།

  སྦྲུལ་གྱི་མཆེ་བས་དངོས་སུ་ཟིན་ནས་ལུས་པགས་སྟེང་དུ་རྨ་འབྱུང་བ་དང་། ཁྲག་པྲའིWBCདང་PLTW-LCRཅས་དང་། ཡང་ན་སྙིང་པར་བཅས་ལ་འགྱུར་ལྡོག་ཡོད།

འཁྲུལ་སོལ་བསལ་ཐབས།

  ལུས་སྐྲངས་པ་དང་། གཡའ་བ། ཟུག་གཟེར་ཚ་འུར་འུར་བྱེད་པ་དང་། ཚ་བ་རྒྱས་པ། སྐྱུགས་པ། ལྷག་པར་དུ་སྦྲུལ་དུག་ཤུགས་ཅན་གྱི་ཟིན་པས་ཚེ་གློ་བར་དུ་བརྒྱལ་བ་དང་དྲན་པ་མི་གསལ་བར་འགྱུར་བ། རྟགས་འདི་དག་ཀྱང་བརྒྱལ་གཟེར་དང་རིམས་ཚད། གྲིབ་སྐྱོན། གཟའ་ནད་སོགས་ཀྱི་མངོན་ཚུལ་དང་འདྲ་ཡང་། འོན་ཀྱང་སྦྲུལ་དུག་ནི་སྦྲུལ་གྱི་མཆེ་བས་དངོས་སུ་ཟིན་ནས་ལུས་པགས་སྟེང་དུ་རྨ་འབྱུང་བ་དང་། སྦྱུལ་གྱིས་སོ་བཏབ་རྗེས་སུ་ཁྲག་བཅས་ལ་ གསལ་བོར་བརྟག་ནའང་མི་འདྲ་བའི་རྟགས་མངོན་པ་ཡིན།

གོང་ངོས། ཤ་དུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X