//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དུག་ནད་ཀྱི་སྐོར། > ནང་དོན།

ཤ་དུག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-10 15:03:58 ཀློག་གྲངས། 27 

   ཤ་དུག་ཅེས་པ་ངོ་བོ་གྱུར་དུག་གི་གྲས་ཡིན། དེ་ཡང་རྐྱེན་ཅི་རིགས་འདོམས་པས་ལུས་ཟུངས་རིམ་གྱིས་བྲི་ཞིང་སྲོག་འཕྲོག་པར་བྱེད་པའི་རྒྱུར་གྱུར་བས་ན་ཤ་དུག་ཅེས་བཤད་པ་ཡིན།

རྒྱུ་རྐྱེན།

  ནད་འདིའི་རྒྱུ་ནི་ཤ་རློན་བེམ་པའམ་རུལ་གྲིབ་ཡོད་པའི་ཤ་དང་། ཡུལ་ཕྱོགས་ཀྱི་ས་ལ་རང་བཞིན་གྱི་དུག་ཡོད་པའི་རླངས་པ་ཕོག་པ་སོགས་ཡིན། རྐྱེན་ནི་ཤ་རློན་སོགས་ས་རླན་ཅན་གྱི་སྟེང་དུ་བཞག་པ་དང་བཙོས་པའི་དྲོན་མོ་རླངས་པ་བསྲུབས་ནས་བམ་པ། ཤ་ལ་འོ་མ་དང་ཞོ་སོགས་དཀར་དང་ཆང་སོགས་སྐྱུར་གྱིས་ཕོག་པ། སྲེ་མོང་གི་སྦྲེ་དུག་ཕོག་པ། ཡང་ན་ཁུང་སོགས་ཀྱི་ནང་ནས་ཉི་འོད་ཤུར་ཤུར་ཕོག་པ། འབྲུ་དང་རྩམ་པའི་རིགས་ཀྱི་གསེབ་ཏུ་སྔོ་སོགས་ཀྱིས་ཤ་དུག་གི་ནད་གཞི་སྐྱེད་པར་བྱེད་པ་ཡིན།

ནད་རྟགས།

  ཕོ་བ་དང་རྒྱུ་སྨད་སྦོ་བརྒྱངས་བྱེད་པ་དང་གླང་ཐབས་སུ་ན་ཞིང་འཁྲུ་སྐྱུགས་དྲག་པོ་བྱེད་པའམ་བཤང་བ་འགགས་པ།

  ཤེས་པ་ཟ་ཟི་བྱེད་པ། མགོ་ཡུ་འཁོར་བ། མིག་མི་གསལ་ཞིང་རྒྱལ་མོ་འདལ་བ།

  ཁ་ཟས་སོགས་མིད་དཀའ་ཞིང་སྐད་འཛེར་བ། གྲེ་བ་འགགས་ནས་སྐད་མི་ཐོན་པ། ཁ་ལྕེ་སྐམ་པ། ལུས་ཤེད་ཤོར་ནས་རྐང་པས་གཏད་མི་ཚུགས་པར་གོམ་པ་འཁྱོར་བ་སོགས་འབྱུང་།

  རྩ་རྒྱུད་ཕྲ་ཞིང་མགྱོགས་ལ་སྐབས་འགར་ཞར་བྱིང་དུ་རྒྱུ་བ་ཡིན།

   ཆུ་མདོག་དམར་སེར་དང་ཡང་ན་ཤ་ཁུ་ལྟ་བུ་འབྱུང་ལ་ལྦུ་བ་འཇའ་ཚོན་འདྲ་བ་སོགས་ཀྱང་འབྱུང་།།

གཞོགས་འདེགས་བརྟག་དཔྱད།

  ནད་འདི་ལ་ཐོག་མར་ཁྲག་པྲ་དང་དྲི་ཆུ་བརྟག་དཔྱད་བྱེད་པ་དང་། བཤང་བའི་ནང་དུ་ངོ་བོ་འགྱུར་མེད་པའི་ཤ་དང་ཟས་རིགས་སོགས་ཡོད་མེད་ལ་ཞིབ་ཏུ་བརྟག་ནས་ཤ་དུག་ཕོག་ཡོད་མེད་ལ་ངོས་འཛིན་བྱེད་པ་དང་། སྐྱུགས་རོ་སོགས་ལས་དུག་རིགས་དབྱེ་ཞིབ་བྱེད་པ།

འཁྲུལ་སོ་བསལ་ཐབས།

  ལོང་གི་ཚ་བ་དང་རྒྱུ་འཁྲིལ་གྱི་ནད་ལ་སྦོས་བརྒྱངས་དང་བཤང་བ་འགགས་པ་འདྲ་ཡང་ཟུག་གཟེར་ཆེ་བ་དང་ཡར་སྐྱུགས་ལ་འོག་རླུང་མི་ཐོན་པ། རྒྱུ་འཁྲིལ་གྱི་ནད་དང་ལྟེ་ཟུར་གཡས་གཡོན་གནོན་ཟུག་ཡོད་པ་དང་ཁ་སྐམ་སྐོམ་དད་ཆེ་བ་ལོང་གི་ཚ་བ་ཡིན་པ། མདོར་ན་ཕོ་བ་དང་རྒྱུ་སྨད་སྦོས་བརྒྱངས་བྱེད་པ་དང་གླང་ཐབས་སུ་ན་ཞིང་འཁྲུ་སྐྱུག་དྲག་པོ་བྱེད་པའམ་ཡང་ན་བཤང་བ་འགགས་པ། ཤེས་པ་ཟ་ཟི་བྱེད་པ། མགོ་ཡུ་འཁོར་བ། མིག་མི་གསལ་ཞིང་རྒྱལ་མོ་འདལ་བ། ཁ་ལྕེ་སྐམ་པ། རྩ་རྒྱུད་ཕྲ་ཞིང་མགྱོགས་པ་ཡིན་ལ་སྐབས་འགར་ཞར་བྱིང་དུ་རྒྱུ་བ། ཆུ་མདོག་དམར་སེར་དང་ཡང་ན་ཤ་ཁུ་ལྟ་བུ་འབྱུང་ལ་ལྦུ་བ་འཇའ་ཚོན་འདྲ་བ་སོགས་ཀྱི་ནད་རྟགས་ཁྱད་པར་ཡོད་ཚེ་ཤ་དུག་ནད་ཡིན་པ་ཤེས་དགོས།

གོང་ངོས། ཡིག་ཆ་མི་འདུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X