//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > གདོན་ནད་ཀྱི་སྐོར། > ནང་དོན།

ཆུ་གཟའ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-10 14:41:14 ཀློག་གྲངས། 44 

   ཆུ་གཟའ་ནི་ཀླད་པའི་ཁྲག་རྩའི་ནང་སྐྱིར་ནད་འགྱུར་བྱུང་ནས་ཁྲག་རྩའི་བུ་ག་དོག་ཏུ་ཕྱིན་པའམ། ཁྲག་རྩ་ཟུམ་པའི་རྐྱེན་གྱིས་ཁྲག་གི་རྒྱུ་བ་ཞན་དུ་སོང་ནས་ཀླད་པའི་གྲུབ་ཆར་ཁྲག་མི་ལྡང་སྟབས་ཀླད་པར་སྐྱོན་ཤོར་ནས་གཞོགས་ཕྱེད་ཞ་སྲིད་པ་སོགས་དབང་རྩའི་ནད་རྟགས་ཐོན་པའི་ནད་ཅིག་རེད།

རྒྱུ་རྐྱེན།

  དུས་རྒྱུན་དུ་སྣུམ་རིགས་བསྟེན་དྲགས་པ། ལོ་རྒས་པ་དང་ཡང་ན་ནད་གཞན་ཡོད་པ། ཁྲག་རྩ་མཁྲེགས་པོ་ཆགས་པ་དང་། ཁྲག་གནོན་ལ་འཕེལ་འགྲིབ་ཆེ་བ།

ནད་རྟགས།

  ཟུག་ཆུང་ལ་ཁ་ལྐུགས་པ། ཁ་སྣ་རློན་ཞིང་ལུས་པོ་འདར་ལ་ཁ་སྣ་ནས་ཆུ་འཛག་པ། མིག་དང་སེན་རེས་སྔོ་ལ་གྲང་ཞིང་རེས་མེ་ཉི་ལ་སྐྲག  ཡན་ལག་རེངས་བ། ལུས་སྟེང་ཀོ་ལེར་སྐྲངས་ཤིང་ལྕེ་རིང་འཁྱགས་འབྲུམ་འབྱུང་བ། ལྷག་པར་རྐང་ལག་གཡོ་བར་བྱེད་ཅིང་། མིག་འབྱེད་འཛུམ་མི་ཤེས་པ། དབང་བོ་མི་གསལ་རྐང་ལག་ཞ་བ། ངོ་མདོག་སྔོ་མཁལ་རྐེད་ན་ཞིང་ལུས་དྲོད་ཆུང་བ།

  སྐབས་སྐབས་སུ་གཞོགས་ཕྱེད་ཀྱི་ཡན་ལག་སྦྲིད་པ་དང་ཤུགས་ཉམས་པ། ཡང་ན་ཡན་ལག་ཞ་ཞིང་སྦྲིད་པ། གཞོགས་ཕྱེད་ཀྱི་ཚོར་བ་ཉམས་པ། གོང་གསལ་ནད་རྟགས་ལ་འཕེལ་འགྲིབ་ཆེ་བ་ཡིན། མང་ཆེ་ཤས་གཞོགས་གཡོན་ལ་ཕོག་པ་ཡིན།

   རྩ་རྒྱུད་ཞན་ལ་བྱིང་བ་དང་། གཡས་གཡོན་མི་སྙོམས་འཁྲིག་ཅིང་འདར།

   དྲི་ཆུ་དཀར་སེར་ཅུང་རྙོགས་པ་དང་། ལྦུ་བ་སངས་སྐྱེན་པ། ནད་ཚབས་ཆེ་དུས་དྲི་ཆུ་དམར་ལ་ནག་ཞད་ཅན་ཀུ་ཡ་ཉུང་ལ་དྭངས་པ་འབྱུང་།

   ལྕེ་དམར་ལ་གཡོན་ཐུང་བ། རྩུབ་དུས་ནད་ལྡིང་བ་དང་དཀར་ལ་འཇམ་དུས་བཟང་བ་ཡིན།

གཞོགས་འདེགས་བརྟག་དཔྱད།

   དེངས་རབ་གསོ་རིག་གི་འཕྲུལ་ཆས་CTདངRMIབཀོད་ནས་བརྟག་ན་ཀླད་པའི་ཁྲག་རྩ་འགག་ནས་ཀླད་པར་ཟུངས་ཟད་པ་དང་ཀླད་པར་དབང་རྩའི་རང་བཞིན་གྱི་ནད་འགྱུར་ཡོད་པ་སོགས་མཐོང་བ་ཡིན།

འཁྲུལ་སོ་བསལ་བ།

  མེ་གཟའ་དང་བརྒྱལ་གཟེར་ལ་ནོར་ཉེན་ཆེ། མེ་གཟའ་མང་ཆེ་གནས་གཞོགས་གཡས་སུ་ཕོག་ནས་མགོ་བོ་ན་བ་དང་སྐྱུགས་མེར་ལངས་པ། གློ་བུར་དུ་འབོག་པ། རྐང་ལག་སྦྲིད་པ་བཅས་ཀྱི་ན་ལུགས་མངོན་པ། བརྒྱལ་གཟེར་ནི་སྙིང་འདར་ལ་ཁྱད་པར་ནད་ལངས་དུས་བརྒྱལ་ཞིང་འབོག་པ་དང་། སོ་འཆའ་ལ་ལྦུ་བ་སྐྱུག་པ་བཅས་ཀྱིས་ནོར་ཉེན་ཆེ་ཡང་ཞིབ་ཏུ་བརྟག་པས་མི་འཁྲུལ་ཏེ། ཆུ་གཟའ་ནི་ལུས་གཡོན་ལ་ཕོག་ཅིང་ལྕེ་གཡོན་ཐུང་བ་དང་། ཁྱད་པར་སེར་མོ་སྐྱ་སྔོ་ནག་འབྱུང་བ་དང་འཕྲུལ་ཆས་ཀྱིས་བརྟག་ན་ཀླད་པའི་ཁྲག་རྩ་འགགས་ནས་ཀླད་པར་ཁྲག་ཟད་པ་ཡོད་པས་འཁྲུལ་སོ་བསལ་ཐུབ།

གོང་ངོས། ཡིག་ཆ་མི་འདུག
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X