//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཐོར་བུའི་ནད་ཀྱི་སྐོར། > ནང་དོན།

སྲིན་ཐོར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 16:27:23 ཀློག་གྲངས། 50 

  སྲིན་ཐོར་ནི་ལུས་ཀྱི་ལྷན་སྐྱེས་སུ་ཡོད་པའི་སྲིན་བུ་ཕྲ་མོ་འཁྲུགས་པའམ་ཆུ་སེར་ལྡང་ཚད་ལས་འཕེལ་བ། ཐོར་བའི་རྩེ་དཀར་པོ་བཙིར་ན་རྣག་ཆོ་ལེ་འབྱུང་བའི་པགས་ནད་རིགས་ཤིག་གི་མིང་།

རྒྱུ་རྐྱེན།

  ཟས་སྤྱོད་མ་འཚམས་པར་ལུས་ཀྱི་སྲིན་བུ་ཕྲ་མོ་འཁྲུགས་པས་བ་སྤུའི་བུ་ག་འགགས་པ་ལས་བྱུང་བ།

ནད་རྟགས།

  གནས་གང་དུ་བྱུང་ཡང་ཐོག་མར་རྨ་དམར་པོ་སྐྲངས་པ།

  དེ་ནས་རིམ་བཞིན་འབུར་དུ་དོད་ནས་རྨ་རྩེ་དཀར་པོར་གྱུར་བ། བཙིར་ན་རྣག་ཆོ་ལེ་འབྱུང་བ། ལུས་ལ་ཚ་རྒྱས་པ་དང་གནས་དེར་ན་ཟུག་ཆེ་བ།

  རྩ་འཁྱིག་ཅིང་འདར་བར་འཕར།

  ཆུ་སྔོ་སྨུག་ངོ་བོ་དྭངས། ཀུ་ཡ་མེད།

  ལྕེ་སྔོ་སྨུག ངོ་བོ་དྭངས།

གཞོགས་འདེགས་བརྟག་དཔྱད།

  ཁྲག་པྲར་བརྟག་པ། དྲི་ཆུའི་རྫས་འགྱུར་ལ་བརྟག་པ། མཆིན་ནུས་དང་མཁལ་ནུས་སོགས་ལ་བརྟག་པ།

འཁྲུལ་སོ་བསལ་བ།

  སྐྲངས་བ་འབུར་དུ་དོད་ནས་རྨ་རྩེ་དཀར་བོ་གྱུར་པ། བཙིར་ན་རྣག་ཆོ་ལེ་འབྱུང་བས་མི་ནོར་རོ།

གོང་ངོས། ཤུ་བ།
X