//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཐོར་བུའི་ནད་ཀྱི་སྐོར། > ནང་དོན།

དྲི་མ་འགགས་པ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 11:44:25 ཀློག་གྲངས། 36 

   དྲི་མའམ་བཤང་བ་འགགས་པའི་ནད་ནི་ཟས་སྤྱོད་མ་འཚམས་པའམ་རྒྱུ་ལོང་གི་ཐུར་སེལ་གྱི་རླུང་འཁྲུགས་པ། ཚ་བ་ཆེན་པོ་རྒྱས་པ་དང་ཕོ་སྨུག་སོགས་ནད་གཞི་ཁ་ཅིག་གི་རྐྱེན་བཅས་ཀྱིས་རྒྱུ་ལོང་ནང་དུ་བཤང་བ་སྐམ་ནས་མར་འབབ་མི་ཐུབ་པའི་ཐུན་མོང་དུ་བྱུང་བའི་ནད་ཅིག་རེད།

རྒྱུ་རྐྱེན།

  བཟའ་བཏུང་ཟོས་དྲགས་པ་དང་དྲོད་ཆེ་བའི་རིགས་མང་དུ་ལོངས་སྤྱོད་པ། དུས་རྒྱུན་དུ་ཤ་སྐམ་པོ་བཟའ་བ་སོགས་ཟས་སྤྱོད་མི་མཐུན་པ་བསྟེན་པའམ་གདོན་གློ་བུར་བའི་རྐྱེན་གྱིས་འདུ་བ་འཕེལ་ཟད་འཁྲུགས་པར་གྱུར་ནས་རྒྱུ་མ་དང་ལོང་ག་སོགས་བཤང་བའི་ལམ་དུ་རླན་གཤེར་གྱི་ཁམས་ཉུང་དྲགས་པར་བརྟེན་བཤང་བ་སྐམ་པོ་ཆགས་པ།

ནད་རྟགས།

  རླུང་ལས་གྱུར་བའི་དྲི་མ་འགགས་པའི་རྟགས་ནི། རྒྱུ་མ་དང་ལོང་གི་ནང་དུ་རླུང་ཕར་ཚུར་དུ་རྒྱུ་བས་སྦོ་འཁྲོག་བྱེད་ཅིང་བཤང་བ་སྐམ་ནས་ཤྭ་བའི་རིལ་མ་འདྲ་བར་གྱུར་བ་ཕྱིར་མི་ཐོན་པ། རྒྱུ་ཞབས་ལ་ན་ཟུག་ལྡང་དུབ་ཅན་འབྱུང་བ་བཅས་སོ། །

  བད་ཀན་ལྟོ་ལྕི་སྒྲེག་ཅིང་གསུས་པ་སྐྲངས། ། བད་ཀན་ལས་གྱུར་བའི་དྲི་མ་འགགས་པར། ལྟོ་བ་ལྕི་ཞིང་ན་ཟུག་གཏོང་བ། འགག་སྒྲེག་རྒྱག་པ། གསུས་པ་སྐྲངས་པ་སྟེ་སྦོས་པ་བཅས་འབྱུང་ངོ། ། སྲིན་གྱུར་ཨ་ལོང་ཁ་ཟ་ལྡང་དུབ་བྱེད། །

  སྲིན་ལས་གྱུར་བ་ནི་གཞང་ཨ་ལོང་ཁ་ལ་ཟ་འཕྲུག་ལྡང་ཞིང་གཞང་ཁ་ནས་ཤ་སྤུ་འདྲ་བའི་སྲིན་བུ་ཕྲ་མོ་དོན་པ། ན་ཟུག་ལྡང་དུབ་ཅན་འབྱུང་ལ་དགོང་མོ་ན་ཟུག་ཆེ་རུ་འགྲོ་བའི་མངོན་ཚུལ་ཡོད།

  ཐུར་སེལ་གྱི་རླུང་གྱེན་དུ་ལོག་པས་ཕོ་བ་འཁྲོག་ཅིང་སྒང་བ་ལྟར་སྦོ་ལ་བཤང་བ་དང་ཕྱེན་ཕྱིར་མི་ཐོན་པ་བཅས་ཀྱི་རྟགས་ཡོད།།

གཞོགས་འདེགས་བརྟག་དཔྱད།

  ནད་འདི་ལ་གཞོགས་འདེགས་བརྟག་དཔྱད་ལས་རྒྱུ་ཤེལ་བརྟག་ནས་ཅུང་ངོས་འཛིནཔ་སླ་བ་དང་དེས་རྒྱུ་ལོང་གི་ནད་གཞན་ཡོད་མེད་ཀྱི་འཁྲུལ་སོ་ཡང་སེལ་ཐུབ།

འཁྲུལ་སོ་བསལ་བ།

  རླུང་ལས་གྱུར་པར་རྒྱུ་མ་དང་ལོང་གི་ནང་དུ་རླུང་ཕར་ཚུར་དུ་རྒྱུ་བས་སྦོ་འཁྲོག་བྱེད་ཅིང་བཤང་བ་སྐམ་ནས་ཤྭ་བའི་རིལ་མ་འདྲ་བར་གྱུར་བ་ཕྱིར་མི་ཐོན་པ། རྒྱུ་ཞབས་ལ་ན་ཟུག་ལྡང་དུབ་ཅན་འབྱུང་བ། བད་ཀན་ལྟོ་ལྕི་སྒྲེག་ཅིང་གསུས་པ་སྐྲངས། །

  བད་གྱུར་ལྟོ་བ་ལྕི་ཞིང་ན་ཟུག་གཏོང་བ། འགག་སྒྲེག་རྒྱག་པ། གསུས་པ་སྐྲངས་པ་སྟེ་སྦོས་པ་བཅས་འབྱུང་།།

  སྲིན་ལས་གྱུར་བ་ནི་གཞང་ཨ་ལོང་ཁ་ལ་ཟ་འཕྲུག་ལྡང་ཞིང་གཞང་ཁ་ནས་ཤ་སྤུ་འདྲ་བའི་སྲིན་བུ་ཕྲ་མོ་དོན་པ། ན་ཟུག་ལྡང་དུབ་ཅན་འབྱུང་ལ་དགོང་མོ་ན་ཟུག་ཆེ་རུ་འགྲོ་བར་མངོན།

  ཐུར་སེལ་རླུང་གྱེན་དུ་ལོག་པས་ཕོ་བ་འཁྲོག་ཅིང་སྒང་བ་ལྟར་སྦོ་ལ་བཤང་བ་དང་འཕྱེན་ཕྱིར་མི་ཐོན་པ་བཅས་ཀྱིས་རེ་རེ་ངོས་ཟིན་ཡང་གཞན་ལོང་ནད་རིགས་དང་ཕོ་འབྲས་སོགས་ནད་གཞི་རྐྱེན་ཀྱིས་ཀྱང་དྲི་མ་འགག་ངེས་པས་སྐབས་ཐོབ་ནད་གཞི་ཡོད་མེད་ལས་འཁྲུལ་སོ་བསལ་ཐུབ།

གོང་ངོས། སྲིན་གླང་།
X