//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཐོར་བུའི་ནད་ཀྱི་སྐོར། > ནང་དོན།

རྩ་ཏྲེམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 11:48:36 ཀློག་གྲངས། 26 

   དྭངས་མ་གནས་སུ་མ་སྨིན་པར་ཆུ་སེར་རྒྱས་ནས་རྩ་མིག་གི་གནས་སུ་འདུས་ཤིང་མཆེད་པ་ལས་བྱུང་བའི་ནད་ཅིག་རེད།

རྒྱུ་རྐྱེན།

  ཟས་སྤྱོདརླན་སྣུམ་ཆེ་བའི་ཡུལ་དུ་བསྡད་དྲགས་པ་དང་། ལྕི་སྣུམ་འཇུ་དཀའ་བའི་ཁ་ཟས་ཟོས་དྲགས་པ། ཡང་ན་ལང་ནས་འདུག་ཡུན་རིང་བའམ་ཡང་ན་ཙོག་ནས་འདུག་ཡུན་རིང་དྲགས་པ་ལས་རྩ་ཏྲེམ་ནད་བསྐྱེད་པར་བྱེད་དོ།

ནད་རྟགས།

  ཁྲག་ཤས་ཆེ་བ། རྟ་ཟུར་གྱི་ཤ་ཆད་བ་ལྟ་བུའི་ན་ཟུག་ལངས་པ།

  ལུས་ཀྱི་བཀྲག་མདངས་ཉམས་པ། གློ་སྙིང་མི་བདེ་བ། རྩ་སྦོས་ཤིང་སྲ་ལ་ན་བ།

  རྩ། རྩ་རྒྱུད་འབུར་ལ་འདྲིལ་བ།

  ཆུ། དམར་ལ་སྐ་བ།

  ལྕེ། སྐྱ་ལ་རྩུབ་པ།

གཞོགས་འདེགས་བརྟག་དཔྱད།

  ཁྲག་པྲ་ལས་ཁྲག་དམའ་བ་དང་། ནད་གཞི་ཚབས་ཆེ་སྐབས་ཁྲག་ལེབ་ཆུང་བ་ཇེ་མཐོ་ཡིན་པ།

  ཁྲག་འབྱིང་ལ་བརྟག་པ།

  ཁྲག་པྲ་ལས་རླུང་རླན་འདྲ་བའི་རྐྱེན་ཆRF་ཉིད་གདགས་གཤིས་མངོན་པ། ཚད་བརྒལ་སྒྲའི་ཞིབ་བཤེར་བྱེད་ཐབས་ལས་འཕར་རྩའི་སྡོང་བོའམ་སྡོད་རྩའི་ཁོག་དོག་པོ་དང་། ཟུམ་ཁེགས་སུ་གྱུར་ཡོད་པ་མཐོང་ཐུབ།

འཁྲུལ་སོ་བསལ་བ།

  ལུས་ཀྱི་བཀྲག་མདངས་ཉམས་ཤིང་དཔྱིའི་རྟ་ཟུར་ཀྱི་ཤ་ཆད་སྙམ་བྱེད་ཅིང་རྩ་རྣམས་སྦོས་ཤིང་སྲ་ལ་ན་བས་ངེས་ཡང་ནད་འགྱུར་གཙོ་བོ་རྩ་ལ་བྱུང་བས་རྩ་དཀར་དང་ནོར་ཉེན་ཆེ་སྟེ་ཁ་མིག་སོགས་ཡོན་པོར་འགྲོ་བ་དང་ཡན་ལག་གྱི་བརྐྱང་བསྐུམ་ཉམས་པའམ་ཞ་སྦྲིད་ཚོར་བ་ཉམས་པས་མི་ནོར་རོ།

གོང་ངོས། རུས་ཏྲེམ།
X