//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > གདོན་ནད་ཀྱི་སྐོར། > ནང་དོན།

རྗེད་བྱེད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-10 14:59:13 ཀློག་གྲངས། 51 

རྗེད་བྱེད་ནི་གློ་བུར་གྱི་རྐྱེན་སོགས་ཀྱིས་ཡིད་ཤེས་རྒྱུ་བའི་ལམ་བཀག་ནས་ལོག་པའི་ལམ་དུ་ཞུགས་ཏེ་དོན་སྙིང་དང་དེར་བརྟེན་ཡིད་ལ་ཕོག་ཐུག་ཤོར་ནས་ཤེས་པ་འཆོལ་ཞིང་དྲན་ཤེས་ཉམས་པ་དང་བརྗེད་ངེས་ཆེ་བ། སྐབས་རེར་གློ་བུར་དུ་དྲན་པ་ཐོར་ནས་ཡང་ཡང་བརྒྱལ་འགྲོ་བའི་ནད་ཅིག་ཡིན་ལ་སྐབས་རེར་བརྒྱལ་གཟེར་ཡང་ཟེར།

རྒྱུ་རྐྱེན།

      གློ་བུར་འཇིགས་སྐྲག་གི་གནས་ཚུལ་འཕྲད་པ་དང་མྱ་ངན་སེམས་ལས་ཆེ་བ། མགོ་བོར་བརྡབ་ཆག་བྱུང་བ་དང་། རླུང་འཁྲུགས་པ། ཡང་ན་ཆུ་བསགས་པའམ་ཁྲག་རྩར་འགོག་རྐྱེན་འཕྲད་པ། ཀླད་པར་སྐྲན་ཆགས་པའམ་སྲིན་ཞུགས་པ།

ནད་རྟགས།

       སྙིང་འདར་བ་དང་མགོ་བོ་འཐོམ་པ། རྔུལ་འབྱུང་ཁོང་པ་སྦོ་ཞིང་ལུས་སེམས་གཉིས་ཀའི་སྟོབས་སྔར་ལས་ཆུང་བ། རུས་པ་ན་བ། ཁ་ཆུ་སྣ་ཆུ་བཞུར་བ། ཁ་མིག་ཡོ་ཞིང་ཡན་ལག་རེངས་འཁུམས་བྱེད་པ། གདོང་མདངས་ཉམས་པ། འགྱེལ་ཞིང་མུན་པར་ཞུགས་སྙམ་སེམས་པ་དང་། མཆུ་ཏོ་སྨུག་པོ་ཆགས་པ། གདོང་མདངས་ཉམས་པ། ཁྱད་པར་ལྦུ་བ་སྐྱུག་པ་བཅས་ཀྱི་ནད་རྟགས་ཡོད།

      སྤྱིར་ནད་ཚབས་ཆེ་ཆུང་གིས་བརྒྱལ་ཐེངས་ཀྱི་མང་ཉུང་དང་། བརྒྱལ་ཡུན་ལ་ཁྱད་པར་ཆེན་པོ་ཡོད་ ཀྱང་། གཙོ་བོ་ནི་གློ་བུར་དུ་ནད་ལངས་ནས་འགྱེལ་འགྲོ་བ། དེ་ནས་རིང་མིན་བརྒྱལ་བ་ལས་སངས་རྗེས་ཧ་ལམ་རྒྱུན་ལྡན་ལྟར་ཡིན་པ་དང་། གལ་ཏེ་ནད་ཚབས་ཆུང་བའི་རིགས་ཡིན་ན་གཟའ་འཁོར་ཁ་ཤས་དང་ཐ་ན་ཟླ་བ་ཁ་ཤས་ནང་ནད་ཐེངས་རེར་ཙམ་ལས་མི་ལངས་པ་མ་ཟད། ལངས་པའི་སྐབས་སུ་སྐར་མ་འགའ་ཞིག་ནང་མགྱོགས་པོར་སོས་ཡོང་བ་སོགས་ཀྱི་མངོན་ཚུལ་འབྱུང་བ། ཁྱད་པར་དུ་དྲན་ཤེས་བདེ་བར་རྒྱུ་བའི་ནུས་པ་ཉམས་ཏེ་སེམས་རྨོངས་བག་ཏུ་འགྱུར་བ་དང་། དབང་བོ་འཐིབས་པ། ནད་ལངས་དུས་འགྱེལ་འགྲོ་བ་དང་། སོ་འཆའ་བ། ཁ་ནས་ལྦུ་བ་སྐྱུགས་པ་བཅས་ནི་མི་ནོར་བའི་རྟགས་ཡིན།།

      ནད་ལྡང་དུས་རྩ་འཁྱུག་ལ་ལྕམ་དྲལ་བྱེད་པ།

      ཆུ་མ་ངེས།

      ལྕེ་ལ་འགྱུར་ལྡོག་གསལ་བོ་མེད་ཀྱང་རྨ་བ་སོགས་མཐོང་བ་ཡོད།

གཞོགས་འདེགས་བརྟག་དཔྱད།

      CTདང་MRIསོགས་ལས་ཀླད་པར་དབང་རྫས་རང་བཞིན་གྱི་ནད་ཡོད་མེད་ལ་བརྟག་དཔྱད་བྱས་ནས་དོགས་གཞི་བསལ་བ། ནད་བྱུང་ཚེ་ཚབས་ཆེ་བར་བལྟ་རེག་བརྟག་དཔྱད་བྱས་ན་ན་ལུགས་དང་འབྲེལ་བའི་གདགས་གཤིས་ཀྱི་མངོན་རྟགས་མེད་ལ་དཔྱད་པ།

འཁྲུལ་སོ་བསལ་བ།

      བརྗེད་བྱེད་དང་སྨྱོ་བྱེད་གཉིས་ཀ་དུས་གདོན་ཟས་སྤྱོད་རྐྱེན་གྱིས་ཉེས་པ་འཁྲུགས་ཤིང་རྣམ་ཤེས་རྒྱུ་བའི་བུ་གར་རླུང་ཞུགས་ནས་ཡིད་ལམ་བཀག་པའི་དབང་གིས་ཤེས་པ་གཡང་ཞིང་དྲན་ཤེས་འཆོལ་བ་བཅས་ཀྱི་རྟགས་མཚུངས་པས་ནོར་ཉེན་ཆེ་ཡང་ཞིབ་ཏུ་བརྟག་པས་མི་འཁྲུལ་ཏེ། བརྗེད་བྱེད་ནི་གློ་བུར་དུ་དྲན་ཤེས་བདེ་བར་རྒྱུ་བའི་ནུས་པ་ཉམས་ཏེ་སེམས་རྨོངས་བག་ཏུ་འགྱུར་བ་དང་། དབང་བོ་འཐིབས་པ། སོ་འཆའ་བ། ཁ་ནས་ལྦུ་བ་སྐྱུགས་པ་དང་། ཁྱད་པར་ནད་ལངས་དུས་བརྒྱལ་ཞིང་འབོག་ཡང་ནད་གཞི་བདེ་བར་ཕྱིན་ཚེ་ཤེས་པ་སོགས་ཧ་ཅང་གསལ་བ། སྨྱོ་བྱེད་ནི་ཤེས་པ་འཆོལ་ཞིང་ལྷག་པར་སྤྱོད་པ་ཡན་པར་འགྱུར་བ་ལས་ནད་གཞི་ལ་ལྡང་དུབ་ཆེན་པོ་མེད་པས་འཁྲུལ་སོ་བསལ་ནུས།

གོང་ངོས། སྨྱོ་བྱེད།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X