//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > མོ་ནད་ཀྱི་སྐོར། > ནང་དོན།

དུག་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-10 14:22:00 ཀློག་གྲངས། 31 

    དུག་ཐབས་སམ་བང་ཚད་ནི་བྱིས་པ་བཙས་རྗེས་ཟས་སྤྱོད་ལོག་ནས་གཉན་ཁ་རྒྱས་བའི་ནད་ཅིག་ལ་ཟེར།

རྒྱུ་རྐྱེན།

  བྱིས་པ་བཙས་རྗེས་མངལ་དུ་རླུང་ཤོར་བའམ་ཤ་མར་རྙིང་བ་སོགས་ཟས་སྐོམ་རྣོ་ཚའི་རིགས་བསྟེན་དྲགས་པ། སྤྱོད་ལམ་ཉིན་གཉིད་ཉལ་བ་དང་དྲག་ཤུལ་བསྐྱེད་པས་ལུས་ཁམས་འཁྲུགས་པའམ་མངལ་དུ་འདྲིལ་རོ་ལུས་པ།

ནད་རྟགས།

  མཚན་མ་དང་རྒྱུ་ཞབས་ཚ་འབྲབ་བྱེད་པ། མནན་ན་གཟེར་ཟུག་ལྡང་བ། དྲི་ངན་ཅན་གྱི་མངལ་ཁྲག་འཛག་པ། སྟོད་དུ་གཟེར་ཕྲན་ལངས་པ་དང་ལུད་པར་ཁྲག་དང་ཤེ་རུལ་འབྱུང་བ། གློ་ལངས་པ་དང་སྐོམ་ཚད་སྐྱེས་པ། རྐང་ལག་གི་རུས་ཚིགས་ཁག་ན་བ།

  རྩ་རྒྱུད་ཕྲ་ལ་མགྱོགས་པ་དང་གཏིང་ཤེད་མེད་པ།

  ཆུ་མདོག་དམར་སེར་དྲི་དུགས་པ།

  ལྕེ་ནི་དམར་སྐྱ་དྲེག་པ་སེར་ཙམ་ཆགས།

གཞོགས་འདེགས་བརྟག་དཔྱད།

  ངེས་མེད་ལ་སྐབས་སུ་ཁྲག་གིASOརྒྱུན་ལྡན་ལས་མཐོ་བ། གཞན་Bསྒྲ་བརྒལ་ལས་ཁྱད་པར་གྱི་ནད་འགྱུར་མི་གསལ།

འཁྲུལ་སོ་བསལ་བ།

  རྐང་ལག་གི་རུས་ཚིགས་ཁག་ན་བས་ཚ་གྲུམ་གྱི་ནད་དང་ནོར་ཉེན་ཆེ་མོད། དུག་ཐབས་ཁྱད་པར་གྱི་མི་འགྱུར་བའི་ནད་རྟགས་སུ་དྲི་ངན་ཅན་གྱི་མངལ་ཁྲག་འཛག་པ་དང་རྒྱུ་ཞབས་མནན་ན་ན་ཟུག་སྐྱེས་པ། གཞན་ཡང་མཁྲིས་ཚད་སྐྱེ་བ་དང་སྐོམ་དད་ཆེ་བ། རོ་རྒྱབ་མཆིན་དྲི་གཟེར་ཞིང་ཟླ་མཚན་ཁྲག་ཏུ་འདྲིལ་བའམ་ཉུང་ངུ་ལས་མི་འཛག་པས་མཁྲིས་པའི་ཁྲག་ཚབས་དང་ནོར་ཉེན་ཆེ་མོད་དུག་ཐབས་ཁྱད་པར་གྱི་མི་འགྱུར་བའི་རྟགས་སུ་བྱིས་པ་བཙས་རྗེས་ཟས་སྤྱོད་ལོག་པ་དང་རྐང་ལག་གི་ཚིགས་གཞི་ན་བ་བཅས་ལས་མ་ནོར་བར་གཅེས།

གོང་ངོས། མངལ་ནད།
X