//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཐོར་བུའི་ནད་ཀྱི་སྐོར། > ནང་དོན།

གཅིན་སྙི་ཟ་ཁུ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 11:44:56 ཀློག་གྲངས། 125 

   གཅིན་སྙི་ཟ་ཁུ་ནི་ཟས་རོ་མངར་བའི་རིགས་དང་ནུས་བ་ལྕི་བསིལ་སྣུམ་རྟུལ་འཇམ་པ་སོགས་བསྟེན་དྲགས་པ། གཉིད་ལོག་པ། རླན་སར་ཉལ་བ་སོགས་ཀྱིས་་མཁལ་མ་དང་ལྒང་བའི་སྟོབས་ཤོར་ཞིང་བད་ཚིལ་འཕེལ་བ་ཟུངས་སུ་འགྱུར་མ་ཐུབ་པར་སྙིགས་མ་གཅིན་དུ་གྱུར་ནས་ལྒང་བར་ཟགས་པས། དྲི་ཆུ་བོངས་ཆུང་ཕྲལ་ཕྲལ་དུ་འབྱུང་ལ་ཆུ་་སྙི་བས་ན་གཅིན་སྙི་ཞེས་པ་ཡིན།

རྒྱུ་རྐྱེན།

   ཟས་སྐོམ་མངར་ཞིང་ལན་ཚྭ་བ་དང་། ནུས་བ་བསིལ་ཞིང་ལྕི་ལ་བཅུད་ཆེ་བའི་ཟས་སྐོམ་རིགས་བསྟེན་དྲགས་པ། བརླན་ཆེ་སར་མལ་ས་བཅས་ནས་འདུག་དྲགས་པ།

ནད་རྟགས།

  ལུས་རྔུལ་མང་ལ་དྲི་མནམ་པ། སྐྲ་དང་སེན་མོ་རིང་ཞིང་ཁ་མངར་གྲེ་བ་རྐན་རྣམས་བསྐམས་ཞིང་བསིལ་ཟས་ལ་འདོད་པ།

  རྐང་ལག་མཐིལ་བཞི་ཚ་ཞིང་གཅིན་མདོག་རྙོགས་ཅན་འབྱུང་བ། གཅིན་བཏང་རྗེས་ཀྱི་ཤུལ་ལ་སྦྲང་མའི་ཚོགས་ཀུན་འདུ་བ།

  རྩ་རྒྱུད་རྒྱུ་བ་བྱིང་ལ་དལ་ཞིང་ལྷག་པར་ཁྲག་རྩ་ཞན་པར་འཕར།

  དྲི་ཆུ་ཉོག་ལ་མདོག་ཀྱང་འདྲ་མིན་ཡོང་བ།

  ལྕེ་མདོག་དམར་སྨུག་ཅན་ལ་དྲེག་པ་སྐྱ་བོ་ཆགས།

གཞོགས་འདེགས་བརྟག་དཔྱད།

    གོང་གསལ་གྱི་ནད་རྟགས་སྟེང་དུ་ཁྲག་པྲ་ལས་ཁྲག་སྐྱོད་རྒུན་འབྲུམ་གྱི་ཧྭགས་ཆུའི་སྙོམས་ཚད11.1MMOL/L

  ལྟོ་སྟོང་ཁྲག་སྐྱོ་རྒུན་འབྲུམ་ཧྭགས་ཆུ་སྙོམས་ཚད7.0mmol/LOGTT ཚོད་ལྟ་སྐབས་ཟོས་བཟས་རྗེས་ཆུ་ཚོད་གཉིས་ཀྱི་ཁྲག་སྐྱོད་རྒུན་འབྲུམ་ཧྭགས་ཆུའི་སྙོམས་ཚད11.1mmolL/Lགཅིན་པྲ་ལསGLU+GLU++འབྱུང་བའམ་སྡུག་དུ་སོང་ཚེ་KET++འབྱུང་སྲིད།

འཁྲུལ་སོ་བསལ་བ།

  ལུས་རྔུལ་མང་ལ་དྲི་མནམ་པ་དང་གཅིན་གྱི་ཤུལ་དུ་སྦྲང་མའི་ཚོགས་ཀུན་འདུ་བ་ནི་གཅིན་སྙིའི་ནད་ཀྱི་མི་འགྱུར་བའི་རྟགས་ཡིན།

གོང་ངོས། དྲི་མ་འགགས་པ།
X