//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > མོ་ནད་ཀྱི་སྐོར། > ནང་དོན།

ཤ་སྐྲན་བེམ་པོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-10 14:28:36 ཀློག་གྲངས། 49 

   ཤ་སྐྲན་བེམ་པོ་ནི་བུད་མེད་གཞོན་ནུ་མས་འདོད་པ་སྤྱད་དྲགས་པས་མངལ་ཁ་འཆུས་ཏེ་དྭངས་མ་ཆུ་སེར་ཏུ་འཛག་ཅིང་སྙིགས་མ་འདྲིལ་བ་ཡིན་པས་ཤའི་སྐྲན་དུ་གྱུར་པ་ལ་ཟེར།

རྒྱུ་རྐྱེན།

  ཉལ་པོ་སྤྱད་དྲགས་པ་དང་ཟླ་མཚན་སྐབས་ཀྱི་གཙང་སྦྲ་ལ་དོ་སྣང་མི་བྱེད་པ། ཟས་སྤྱོད་ལོག་པ་སོགས།

ནད་རྟགས།

  མཁལ་རྐེད་ཆད་སྙམ་བྱེད་པ་དང་ཕོ་བ་འཚངས་ཤིང་ཟས་འཇུ་མི་འདོད་པ། ཟླ་མཚན་མི་སྙོམས་པ།

  མཚང་ར་མི་ཐེག་པར་ན་སྙམ་བྱེད་ཅིང་དྲི་ཆུ་སྡོམ་དཀའ་བ། སྐྲན་ཆེར་རྒྱས་ན་ལྟོ་སྟོང་ལ་གན་རྐྱལ་ཉལ་ཚེ་ལག་པས་མྱང་ཐུབ་པ།

  རྩ་ནི་ཞན་ཅིང་ཞར་བར་འཕར།

  ཆུ་མདོག་མ་ངེས་ལྦུ་བ་ཉ་མིག་འདྲ་བ་བྱུང་།

  ལྕེ་ནི་དམར་སྐྱ་མདངས་མེད་པ།

གཞོགས་འདེགས་བརྟག་དཔྱད།

  Bསྒྲ་བརྒལ་གྱིས་བརྟག་དཔྱད་བྱས་ན་མངལ་གྱི་ཕྱི་ནང་གང་རུང་དང་ཤ་སྐྱིའི་བར་ཏུ་ངོ་བོ་སྲ་བའི་སྐྲན་ཆེ་ཆུང་སྣ་མང་འབྱུང་། མོ་ནད་བརྟག་དཔྱད་བྱེད་སྐབས་ལག་པས་སྦར་ཉུལ་བྱེད་ཐུབ་པ་དང་མནན་ན་ན་བ། ངོ་བོ་སྲ་བ་བཅས་ཡིན།

འཁྲུལ་སོ་བསལ་བ།

  རྒྱུ་སྨད་སྦོ་ཞིང་ཟླ་མཚན་ཆུ་སེར་དག་ཏུ་འཛག་པ། ཚང་ར་ན་ཞིང་རྐེད་པ་ཆད་སྙམ་བྱེད་པས་མངལ་སྐྲན་ཆུ་བུར་ཅན་དང་མཁལ་མའི་རླུང་ཚབས་ལ་ནོར་ཉེན་ཆེ་མོད། འོན་ཀྱང་ཤ་སྐྲན་བེམ་པོ་ཁྱད་པར་གྱི་རྟགས་སུ་བྱིས་པ་ཆགས་ལྟར་སྲ་ཞིང་འདྲིལ་བ། ཟླ་མཚན་མི་སྙོམས་པ་དང་རྒྱུ་ཞབས་ན་ཞིང་སྐབས་སུ་དྲི་ཆུ་སྡོམ་པསྟེ་འབབ་དཀའ།

གོང་ངོས། དུག་ཐབས།
X