//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཐོར་བུའི་ནད་ཀྱི་སྐོར། > ནང་དོན།

ཤུ་བ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 16:21:21 ཀློག་གྲངས། 37 

   ཤུ་བ་ནི་པགས་པའི་ཐོག་ནས་ཆུ་སེར་ཅན་གྱི་འབྲུམ་ཐོར་དོན་ནས་རྣག་དང་ཆུ་སེར་མང་དུ་ཟགས་ཤིང་ཟ་འཕྲུག་ཆེ་ལ། ཆུ་སེར་གྱི་རྒྱུན་དང་བསྟུན་ནས་རྣག་ཆུ་གནས་གཞན་དུ་འགོས་ཁྱབ་བྱེད་ཅིང་མཆེད་སྐྱེན་བའི་པགས་ནད་ཅིག་གོ། །

རྒྱུ་རྐྱེན།

  ཚ་བ་རྒྱས་པ་དང་འགོས་ཕོག་བྱུང་བ་ལས་ཆུ་སེར་པགས་ལ་མཆེད་པས་བསྐྱེད།

ནད་རྟགས།

  ཤུ་བ་ནི་མགོ་དང་ཡན་ལག གནས་ངེས་མེད་ཀྱི་པགས་པའི་སྟེང་དུ་ཐོག་མར་ཆུ་བུར་ཅན་གྱི་འབྲུམ་ཐོར་དོན་པ་དང་ཟ་འཕྲུག་ལྡང་བ། འཕྲུག་ན་རྣག་ཆུ་འཛག་པ། ཆུ་སེར་གང་ཕོག་ཏུ་ཤུ་བ་ཐོན་པ།

  ཐོར་བུ་ཕྲ་མོ་དམར་པོས་ཀུན་དུ་ཁྱབ་ཀྱང་རྒྱས་པ་དང་། མདོག་རྩྭ་དུར་བ་འདྲ་བར་ལྗང་བ་དང་། པགས་པ་ཟར་མའི་མེ་ཏོག་འདྲ་བར་སྔོ་བ་དང་། གཡའ་བ་ལ་སོགས་པའི་མཚན་ཉིད་ཅན།།

  རྩ་འདར་ལ་རྒྱུ་བ་དཀའ།

  ཆུ་དམར་སེར་རླངས་པ་ཆེ་བ། ཀུ་ཡ་མཐུག་པ།

  ལྕེ་སྐྱ་སེར་དྲེག་པ་མཐུག་པ།

        གཞོགས་འདེགས་བརྟག་དཔྱད།

  ཁྲག་པྲར་བརྟག་པ། དྲི་ཆུའི་རྫས་འགྱུར་ལ་བརྟག་པ། མཆིན་ནུས་དང་མཁལ་ནུས་སོགས་ལ་བརྟག་པ། K+,Na+,Cl+སོགས་ལའང་བརྟག་དགོས།

འཁྲུལ་སོ་བསལ་བ།

   ཤུ་བ་ནི་ཆུ་སེར་གྱི་རྒྱུན་དང་བསྟུན་ནས་རྨ་མཆེད་སྐྱེན་པ་ལས་ཤེས་ཡང་ཟ་འཕྲུག་ལངས་ནས་འབྲུམ་ཆུང་དོན་ཞིང་གཡའ་བ་སོགས་གླང་ཤུ་དང་འདྲ་ཡང་། གླང་ཤུ་པགས་པར་གླང་གཉའ་འདྲ་བར་མཐུག་ཅིང་རྩུབ་པོ་ཆགས་པ་དང་། འཕྲུག་ན་རྨ་སྐོགས་དཀར་པོ་བུད་ནས་འོག་གི་པགས་མདོག་དམར་སྨུག་ཆགས་ཏེ་ཁྲག་འདོན་པ། ཤུ་བ་ནི་ཆུ་བུར་ཅན་གྱི་འབྲུམ་ཐོར་དོན་པ་དང་རྣག་ཆུ་འཛག་པས་མི་ནོར། ཟ་རྐོང་ནི་རྨ་པགས་པ་ལས་དམའ་བའམ་རྐོང་བུ་ཆགས་པས་མི་ནོར།

གོང་ངོས། ཟ་རྐོང་།
X