//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཐོར་བུའི་ནད་ཀྱི་སྐོར། > ནང་དོན།

སྲིན་གླང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 11:43:55 ཀློག་གྲངས། 24 

   སྲིན་གླང་ནི་དཀར་མངར་གྱི་རིགས་ཟོས་པ་དང་ལུས་ཁམས་འཁྱགས་པའམ་ཚ་གྲང་འཐབ་པ། རྔུལ་གྲང་བྱུང་བ་སོགས་ཀྱིས་ཕོ་ལོང་སོགས་སུ་རྒྱུ་སྲིན་ནར་མོའམ་རླུང་སྲིན་ཐུར་མ་འདྲ་བ་དེ་ཁྲོས་ཏེ་གློ་བུར་དུ་ཁོག་པའི་ནང་བཟོད་གླགས་མེད་པའི་ན་ཟུག་དྲགས་པོ་ལངས་བའི་ནད་ཅིག་རེད།

རྒྱུ་རྐྱེན།

  ཟས་སྐོམ་མི་གཏཱང་བ་དང་མི་འཕྲོད་པ། སུངས་པའི་ཤ་དང་ཤ་དམར་རྗེན་པ། ཆུ་གྲངམོ་བཏུང་བ་སོགས་མི་འཚམ་པའི་རིགས་བསྟེན་པས་སྲིན་བུ་སྐྱེ་འཕེལ་བྱུང་བ་དང་། དཀར་མངར་གྱི་རིགས་ཟོས་པ་དང་། ལུས་ཁམས་འཁྱགས་པའམ་ཚ་གྲང་འཐབ་པ། རྔུལ་གྲང་བྱུང་བ། དུས་ཡུན་རིང་བོ་ཆུར་ཞུགས་པ་སོགས་ཀྱིས་རྒྱུ་སྲིན་ནར་མོའམ་རླུང་སྲིན་ཐུར་མ་འདྲ་བ་དེ་ཁྲོས་པ་ལས་བྱུང་བ། ཁྱད་པར་དུ་རླུང་སྲིན་ཐུར་མ་འདྲ་བ་དེར་ཕོག་ཐུག་བྱུང་ན་ཧ་ཅང་དྲགས་པོ་བཟོད་དཀའ་བ་སློང་བར་བྱེད་པས་འདིར་སྲིན་གླང་གིའང་རྒྱུ་གཙོ་བོ་བྱེད་ཀྱིན་ཡོད།

ནད་རྟགས།

  དཀར་མངར་གྱི་ཟས་ཟོས་བ་དང་ལུས་ཁམས་འཁྱགས་པའི་རྗེས་སུ་ན་ཞིང་དྲུ་བར་འདྲིལ་བ། ཡང་ན་ཚ་ལ་ཕིག་འོང་བ་ལྟ་བུར་ན་བ།

   ལྡང་དུབ་ཆེ་ཞིང་ན་ཟུག་ལངས་དུས་བཟོད་སྲན་མི་ཐུབ་པ།

  གདོང་མདངས་ཉམས་པ་དང་ངོ་ལ་སྐྱ་ཐིག་འབྱུང་བ།

  མཚན་མོར་སོ་བརྡར་བ།

  དུས་རྒྱུན་སྲིན་འབུ་སྐྱུག་པའམ་ཡང་ན་བཤང་བ་དང་མཉམ་དུ་སྲིན་འབུ་འབྱུང་བའི་ནད་རྟགས་ཡོད།

གཞོགས་འདེགས་བརྟག་དཔྱད།

  ནད་འདི་ལ་ཐོག་མར་རྒྱུ་ཤེལ་བརྟག་དཔྱད་དང་ཕོ་ཤེལ་བརྟག་དཔྱད་ཀྱིས་བརྟག་དགོས་པ་དང་། དེ་མིན་ཁྲག་པྲ་དང་བཤང་བ་བཅས་ལ་ཕྲ་མཐོང་མེ་ལོང་གིས་ཞིབ་བཤེར་བྱས་ནས་བཤང་བའི་ནང་འབུ་སྲིན་ཡོད་མེད་ལ་ཞིབ་ཏུ་བརྟག་དགོས། བྱང་ཁོག་གི་མཚམས་སུ་Xགློག་འོད་གྱིས་པར་བརྒྱབ་ཏེ་རྒྱུ་སྲིན་ཡོད་མེད་ལ་བརྟག་དགོས།

འཁྲུལ་སོ་བསལ་བ།

   ཟས་སྐོམ་དཀར་མངར་སོགས་ཟོས་རྗེས་གློ་བུར་དུ་ལྟེ་བའི་ཟུར་གཡས་གཡོན་གང་རུང་ངམ་རྐེད་རྒྱུད་ནས་འགོ་བཟུང་སྟེ་ནད་ལངས་པར་ཕོ་བའི་ངོས་སུ་འདྲིལ་ཞིང་འབིགས་སྙམ་བྱེད་པ་དང་། ལྡང་དུབ་ཆེ་དུས་གླང་གི་རྭ་རྩེས་སྣུམ་པ་ལྟར་བཟོད་གླགས་མེད་པའི་ན་ཟུག་དྲག་པོ་གཏོང་བ་དང་། འཁུན་སྒྲ་ཤོར་བ། ལུས་རྔུལ་བ། འཁྲུའམ་སྐྱུགས་སྙམ་བྱེད་པ། ཚབས་ཆེ་སྐབས་ན་ཟུག་གིས་མི་བཟོད་པར་དྲན་མེད་དུ་བརྒྱལ་འགྲོ་བའི་ནད་རྟགས་ལས་གཉན་ནད་སྣོད་བབས་དང་འཁྲུལ་སོ་ཆེ་མོད། སྲིན་གླང་གཙོ་བོ་ཕོ་ལོང་གཉིས་ཀྱི་སར་གཟེར་བ་ཤས་ཆེ་ཞིང་ལྡང་དུབ་ཆེ་བ་ཡིན་ལ། གཉན་ནད་སྣོད་བབས་དེ་གནས་ལྟེ་བའི་འོག་ཏུ་གཟེར་ལ་རུས་ཚིགས་ཐམས་ཅད་རེངས་པར་འགྱུར་བ། བ་སྤུ་གྱེན་དུ་ལྡོག་པ། དྲི་ཆུ་བསྡམས་ཤིང་ལྷག་པར་དུ་ལོང་ལ་བབས་ན་ཁྲག་དང་འདྲེས་ནས་འཁྲུ་བས་མི་འཁྲུལ།

གོང་ངོས། གྲང་གླང་།
X