//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཐོར་བུའི་ནད་ཀྱི་སྐོར། > ནང་དོན།

ཤ་ཏྲེམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 11:52:15 ཀློག་གྲངས། 15 

གསོ་ཐབས།

   གསོ་ཚུལ།

   མེ་དྲོད་གསོ་བ། གཉེན་པོ་དངོས་བསྟེན་པ། ནད་གཞུག་བསྲུང་བ།

  བཅོས་ཐབས།

  ཟས། ཚ་སྐྱུར་རྙིང་རིགས་ལ་འཛེམ་པ་དང་གསར་བཅུད་འཇུ་སླ་བའི་རིགས་བསྟེན་དགོས།

   སྤྱོད་ལམ། དྲག་ལས་དང་བསེར་བུ་ཕོག་པ། ཆུ་གྲང་དུ་ཞུགས་པ་སོགས་ལ་འཛེམས་ནས་དྲོད་སར་མི་རྔུལ་ཙམ་རན་པར་བྱ།།

   སྨན། བསམ་འཕེལ་ནོར་བུ། ཨ་གར་ཉི་ཤུ། སེར་སྦྱོར་ནོར་བུ། གསོ་བྱེད་ཉི་མའི་དཀྱིལ་འཁོར། ཀླུ་བདུད་བཅོ་བརྒྱད། ཨ་རུ་བཅོ་བརྒྱད། སྤོས་ཁྱུང་བཅོ་ལྔ། སེང་ལྡེང་ཉེར་ལྔ། གྲུམ་བུ་ཟུག་གཅོག་ཆེན་མོ། ཟླ་ཤེལ་ཆེན་མོ། གྲུབ་ཐོབ་རིལ་དཀར་སོགས་ནད་རྟགས་དང་བསྟན་ནས་བསྟེན་དགོས།

  དཔྱད། ཆུ་ལུམས། བདུད་རྩི་ལྔའི་སྟེང་བྲག་མཚེ་ཉིས་འགྱུར་ཀྱི་བོངས་བསྐྱེད་པའི་ཐོག་རྩ་བ་ལྔ་དང་། ཆུ་སེར་སྨན་གསུམ། ཨ་གར། མེ་སྣ། སེང་ལྡེང་། པི་པི་ལིང་། སྤང་སྤོས་ཙན་དན། གུར་གུམསོགས་ཁ་ཚར་བརྒྱབ་ནས་ལུམས་བྱེད་པ། བཅིངས་ལུམས། རུས་ཚིགས་སོགས་གནས་གང་ན་ཟུག་དང་གཟེར་ཆེ་བ་དེར་བདུད་རྩི་ལྔ་སོགས་སྨན་སྦྱོར་ཚན་མོས་བཅིངས་ལུམས་བྱ།  མེ་བཙའ། གཟེར་བའི་གནས་སོགས་གར་བབས་བསྲེག   བསྐུ་མཉེ། ན་བའི་གནས་དང་གསང་མིག་ལ་བསྐུ་མཉེ་བྱ།

ཕན་འབྲས་ཚད་གཞི།

  སངས་དྲག  

   གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

  སྐྱེད་ཆེ་བ།

   ཤ་སྦོ་ཞིང་མདོག་ནག་པ། ཡན་ལག་སྦྲིད་པ། གློ་སྙིང་མི་བདེ་བ། སྣ་ཁྲག་མང་དུ་འཛག་པ། ཤ་རུས་འབྱེད་སྙམ་དུ་བེམ་པོར་བྱེད་པ་སོགས་ཀྱི་རྟགས་ཕལ་ཆེར་ཞི་བ།

  སྐྱེད་ཆུང་བ།

   ནད་ལུགས་གཙོ་བོ་དེ་མ་ཞི་བ།  ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།

  སྐྱེད་མེད་པ།

   ཕན་བསྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།

གོང་ངོས། ཆུ་ཏྲེམ།
X