//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > མོ་ནད་ཀྱི་སྐོར། > ནང་དོན།

ནུ་ཚབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-10 14:12:50 ཀློག་གྲངས། 46 

གསོ་ཐབས།

   གསོ་ཚུལ།

    ཚ་གྲང་གང་ཡིན་སྟོབས་ཆུང་ནད་ལ། དང་པོ་སྤྱོད་ལམ་གཟབ་པ། གལ་ཏེ་དེས་མ་ཞི་ན་ཕན་གནོད་ཟས་དང་བསིལ་དྲོད་སྨན་གྱི་སྒོ་ནས་བཅོ་བར་བྱ།

   བཅོས་ཐབས།

   ཟས། བཙོང་སྒོག་དང་ཙི་ཏྲ་ཀ་སོགས་ཚ་རྣོ་དང་སྐྱུར་པའི་ཟས་སྐོམ་སྤངས་ཏེ་འཇུ་སླ་བ་དང་གསར་འཇམ་རིགས་བསྟེན།

  སྤྱོད་ལམ། ལུས་མི་འཁྲུགས་པར་དལ་བར་སྡོད་པ། གཞན་ཡང་འོ་མ་སྟེར་དུས་བསེར་བུ་ཁ་དང་མི་གཙང་བའི་གནས་ལ་འཛེམ་དགོས།

  སྨན། ཐོག་མར་སྨིན་ཐང་མ་ནུ་བཞི་ཐང་དང་འཕྲུལ་ཐང་གང་རུང་། ཨར་བརྒྱད་ཁྱུང་བསྣན། གུར་ཁྱུང་། བདུད་རྩི་སླེབས་ཆོག་སོགས་ཀྱིས་གཉན་ཚད་གཅོག་པ་དང་། དམར་པོར་གྱུར་ཏེ་ནུ་མའི་ཆ་ཤས་ཁག་མཁྲེགས་པོ་གྱུར་ནས་གཟེར་ཟུག་ལྡང་བར་ཟླ་འོད་ནོར་ཁྱུང་། སྤང་རྩི་བཅུ་གཉིས། ཡང་ན་གུར་ཀུམ་བཅུ་བདུན་ཞེས་གུར་ཀུམ་བཅུ་གསུམ་སྟེང་དུ་ཆུ་སེར་སྨན་གསུམ་སེང་ལྡེང་ཁན་དྲ་བསྣན་པ་གཏོང་། རྣག་མེད་གློག་ལྟར་འཁྱུག་པའི་ནུ་གཟེར་ལ་ར་ཐུག་རིལ་མ་དྲི་ཆུས་འདུལ་བ་བྱུགས་ན་ཕན། བྱིས་པར་འོ་མ་སྟེར་མཁན་ཡིན་ན་མིས་ཐབས་ཀྱིས་རན་ཙམ་བཞོས་ཏེ་ཚྭ་ཆུས་དུགས་པ་དང་། ནུ་མར་མཚལ་ཡིག་འབྲི་བ་སོགས་གང་ལ་གང་མཚམ་བྱ།

  དཔྱད། དྲོད་དུགས་ཡུན་རིང་བསྟེན་ནཕན་ཆེ།

ཕན་འབྲས་ཚད་གཞི།

    སངས་དྲག

    གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

    སྐྱེད་ཆེ་བ།

    གོང་གསལ་གྱི་རྟགས་ནུ་མར་གཉན་ཚད་རྒྱས་ནས་སྐྲངས་སྦོས་ཆགས་པ་དང་། དམར་པོར་གྱུར་ཏེ་ནུ་མའི་ཆ་ཤས་ཁག་མཁྲེགས་པོར་གྱུར་ནས་གཟེར་ཟུག་ལྡང་བའི་ནད་རྟགས་ཕལ་ཆེར་མེད་པར་གྱུར་ལ་རྩ་རྒྱུད་ཕྲ་ལ་བུལ་བ། ཆུ་མདོག་ཅུང་སེར་ལ་ཀུ་ཡ་མེད་པ་བཅས་ནད་མངོན་གསལ་གྱིས་ཇེ་དགར་ཕྱིན་པ།

    སྐྱེད་ཆུང་བ།

    ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།

    སྐྱེད་མེད་པ།

    ཕན་བསྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།

གོང་ངོས། རླུང་ཚབས།
X