//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > བྱིས་ནད་ཀྱི་སྐོར། > ནང་དོན།

བྱིས་ནད་འཁྲུ་བ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 17:15:26 ཀློག་གྲངས། 62 

གསོ་ཐབས།

  གསོ་ཚུལ།

  ཚ་འཁྲུ་རྒྱུ་མ་བསྲུང་དང་ཚད་པ་གཞོམ། ། འཁྲུ་བ་བསྐུལ་དང་བཅད་པ་བཞི་ཡིས་བཅོས། །གྲང་འཁྲུ་རང་གནས་དང་ཚད་འཁྲུའི་རྗེས་ཀྱི་གྲང་འཁྲུའི་ནད་འདི་བད་ཀན་གྲང་རླུང་གཙོ་བོར་བཟུང་ནས་བཅོ་དགོས།

  བཅོས་ཐབས།

  ཟས། དང་པོ་བྱིས་ནད་ཚ་འཁྲུར་ཕྱེ་ཐུག་དང་འབྲས་ཐུག་ཚོས་པར་བཙོས་པ་ཙེ་གུར་བཏང་ཞིང་རྗེས་ལ་ཤ་གསར་ཚོ་ཁུ་དང་འོ་ཟན་བསྟེན། གཉིས་པ་གྲང་འཁྲུར་བཅོས་དུས་ཟས་སྐོམ་མི་གཏོང་སྐབས་སུ་འབྲི་ཞོ་དཀྲུགས་མ་དང་རའམ་མཛོའི་ཞོ་མངར་ཟས་སྐོམ་གསར་འཇམ་སྦྱིན་པའོ།

 སྤྱོད་ལམ།དང་པོ་བྱིས་ནད་ཚ་འཁྲུ་གནས་དང་གོས་སོགས་དྲོད་སྙོམས་པར་བྱ་བ་དང་། བྱིས་པ་ཆུང་ངུ་ལ་ནད་གཡོག་གམ་བུ་རྫི་སོགས་གཏཱང་སྦྲ་ལེགས་པར་བྱ་བ། མི་མང་ཚོགས་ས་དང་ནད་པ་སོགས་དང་ཉེ་བར་མི་བྱའོ། གཉིས་པ་གྲང་འཁྲུ་ལ་སྤྱོད་ལམ་ཅུང་ཟད་དྲོ་བའི་རིགས་གང་འོས་བསྟེན་པར་བྱ།

 སྨན། དང་པོ་བྱིས་ནད་ཚ་འཁྲུ་ལ། རྒྱུ་སྲུང་ས་སྨྱག་བཏབ་པ་བཏང་། ། ནས་རྙིང་ཕྱེ་ཐུག་མར་གསར་རྒྱམ་ཚྭ་བཏབ། ། རྒྱུ་མ་མི་འདྲུལ་སྲ་འཇམ་འདྲེད་པར་བྱེད། ཚད་གཅོད་ག་བུར་རྒྱལ་བློན་གསུམ་པ་བཏང་། ། ཡང་ན་ཙན་དན་དཀར་པོ་ཆུ་ལ་བརྡར། ། དེ་ལ་གུར་གུམ་གླ་རྩི་བཏབ་པ་བཏང་། ། ཡང་ན་ཨིནྡྲ་བཞི་ཐང་རྒྱུན་དུ་བསྟེན། ། དམར་ན་བྲག་ཞུན་སེར་ན་གི་ཝང་བཏང་། ། སྨུག་ན་རེ་རལ་ལྗང་ཁུ་སྐྱེར་ཤུན་བཏང་། ། དུད་ཁུ་གླ་རྩི་ཟུངས་ཁྲག་དོམ་མཁྲིས་བཅད། འགྱིང་ཞིང་འཁྲུའམ་ཟུག་ཅན་ཙེ་གུར་འཁྲུ། ། བུ་གསུམ་ཨ་རུ་བསྡུས་ཁུས་འཁྲུ་བ་བསྐུལ། ། ཐ་མར་ཚ་བ་ཆོགས་ནས་བཅད་པ་ནི། ། འཁྲུ་གཅོད་སྨན་རྣམས་འབྲས་ཐུག་བཏབ་ལ་བཏང་། ། ཡང་ན་ཞོ་བཙོས་བཏབ་བཏང་གྲོ་ཕྱེ་བྱིན། ། ཞེས་དང་། ཡང་ན་བྲག་ཐང་དང་འཕྲུལ་ཐང་། མཁྲེས་ཕྱེ་བདུན་པ། བྲག་ཞུན་དགུ་བ། མྱང་སྤྲས་ལྔ་བ་སོགས་གཏོང་།

   གཉིས་པ་གྲང་བས་འཁྲུ་ལ་བཟང་བོ་བཞི་བོ་སྦྱར། ། ཛཱ་ཏི་སུག་སྨེལ་ད་ཏྲིག་སྲ་འབྲས་བཏང་། ། ཡང་ན་རྒོད་ཁྲག་གཙོད་ཁྲག་བཙོས་ལ་བཏང་། ། སྤྱིན་ཆུ་ད་ཏྲིག་བཏབ་ནས་བཏང་བས་ཆད། ། ཡང་ན་སེ་འབྲུ་དྭངས་གནས་དང་གསེར་མདོག་ལྔ་བ་སོགས་གཏོང་།

  དཔྱད། དང་པོ་བྱིས་ནད་ཚ་འཁྲུ་རུ་ཐུང་སྣོད་ཀ་ལོང་རྩ་གཏར་བ་དང་། ། ཆུ་ཡི་ལྕག་གིས་ཉྭ་བཞི་བསྒྲང་བར་བྱ། ། གཉིས་བ་གྲང་འཁྲུ་ཆད་དཀའ་བཅུ་གཉིས་པ་དང་ལྟེ་བ་བསྲེག་སོགས་རྒྱུད་ལུང་མན་ངག་སྤྱི་བཅོས་ལྟར་ལེགས།

ཕན་འབྲས་ཚད་གཞི།

   སངས་དྲག

    གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

  སྐྱེད་ཆེ་བ།

   ཐུར་ཏུ་འཁྲུ་བ་སོགས་ཀྱི་རྟགས་ཕལ་ཆེར་མེད་པར་གྱུར་ཏེ་འཁྲུ་མདོག་སོགས་མངོན་གསལ་ཀྱིས་ཇེ་བདེར་ཕྱིན་པ།

   སྐྱེད་ཆུང་བ།

   ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།

   སྐྱེད་མེད་པ།

   ཕན་བསྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།

གོང་ངོས། ཡིག་ཆ་མི་འདུག
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X