//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཐོར་བུའི་ནད་ཀྱི་སྐོར། > ནང་དོན།

གཅིན་སྲི།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 11:45:26 ཀློག་གྲངས། 24 

   གཅིན་སྲིའི་ནད་ནི་ངོ་བོ་ལྒང་པའི་ཐུར་ཏུ་གཏད་པའི་གཡས་གཡོན་གྱི་ལྡེབས་ངོས་གཉིས་ལས་ཆུ་རྒྱུ་ཞིང་ལྒང་པར་གསོག་པར་བྱེད་པའི་རྩ་གཉིས་མཁལ་མ་དང་འབྲེལ་ཏེ་གནས་པ་ལ་ཟས་སྤྱོད་གདོན་རྐྱེན་གྱིས་འདུ་བ་འཁྲུགས་པ་ལྒང་པའི་རྩར་ཞུགས་ཏེ་གཙོ་བོ་གཅིན་པ་རྒྱུན་ལྡན་ལྟར་མི་འབབ་པར་བཏང་དཀའ་བར་གྱུར་བའི་ནད་ཅིག་རེད།

རྒྱུ་རྐྱེན།

  ཟས་སྤྱོད་གདོན་ཀྱིས་འདུ་བ་འཁྲུགས་པ། ཆགས་པས་དུབ་པ། རིམས་ཚད་མ་སྨིན་པའི་སྐབས་ཉལ་བོ་བྱས་དྲགས་པ། རླན་སྟེང་ཉལ་བ་དང་ཆུར་ཞུགས་དྲགས་པ་སོགས་ཀྱིས་མཁལ་ལྒང་ས་ཆུའི་དྲོད་སྟོབས་ཤོར་བ།

ནད་རྟགས།

  ལྒང་བ་དང་ཆུ་སོ་ན་ལ་གཟེར་བ།

  བད་ཀན་ལས་གྱུར་བ་བསིལ་བས་གྲང་རྟགས་ལྡན་ཞིང་བསྐ་ལ་འབྱར་བག་ཅན་མི་ཐོན་པ་ཡུན་དུ་ཐོགས་ཤིང་སྲི་བའི་ཚུལ་དུ་འོང་ངོ།

  རྩ་རྒྱུད། གྲིམས་ལ་མཁྲང་བ།

   དྲི་ཆུ། ཚ་སྲིའི་ཆུ་ནི་དམར་ལ་སེར་བ་དང་གྲང་སྲིའི་ཆུ་ནི་དཀར་ལ་སྔོ་བ།

  ལྕེ། སྐྱ་ལ་འཇམ་པ།

གཞོགས་འདེགས་བརྟག་དཔྱད།

  གཅིན་པྲ་ལས་ESY+དང་། Bསྒྲ་བརྒལ་ལས་མདུན་ཆགས་གཤེར་རྨེན་ཆེར་རྒྱས་ཡོད་པ་སོགས་གསལ།

འཁྲུལ་སོ་བསལ་བ།

  དྲི་ཆུ་དུས་ཐོག་ཏུ་ཕྱིར་བབས་མ་ཐུབ་པར་ལྒང་བ་ཆེར་ཁེངས་ཏེ་རྒྱུ་ཞབས་སུ་སྒང་ཞིང་གཅུས་ནས་གཟེར་བ་ནི་གཅིན་འགགས་ཀྱི་ནད་དང་། དྲི་ཆུ་སྲི་ཚགས་བྱེད་པ་ལྟར་ཉུང་ངུ་ལས་བབས་མི་ཐུབ་པ་དེའི་རྐྱེན་ལས་ལྒང་བ་དང་ཕོ་མཚན་ན་བ་ནི་གཅིན་སྲིའི་ནད་ཡིན།

X